གཡང་དཀར་སྐར་ཚོམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཡང་དཀར་སྐར་ཚོམ།
གཡང་དཀར་སྐར་ཚོམ་ནི་ཉི་མའི་འཁོར་ལམ་གྱི་སྐར་ཁྱིམ་བཅུ་གཉིས་གྲས་ཀྱི་གཅིག་ཡིན་ཞིང་། སྐར་ཚོམ་འདི་ཉ་ཟུང་སྐར་ཚོམ་དང་གླང་སྐར་ཚོམ་གྱི་བར་ན་གནས། སྐར་ཚོམ་འདིའི་རྒྱ་ཁྱོན་ལ་ཏུའུ་གྲུ་བཞི་མ441.39ཡོད་ལ། ནམ་མཁའ་ཡོངས་ཀྱི་རྒྱ་ཁྱོན་ལས1.07%ཟིན། ནམ་མཁའ་ཡོངས་ཀྱི་སྐར་ཚོམ་བརྒྱད་ཅུ་གྱ་བརྒྱད་ཁྲོད་སྐར་ཚོམ་འདིའི་རྒྱ་ཁྱོན་ཨང་རིམ་སུམ་ཅུ་སོ་དགུ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白羊座
ལ་ཏིང་གི་སྐད།
Aries
མཚོན་བྱེད་དངོས་པོ།
གཡང་དཀར།
གཞུང་ཚད།
3h
འཕྲེད་ཚད།
+20°
རྒྱ་ཁྱོན།
ཏུའུ་གྲུ་བཞི་མ441.39
ལྟ་ཞིབ་ལེགས་ཤོས་ཀྱི་དུས།
ཟླ12པ།
སྐར་ཚོམ་གྱི་མཚོན་རྟགས།
ལུག་ཕོའི་རྭ་སྟེ“♈”
1 ངོ་སྤྲོད།

གཡང་དཀར་སྐར་ཚོམ་ནི་ཉི་མའི་འཁོར་ལམ་གྱི་སྐར་ཁྱིམ་བཅུ་གཉིས་གྲས་ཀྱི་གཅིག་ཡིན་ཞིང་།  སྐར་ཚོམ་འདི་ཉ་ཟུང་སྐར་ཚོམ་དང་གླང་སྐར་ཚོམ་གྱི་བར་ན་གནས། སྐར་ཚོམ་འདིའི་རྒྱ་ཁྱོན་ལ་ཏུའུ་གྲུ་བཞི་མ441.39ཡོད་ལ།   ནམ་མཁའ་ཡོངས་ཀྱི་རྒྱ་ཁྱོན་ལས1.07%ཟིན།  ནམ་མཁའ་ཡོངས་ཀྱི་སྐར་ཚོམ་བརྒྱད་ཅུ་གྱ་བརྒྱད་ཁྲོད་སྐར་ཚོམ་འདིའི་རྒྱ་ཁྱོན་ཨང་རིམ་སུམ་ཅུ་སོ་དགུ་པ་ཡིན།

2 ངག་རྒྱུན།

གནའ་སྔ་མོར་རྒྱང་ཐག་རིང་བའི་རྒྱལ་ཁམས་ཤིག་ནས།      རྒྱལ་པོ་དང་རྒྱལ་མོ་གཉིས་གཤིས་ཀ་མ་མཐུན་པའི་རྐྱེན་གྱིས་གཉེན་འཐོར་བྱས།      རྒྱལ་པོས་ཡང་བསྐྱར་བཙུན་མོ་ཞིག་བླངས་པ་ཡིན་ཡང་།    འོན་ཀྱང་བཙུན་མོ་འདི་ལ་རང་སྐྱེས་ཀྱི་གཞན་ལ་ཕྲག་དོག་བྱེད་པར་མཁས་པ་ཞིག་འཛོམས་པས།       མོས་རྒྱལ་པོས་བཙུན་མོ་སྔོན་མའི་བུ་དང་བུ་མོ་གཉིས་ཀར་ཤ་ཚ་འདང་ཆེ་བ་དེ་བཟོད་བསྲན་བྱེད་མ་ཐུབ།      དེའི་སྟབས་མོའི་སེམས་སུ་ལྐོག་ཇུས་ངན་པ་ཞིག་རིམ་གྱིས་འཆར།

