འབོལ་སྨན་བདུན་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འབོལ་སྨན་བདུན་པ།
འདི་ནི་བོད་ཀྱི་གསོ་རིག་ལས་ཆུ་ནད་གསོ་བའི་སྨན་ཞིག་ཡིན་ཏེ།གུར་ཀུམ། པྲི་ཡང་ཀུ གསེར་གྱི་མེ་ཏོག བོང་ང་དཀར་པོ་སོགས་ཀྱིས་གྲུབ་པ་དང་། ཚ་ཆུ་གྲང་ཆུ་སོགས་ཆུ་རིགས་མ་ལུས་སེལ་བར་ཕན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
七味消肿丸
ཚད་གཞི།
རིལ་བུ།
1 སྨན་སྦྱོར།

གུར་ཀུམ། པྲི་ཡང་ཀུ ཨུཏྤལ་ལོ་མ། མེ་ཏོག་འབྲས་བུ་གང་རིགས། གསེར་གྱི་མེ་ཏོག བོང་ང་དཀར་པོ། བ་ཤ་ཀ་སོགས་སྨན་སྣ་དྲུག་ལས་གྲུབ་པ་ཡིན།

2 ཕན་ནུས།

ཕྱེ་མ་འབོལ་སྨན་བདུན་པའི་སྟེང་དུ་ནི། །ཆུ་མདོག་ལྗང་དང་སེར་དང་བར་ཆུ་ཡི། །ཁ་ཚར་མན་ངག་ལྡན་པ་ཆུ་སྐོལ་གྱིས། །འཕུལ་ལམ་ཡང་ན་གོང་བཤད་ཐང་གིས་དབུལ། །ཚ་ཆུའི་ནད་རྟགས་ཆེ་ན་ཨ་ཅང་ཆེ། །ཚ་ཤས་ཆེ་ཙམ་ལ་ཡང་ཡུན་རིང་བསྟེན། །དེ་ཡིས་ཆུའི་བོངས་ཆེ་ཕོ་བ་བདེ། །ཚ་བའི་ཆུ་དེ་ལྡན་ནམ་གྲང་ཆུར་བསྒྱུར། །མ་འགྱུར་སྲིད་ཀྱང་ཚ་ཆུའི་རླབས་འདི་གཅོག །ལྡན་ནམ་གྲང་ཆུ་ལའང་ཞག་འགའི་བར། །མེ་དྲོག་གསོ་བྱེད་རྗེས་དང་སྨན་གཞན་གྱི། །ཐོག་མར་སྨན་འདི་གཏོང་བ་མྱོང་བའི་གནད། །

3 བསྟེན་ཚུལ།

ཉིན་རེར་ཐེངས1དང་།    ཐེངས་རེར་རིལ་བུ1རེ་བསྟེན།

4 ངོ་བོ།

རང་བཞིན་ཅུང་བསིལ་ལ་བཟི་མེད།

5 འཛེམ་བྱ།

མེ་དྲོད་ཞན་པས་ཅུང་འཛེམ།

6 རྣམ་པ།

རིལ་བུ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-26

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།