ཨ་མྱེས་ཡུལ་ལྷ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་མྱེས་ཡུལ་ལྷའི་གཟུངས་འཇུག་འབུལ་མཁན་ནི་ཧོར་ཀྱཱའི་སྐུ་ཕྱོགས་ཨ་ཀྱཱ་ཚང་ཡིན་པར་གསུངས་པ་དང་། ཨ་མྱེས་ཡུལ་ལྷ་ལ་སྐུ་རབས་བཅོ་བརྒྱད་ཡོད་པར་བཤད།
1 འབྲེལ་ཡོད་ངག་རྒྱུན།
1_1 ངག་རྒྱུན་ཁག་དང་པོ།

ཁྲི་ཀའི་ཡུལ་ལྷའི་ཨ་ཞང་ནི་ཨ་མྱེས་རི་ལང་ཡིན་པ་དང་ཁོའི་བུ་མོ་ཡུལ་ལྷའི་བཙུན་མོ་ཡིན་པར་བཤད་པ་དང་དེ་ལ་རྒྱུ་མཚན་ཡོད་པ་སྟེ།  དབྱར་ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་ཁྲི་ཀའི་ལྷ་འཁུར་བར་འབྲེལ་བ་དམ་པོ་ཞིག་ཡོད།  དེང་སང་ཡུལ་ལྷའི་ལྷ་ཁང་དུ་ཨ་མྱེས་རི་ལང་གི་འབག་སྐུ་བཞེངས་ཡོད་པ་ལ་ལོ་རྒྱུས་མང་པོ་ཡོད་རུང་ད་སྔ་གསལ་བོ་ཞིག་མ་མཐོང་།

ཁྲི་ཀའི་ཁྲེ་ཙེ་གསུམ་ནི་ས་འཛིན་གྱི་སྔ་བ་དང་སོ་སྔོན་གྱི་རི་མ།  རྟ་བདག་གི་ཕུར་བ་འདི་གསུམ་ཁྲི་ཀའི་སྔ་བའི་ས་འཛིན་མཁན་ཡིན།  ལྷ་འབབ་པའི་སྐབས་སུ་ཨ་ཞང་ཐོན་དགོས་པ་དང་དེ་མིན་ཨ་མྱེས་སྲིན་པོ་དང་བྲག་དཀར་སོགས་གཞི་བདག་ཐམས་ཅད་ཐོན་ན་བདག་ཡོང་ཟེར་བའང་ཡོད།  རྒྱའི་བཤད་ལུགས་ལྟར་ན་སྐབས་འདིར་ལོ་རྒྱུས་མང་པོ་ཡོད་ཀྱང་ཁུངས་དག་ཞིག་མ་རྙེད།  མཚོ་ཆུ་བླངས་ནས་ཆར་བ་ཕབ་པའི་ཆོ་ག་སོགས་ཀྱང་མ་བཀོད།