དཔྱིད་ཀ་སླེབས་བྱུང་།      མི་ཚང་མ་ས་བོན་འདེབས་པ་དང་ཞིང་རྨོ་བའི་དུས་ལ་བྲེལ་འདུག      སྐབས་དེར་བཙུན་མོ་གསར་པས་བརྔོས་ཟིན་པའི་གྲོ་རྒྱལ་ཡོངས་ཀྱི་ཞིང་བ་རྣམས་ལ་གནང་།       ཞིང་བ་རྣམས་ཀྱིས་གནས་ཚུལ་དེ་མ་ཤེས་པའི་འོག་བརྔོས་ཟིན་པའི་གྲོ་དེ་ཞིང་ས་རུ་བཏབ།      ཞིང་བཏབ་རྗེས་ཞིང་བ་རྣམས་ཀྱིས་ཆུ་གཏོང་བ་དང་ལུད་རྒྱག་པ་སོགས་ཐབས་ཅི་བཀོལ་ཀྱང་མྱུ་གུ་འབུས་པ་མ་མཐོང་།      གནས་ཚུལ་དེར་ཞིང་བ་རྣམས་ཀྱིས་བསམ་བློ་གང་མང་བཏང་རུང་གོ་བ་མ་ལོན།      སྐབས་དེར།      བཙུན་མོ་གསར་པས་ས་བོན་སྐོར་གྱི་དཀྲོག་གཏམ་དེ་སྒྲོག་སྤེལ་བྱས།     དཀྲོག་གཏམ་དེ་ནི་ས་བོན་ལ་མྱུ་གུ་མི་འབུས་པའི་རྐྱེན་ནི་རྒྱལ་ཁབ་འདི་ལ་ངན་སྔགས་བཏང་བ་ཡིན་པ་དང་།      ངན་སྔགས་གཏོང་དོན་ནི་རྒྱལ་ཁབ་འདིའི་རྒྱལ་སྲས་དང་སྲས་མོ་གཉིས་ཀའི་ལོག་སེམས་ཀྱིས་ནམ་མཁའི་ལྷ་ཁྲོ་རུ་བཅུག་པས།     ལྷས་རྒྱལ་ཁབ་འདི་ལ་ཆད་པ་བཅད་པ་ཡིན་པ་སོགས་གཏམ་སྣ་ཚོགས་ཀྱིས་རྒྱལ་སྲས་དང་སྲས་མོ་གཉིས་ཀ་མི་ངན་པ་ཡིན་ཚུལ་བཤད་ཡོད།     

