ཨ་གར་བཅོ་ལྔ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་གར་བཅོ་ལྔ།
འདི་ནི་བོད་ཀྱི་གསོ་རིག་ལས་ཁྲག་རླུང་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། ཨ་ག་རུ། ཛཱ་ཏི། སྙིང་ཞོ་ཤ། ཅུ་གང་། སྤོས་དཀར། རུ་རྟ། ཙནྡན་དམར་པོ་སོགས་སྨན་བཅོ་ལྔས་གྲུབ་པ་དང་། འགྲམས་འཁྲུགས་སྨྱོ་ལྐུགས་དང་ཁྲག་རླུང་སྟོད་འཚང་སོགས་ལ་ཕན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
十五味沉香丸
ཕྱི་ཡིག་གི་མིང་།
Akar15
1 སྨན་སྦྱོར།

ཨ་ག་རུ། ཛཱ་ཏི། སྙིང་ཞོ་ཤ། ཅུ་གང་། སྤོས་དཀར། རུ་རྟ། ཙནྡན་དམར་པོ། ནཱ་ག་གེ་སར། ཨ་རུ། བ་རུ། སྐྱུ་རུ། མ་ནུ། ཀཎྜ་ཀ་རི། སླེ་ཏྲེས། སྒ་སྐྱ་སོགས་སྨན་སྣ་བཅོ་ལྔ་ལས་གྲུབ་པ་ཡིན།

2 ཕན་ནུས།

འགྲམས་འཁྲུགས་སྨྱོ་ལྐུགས་ནུ་མཆིན་གཟེར་བ་སོགས། །ཁྲག་རླུང་སྟོད་འཚངས་ནད་ལ་ཐེངས་ཆོག་ཡིན། །

3 བསྟེན་ཚུལ།

ཉིན་རེར་ཐེངས1དང་།   ཐེངས་རེར་རིལ་བུ1རེ་བསྟེན།

4 ངོ་བོ།  

རང་བཞིན་ཅུང་བསིལ་ལ་བཟི་མེད།

5 འཛེམ་བྱ།

དམིགས་བསལ་གྱི་བཀག་བྱ་མེད།

6 རྣམ་པ།

རིལ་བུ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-26

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།