མཆན།  ཁྲི་ཀའི་འཕྲང་དམར་གྱི་ཆོས་ཚའི་རྣམ་རྒྱལ་ནས་གསུངས་པ་ཞིག་ཡིན།

1_2 ངག་རྒྱུན་ཁག་གཉིས་པ།  

ཁྲི་ཀའི་ཨ་མྱེས་ཡུལ་ལྷ་ཐོག་དང་པོ་བཞེངས་དུས་ནི་དགའ་ལྡན་གསེར་ཁྲི་ཁྲི་རབས་ཞེ་དྲུག་པ་ཁྲི་རྒྱ་ནག་པ་གོང་མའི་དབུ་བླ་ཡིན་དུས་བློན་པོ་ཞིག་གིས་ཕྲ་མ་བཅུག་པའི་ཉེན་ཁ་ལས་ཐར་བར་བྱེད་པ་ནི་ཨ་མྱེས་ཡུལ་ལྷ་ཡིན་ཟེར་ཚོད་ཡོད་ལ།  བློན་ངན་ཞིག་གིས་བླ་མའི་སྨྱུག་སྒྲོམ་ནང་ན་སྨྱུག་གཞོག་ཞིག་ཡོད་པ་ནི།  སྐྱོན་འགེལ་བྱས་ནས་མཚོན་ཆ་བཟུང་ཡོད་པས་རྒྱལ་པོ་ལ་གནོད་འཚེ་བྱེད་རྒྱུ་རེད་ཅེས་ཟེར་ཞིང་།   དེ་ནས་གོང་མས་དབུ་བླ་ལ་ཁྱེད་ཀྱི་སྨྱུག་སྒྲོམ་མར་བདུན་ཅོག་སྟེང་འཕོ་བར་བྱ་དགོས་ཞེས་གསུངས་པས་སྨྱུག་གྲི་སོགས་མར་འཕོ་བར་བྱས།  སྐབས་དེར་ཁོང་གིས་ཡུལ་ལྷ་ཞེས་སྒོམ་པས་སྨྱུག་གྲི་མ་ཐོན།  དེ་ནས་ཁོང་ཕྱིར་ལོག་ཁར་རྒྱ་མི་ཆུང་ཆུང་ཞིག་གིས་སྨྱུག་གྲི་ཁོང་གི་ཕྱག་ཏུ་བཞག་རྗེས་རྗེས་སུ་མཉམ་འཇོག་བྱེད་དགོས་ཞེས་གསུངས་ནས་མི་སྣང་བར་གྱུར།  ཨ་མྱེས་ཡུལ་ལྷ་མ་གཏོགས་གོང་མའི་ཕོ་བྲང་དུ་ཕེབས་ཐུབ་མཁན་མེད་པ་ཡིན།

ཨ་མྱེས་ཡུལ་ལྷའི་ཕ་ཡུལ་ངོ་མ་ནི་ཟི་ཁྲོན་ཡིན་ཟེར་བ་ཡོད།  སྔོན་ཆད་ང་ཚོའི་ས་ཆ་འདི་ཆུས་བཀངས་ཡོད་པས་ཆུ་ཐམས་ཅད་རྒྱ་མཚོར་གཤགས་པས་སེམས་ཅན་ཐམས་ཅད་ལ་དྲིན་ཆེན་པོ་ཡོད་སྟབས་གཞི་བདག་ལ་བཀོད་པ་ཡིན་ཟེར་བའང་ཡོད།  ཆུ་གཤགས་ནས་རྐ་ནི་རྒྱ་མཚོ་ལ་འདྲེས་པར་བྱས་སོང་།  སྐབས་དེར་ཡུལ་ལྷའི་བསང་ཚིག་བཞི་མ་དགའ་ལྡན་གསེར་ཁྲི་ཚང་གིས་བརྩམས།  དུས་འགྱུར་ཚུན་ནས་སྐུ་ཕྱོགས་ཨ་ཀྱཱ་ཚང་སླེབས་ནས་རབ་གནས་སོགས་མཛད།  སྔོན་ཆད་དགའ་ལྡན་གསེར་ཁྲིའི་རིང་ལའང་ཨ་ཀྱཱ་ཚང་གིས་རོགས་རམ་བྱས་ཡོད་ཅེས་གསུང་ཚུལ་ཡང་འདུག   ཁོང་གི་བཅིབ་དྲེའུ་དཀར་པོ་དང་ན་བཟའ་རྒྱ་ལྭའི་ཆས་སུ་ཡོད་ཅིང་བཞུགས་ཚུལ་ལ་ཞི་བ་ཡིན་དུས་ཕྱག་ཏུ་ནོར་བུ་དང་དྲག་པོའི་ཚུལ་ལས་ཕྱག་ལ་རལ་གྲི།  བཞེངས་ཚུལ་འདི་དག་ཡོན་བདག་གི་ཐུགས་བཀོད་ལྟར་བཞེངས་པ་ཡིན་པར་བསམས། མདོ་སྨད་ཀྱི་ཡུལ་དུ་བན་བོན་སྔགས་གསུམ་གྱིས་ཕལ་ཆེར་བཀུར་བ་རེད།

