བོད་ཡིག་ངོས་འཛིན་སློབ་དེབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་ཡིག་ངོས་འཛིན་སློབ་དེབ།
སློབ་དེབ་འདིར་ཚེག་བརྡར་དང་། སློབ་གཞི། བརྡ་སྤྲོད་བཅས་ཁག་གསུམ་བཀོད་ཡོད། ཚེག་བརྡར་གྱི་སྐོར་ལ་སློབ་ཚན་ཁྱོན་བསྡོམས་ཉེར་གསུམ་ཡོད་ཅིང་། བོད་ཡིག་གི་སྒྲིག་གཞིའི་ཁྱད་ཆོས་གཞིར་བཟུང་ཐོག་སྒྲ་རིག་པའི་རིགས་པ་དང་ཟུང་འབྲེལ་བྱས་ཏེ་ཀ་ཁ་ནས་མགོ་བཙུགས་ཏེ་རིམ་བཞིན་དབྱངས་ཡིག་དང་། མགོ་ཅན། འདོགས་ཅན། བརྩེགས་འདོགས་ཅན། རྗེས་འཇུག ཡང་འཇུག སྔོན་འཇུག་བཅས་ཚེག་བསྟར་བྱས་ཡོད། སློབ་ཚན་ཚང་མར་ཚིག་འབྲུ་དང་། ཡིག་འབྲུའི་གོ་དོན་མཚོན་བྱེད་རི་མོ། ཚིག་ཚོགས། གཤར་སྦྱང་བཅས་བཀོད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
藏文识字课本
སྒྲིག་པ་པོ།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
དཔེ་སྐྲུན་ཁང་།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2003ལོའི་ཟླ10བ།
1 ནང་དོན་གཙོ་བོ།

སློབ་དེབ་འདིར་ཚེག་བརྡར་དང་། སློབ་གཞི།  བརྡ་སྤྲོད་བཅས་ཁག་གསུམ་བཀོད་ཡོད། ཚེག་བརྡར་གྱི་སྐོར་ལ་སློབ་ཚན་ཁྱོན་བསྡོམས་ཉེར་གསུམ་ཡོད་ཅིང་། བོད་ཡིག་གི་སྒྲིག་གཞིའི་ཁྱད་ཆོས་གཞིར་བཟུང་ཐོག་སྒྲ་རིག་པའི་རིགས་པ་དང་ཟུང་འབྲེལ་བྱས་ཏེ་ཀ་ཁ་ནས་མགོ་བཙུགས་ཏེ་རིམ་བཞིན་དབྱངས་ཡིག་དང་། མགོ་ཅན། འདོགས་ཅན། བརྩེགས་འདོགས་ཅན། རྗེས་འཇུག  ཡང་འཇུག  སྔོན་འཇུག་བཅས་ཚེག་བསྟར་བྱས་ཡོད། སློབ་ཚན་ཚང་མར་ཚིག་འབྲུ་དང་། ཡིག་འབྲུའི་གོ་དོན་མཚོན་བྱེད་རི་མོ། ཚིག་ཚོགས། གཤར་སྦྱང་བཅས་བཀོད་ཡོད། སློབ་སྦྱོང་བྱེད་བདེ་བ་དང་བློ་ལ་སྐྱོར་བདེ་བ་ཡོང་ཆེད་སྲོལ་རྒྱུན་གྱི་ཚེག་བསྟར་ཁྲིད་ཐབས་ལེགས་བཅོས་ཕྲན་ཙམ་བྱས་ཡོད། སློབ་གཞིའི་སྐོར་ལ་ཁྱོན་བསྡོམས་སློབ་ཚན་བདུན་ཅུ་བཀོད་པ་ཡོད་ཅིང་། དེའི་ནང་དུ་འཚོ་བ་དང་། ཐོན་སྐྱེད། ཆབ་སྲིད། ཚན་རིག་ལ་སོགས་པའི་ཐད་ཀྱི་རྒྱུན་སྤྱོད་ཚིག་འབྲུ་དང་། རྩོམ་ཡིག་ཐུང་ཐུང་དང་། རྒྱུན་མཁོའི་ཡིག་རིགས། ལེགས་བཤད། ཞིང་འབྲོག་ཤེས་བྱའི་སྐོར་གྱི་གཏམ་དཔེ། འཚོ་བ་གསར་བར་བསྟོད་བསྔགས་བྱེད་པའི་ཡུལ་གླུ་བཅས་འདུས་ཡོད།

སློབ་དེབ་འདི་ཡིག་རྨོངས་སེལ་བའི་སློབ་དེབ་བྱེད་ཆོག་ལ། རང་སྦྱོང་སློབ་དེབ་ཀྱང་བྱེད་ཆོག  དེ་བཞིན་དར་མ་རྣམས་ཀྱིས་སློབ་སྦྱོང་བྱེད་པར་བཀོལ་ཆོག་ལ་བྱིས་པ་རྣམས་ཀྱིས་སློབ་སྦྱོང་བྱེད་པར་ཡང་བཀོལ་ཆོག་པས། རྒན་གཞོན་ཚང་མས་སློབ་སྦྱོང་བྱེད་པར་འཕྲོད་པའི་སློབ་དེབ་ལེགས་པོ་ཞིག་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-27

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།