དཀྲོག་གཏམ་དེ་རང་གཤིས་གཞུང་དྲང་ཡིན་པའི་ཞིང་བ་རྣམས་ཀྱིས་གོ་ནས་དོན་དེ་ཚབས་ཆེན་ཡིན་པར་འདོད།      རྒྱུ་རྐྱེན་ནི་རྒྱལ་སྲས་དང་སྲས་མོ་གཉིས་ཀྱི་ལོག་སེམས་ཀྱིས་རྒྱལ་ཁབ་ཡོངས་ཀྱི་མི་རྣམས་འཁྱག་ལྟོགས་བཀྲེས་སྐོམ་ཀྱིས་མནར།    ཅང་མ་འགྱངས་པར།       རྒྱལ་ཁབ་འདིའི་ཆུང་བྱིས་པ་ནས་མི་དར་མ།     དེ་ནས་རྒན་པ་བཅས་ཕོ་མོ་ལ་དབྱེ་བ་མེད་པར་ཚང་མས་རྒྱལ་པོ་ལ་རྒྱལ་སྲས་དང་སྲས་མོ་གཉིས་ཀ་ངེས་པར་དུ་གསོད་དགོས་པའི་རེ་བ་ཞུས།      རྒྱལ་སྲས་དང་སྲས་མོ་གཉིས་ཀ་བསད་ན་ད་གཟོད་རྒྱལ་ཁབ་འདི་ངན་སྔགས་ལས་ཐར་ཐུབ་པ་དང་།     ཞིང་བ་རྣམས་ཀྱི་རྔུལ་ཆུ་ལའང་འབྲས་བུ་ཐོབ་ཐུབ་པ།      རྒྱལ་ཁབ་ཡང་སྔོན་ཆད་དང་འདྲ་བར་སྟོབས་མངའ་ཐང་རྒྱས་པ་ཞིག་ཏུ་འགྱུར་ཐུབ་པ་སོགས་བཤད།      རྒྱལ་པོས་བྱ་བ་འདི་སྒྲུབ་པར་སེམས་ཀྱིས་མི་བཟོད་ཀྱང་མི་རྣམས་ཞོད་འཇགས་སུ་གཏོང་ཆེད་མི་རྣམས་ཀྱི་ཡར་ཞུ་ཐབས་ཟད་འུ་ཐུག་ངང་དང་ལེན་བྱས།      རྒྱལ་པོས་མི་རྣམས་ཀྱི་ཡིད་ཆེས་ཐོབ་ཕྱིར་རྒྱལ་སྲས་དང་སྲས་མོ་གཉིས་ཀ་སྲོག་ཁྲིམས་གཅོད་རྩིས་བྱས།     གནས་ཚུལ་འདི་རྒྱལ་སྲས་དང་སྲས་མོ་གཉིས་ཀའི་ཨ་མ་ངོ་མའི་ཐོས་པ་བྱུང་ནས་བཟུང་།      ཧ་ཅང་འཚབ་པ་དང་ཧ་ཅང་སྐྲག་སྣང་བྱུང་།    མོས་མྱུར་བ་མྱུར་དུ་རླབས་ཆེ་བའི་ལྷའི་རྒྱལ་པོ་ཀྲོའུ་སི་ལ་རོགས་བྱེད་དགོས་པའི་སྐྱབས་འཇུག་བྱས།     ཀྲོའུ་སིས་དཀྲོག་གཏམ་འདི་བཙུན་མོ་གསར་པས་རྫུན་བཟོ་བྱས་པ་རྟོགས་པས་རོགས་བྱེད་པའི་ཁས་བླངས།     ཁྲིམས་ཐག་གཅོད་པའི་ཉིན་དེར།     ནམ་མཁའ་ནས་གློ་བུར་དུ་སྤུ་རིང་པོ་མདོག་སེར་པོ་ཅན་གྱི་ལུག་ཕོ་ཅིག་བྱུང་ནས་རྒྱལ་སྲས་དང་སྲས་མོ་གཉིས་ཀའི་སྲོག་སྐྱོབ།      རྒྱ་མཚོའི་ཕར་ལ་འཕུར་བའི་ལམ་དུ་རྒྱལ་སྲས་ཀྱིས་སེམས་ཆུང་མ་བྱས་པའི་སྟབས་ཀྱིས་སྲས་མོ་རྒྱ་མཚོའི་ནང་ལྷུང་ནས་ཤི་སོང་བ་ཡིན།     

རྗེས་སུ་ཀྲོའུ་སི་ཡིས་དཔའ་སྤོབས་ཆེ་བ་དང་ཡང་ཅུང་རྣལ་མིན་ཡིན་པའི་རྒྱལ་སྲས་ལ་གཟེངས་བསྟོད་བྱ་ཆེད་རྒྱལ་སྲས་དེ་ཉིད་ནམ་མཁར་བཞག་ནས་སྐར་ཚོམ་རུ་བསྒྱུར།      སྐར་ཚོམ་འདི་ནི་ད་ལྟ་ཚང་མ་ལ་གསལ་ཆ་ལྡན་པའི་གཡང་དཀར་སྐར་ཚོམ་ཡིན།     འདི་ལས་གཞན་ད་དུང་ངག་རྒྱུན་མང་པོ་ཡོད་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-27

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།