མཆན།  ཁྲི་ཀ་སྟོང་ཆེ་མེར་གན་དགེ་འདུན་ནས་གསུངས་པ་ཞིག་ཡིན།

གོང་གི་ངག་རྒྱུན་འདི་གཉིས་ལས་གཞན་ད་དུང་མང་པོ་ཞིག་ཡོད།

2 བསང་ཡིག་གི་སྐོར།
2_1 བསང་ཡིག་ཁག་དང་པོ།

ཡུལ་ལྷའི་གཉེར་གཏད་བཞུགས་སོ། །

ཀྱཻ།  བཀྲ་ཤིས་གཡང་ཆགས་ཁྲི་ཀ་ཡིས། །རྒྱལ་ཁམས་བསྲུང་བའི་མཐུ་བོ་ཆེ། །ཡུལ་ལྷའི་བཀའ་འཁོར་ཀུན་གྱིས་གཙོ། །སྡིག་ཅན་ཤན་པ་རྭ་མགོ་ཅན། །ཁྱོད་ལ་མཐུན་པའི་དམ་རྫས་འབུལ། །དགྱེས་ཤིང་ཐུགས་དམ་བསྐང་གྱུར་ནས། །གཉེར་དུ་གཏད་པའི་ལས་འདི་རྣམས། །མ་ཐོགས་རང་བའི་ཚུལ་གྱིས་བསྒྲུབ། །བསྟེན་ཅིང་མཆོད་པར་བྱེད་པ་ཡིས། །སྔགས་འཆང་ཡོན་མཆོད་རྣམས་འབྱོར་བདག་ཅག་གིས། །ཁྱིམ་སྒོ་ལམ་བསྲུང་མི་ནོར་ཕྱུག །ལོ་ཏོག་འབྲུ་དང་བཅས་པ་རྣམས། །ལས་མཁན་ཤན་པ་ཁྱོད་ལ་གཏད། །སྡོང་བའི་དགྲ་ལ་ལྟས་ངན་མཐོང་། །གནོད་བྱེད་བགེགས་དང་བར་ཆད་བསྲུང་། །རྟ་ནོར་ཕྱུགས་ཀྱིས་མཚོ་སྐྱོང་མཛོད། །ལོ་ཏོག་འབྲུ་ཡི་སེར་བ་བཟློག །སྡང་བའི་དགྲ་དང་གནོད་པའི་བགེགས། །ཁ་མཆུ་གཏམ་ངན་གཏུག་ཞུར་དང་། །མི་ཁ་བྲ་མཆུ་སྡང་བ་སོགས། །ད་ལྟ་ཉིད་དུ་ཞི་བ་དང་། །བཟློག་པའི་འཕྲིན་ལས་ཁྱོད་ཀྱིས་བསྒྲུབ། །མ་གཡེལ་མ་གཡེལ་ལྷ་ཆེན་པོ། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །

2_2 བསང་ཡིག་ཁག་གཉིས་པ།

ཁྲི་ཀའི་ཡུལ་ལྷའི་བསང་མཆོད།

ཀྱཻ།  ཁྲི་ཀའི་ཤ་འབན་ལྷ་བཙན་དྲེལ་དཀར་ཞོན། །རྒྱལ་རྗེ་གཞོན་ནུའི་ཚུལ་འཛིན་བེར་ལྗང་གོས། །གསེར་འབྲུག་གློག་འཕྲིན་འཁྱིལ་བའི་ན་བཟའ་གསོལ། །བུན་འཆང་ཡུལ་ལྷ་གཉན་པོ་འཁོར་བཅས་རྣམས། །འདིར་སྦྱོན་མཐུན་པའི་བསང་མཆོད་འདི་བཞེས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། །

གོང་གི་བསང་ཡིག་འདི་གཉིས་ལས་གཞན་ད་དུང་བསང་ཡིག་མང་པོ་ཞིག་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-12-25

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།