གཤེར་འཐེན་འཕྲུལ་ཆས་དབྱིབས་ཀྱི་སྐར་ཚོམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཤེར་འཐེན་འཕྲུལ་ཆས་དབྱིབས་ཀྱི་སྐར་ཚོམ།
གཤེར་འཐེན་འཕྲུལ་ཆས་དབྱིབས་ཀྱི་སྐར་ཚོམ་ནི་ལྷོ་ཕྱོགས་ཀྱི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན། ཧྥ་རན་སིའི་གནམ་དཔྱད་རིག་པ་བ་ལ་ཁ་དབྱི་ཡིས་དབྱིན་ཇིའི་དངོས་ལུགས་རིག་པ་བ་ལུའོ་པོ་ཐེ•པོ་དབྱི་ཨེར(1627—1691)གྱིས་གཤེར་འཐེན་འཕྲུལ་ཆས་གསར་གཏོད་བྱས་པ་ལ་རྗེས་དྲན་བྱེད་ཆེད་མིང་བཏགས་པའི་སྐར་ཚོམ་ཞིག་ཡོད་པ་དེ་ནི་གཤེར་འཐེན་འཕྲུལ་ཆས་དབྱིབས་ཀྱི་སྐར་ཚོམ་དེ་ཡིན། སྐར་ཚོམ་འདི་ནི་སྦྲུལ་རིང་སྐར་ཚོམ་གྱི་ལྷོ་ཕྱོགས་དང་། རླུང་གཡོར་སྐར་ཚོམ་གྱི་བྱང་ཕྱོགས། མི་མིན་རྟ་མིན་སྐར་ཚོམ་དང་ཕྱོགས་སྟོན་འཁོར་ལོའི་སྐར་ཚོམ་གྱི་བར་ན་ཧ་ཅང་བརྩི་མཐོང་བྱེད་རིན་མེད་པའི་སྐར་ཚོམ་ཆུང་ཆུང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
唧筒座
ལ་ཏིང་གི་སྐད།
Antlia
མཚོན་བྱེད་དངོས་པོ།
རླུང་འཐེན་འཕྲུལ་ཆས།
གཞུང་ཚད།
9h27m~11h05m
འཕྲེད་ཚད།
-24.5°~-40.4°
རྒྱ་ཁྱོན།
ཏུའུ་གྲུ་བཞི་མ239
ལྟ་ཞིབ་ལེགས་ཤོས་ཀྱི་དུས།
ཟླ3-4པ།
1 ​ངོ་སྤྲོད།

གཤེར་འཐེན་འཕྲུལ་ཆས་དབྱིབས་ཀྱི་སྐར་ཚོམ་ནི་ལྷོ་ཕྱོགས་ཀྱི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན།     ཧྥ་རན་སིའི་གནམ་དཔྱད་རིག་པ་བ་ལ་ཁ་དབྱི་ཡིས་དབྱིན་ཇིའི་དངོས་ལུགས་རིག་པ་བ་ལུའོ་པོ་ཐེ་པོ་དབྱི་ཨེར(1627—1691)གྱིས་གཤེར་འཐེན་འཕྲུལ་ཆས་གསར་གཏོད་བྱས་པ་ལ་རྗེས་དྲན་བྱེད་ཆེད་མིང་བཏགས་པའི་སྐར་ཚོམ་ཞིག་ཡོད་པ་དེ་ནི་གཤེར་འཐེན་འཕྲུལ་ཆས་དབྱིབས་ཀྱི་སྐར་ཚོམ་དེ་ཡིན།     སྐར་ཚོམ་འདི་ནི་སྦྲུལ་རིང་སྐར་ཚོམ་གྱི་ལྷོ་ཕྱོགས་དང་།    རླུང་གཡོར་སྐར་ཚོམ་གྱི་བྱང་ཕྱོགས།     མི་མིན་རྟ་མིན་སྐར་ཚོམ་དང་ཕྱོགས་སྟོན་འཁོར་ལོའི་སྐར་ཚོམ་གྱི་བར་ན་ཧ་ཅང་བརྩི་མཐོང་བྱེད་རིན་མེད་པའི་སྐར་ཚོམ་ཆུང་ཆུང་ཞིག་ཡིན།

ལ་ཁ་དབྱི་ནི་འཛམ་གླིང་ཐོག་ནམ་མཁའ་ལྷོ་མའི(ནམ་མཁའི་ཕྱེད་ལྷོ་མ)སྐར་མའི་རེའུ་མིག་དང་སྐར་རིས་འབྲི་མཁན་དང་པོ་ཡིན།    སྤྱི་ལོ1750ལོ་ནས་སྤྱི་ལོ1754ལོའི་བར་ཁོ་རང་ཨ་ཧྥེ་རི་ཁ་ལྷོ་མའི་ཧའོ་ཝང་ཅའོ་ས་ཆ་རུ་གོ་རིམ་ཡོད་པའི་སྒོ་ནས་ནམ་མཁའི་ཕྱེད་ལྷོ་མའི་བརྟན་སྐར་ལ་ལྟ་ཞིབ་བྱས་པ་དང་།      སྤྱི་ལོ1763ལོར་བརྟན་སྐར་སྟོང་གཉིས་འདུ་བའི་ཞིབ་ཅིང་དག་པའི་གནས་ཡུལ་གྱི་སྐར་མའི་རེའུ་མིག་དང་སྐར་རིས་གསལ་བོར་བྲིས་ཡོད་པའི་དཔེ་ཆ་པར་དུ་བསྐྲུན།     སྐབས་ཐོག་དེར་སྔར་ཡོད་པའི་སྐར་ཚོམ་གསལ་བོ་དག་གི་བར་སྟོང་ཆ་མི་ཉུང་བ་ཞིག་ཡོད་པ་དང་།    བར་སྟོང་དེར་སྐར་མ་འོད་ཆེན་མེད་པ་དང་སྐར་མ་འོད་ཆུང་དེ་དག་གི་དབྱིབས་དང་རྣམ་པ་ཡང་མི་གསལ་བས།   སྐར་མ་འོད་ཆུང་དེ་དག་སྐར་ཚོམ་རིགས་གང་གི་ཁོངས་སུའང་སྒྲིལ་མེད།    ལ་ཁ་དབྱི་ཡིས་འཕྲོ་ལུས་སུ་ཡོད་པའི་སྐར་མ་འོད་ཆུང་གིས་བཀྲ་བའི་ཆ་དེ་སྐར་ཚོམ་ཆུང་བ་རུ་བརྩིས་པ་དང་།     དེ་དག་གི་མིང་ལ་སྐབས་ཐོག་དེར་གསར་གཏོད་བྱས་པའི་ཚན་རིག་གི་དཔྱད་ཆས་སམ་ཡང་ན་ལག་ཆའི་མིང་གཡར་ནས་བཏགས་པ་ཡིན།      གཤེར་འཐེན་འཕྲུལ་ཆས་དབྱིབས་ཀྱི་སྐར་ཚོམ་དེའང་དེའི་ནང་གསེས་གཅིག་ཡིན།     སྐར་ཚོམ་འདིའི་སྐར་མ་ཡོངས་ལ་འོད་ཆུང་བས་གཤེར་འཐེན་འཕྲུལ་ཆས་ཀྱི་དབྱིབས་དང་འདྲ་བ་ཞིག་མི་མཐོང་བ་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-28

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།