དྲང་སྲོང་ཨ་གར་བརྒྱད་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲང་སྲོང་ཨ་གར་བརྒྱད་པ།
འདི་ནི་བོད་ཀྱི་གསོ་རིག་ལས་གློ་རླུང་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། ཨ་ག་རུ། སྙིང་ཞོ་ཤ། ཙནྡན་དཀར་པོ། ཙནྡན་དམར་པོ། ཛཱ་ཏི་སོགས་སྨན་སྣ་བརྒྱད་ལས་གྲུབ་པ་དང་། ཁྲག་རླུང་དང་མདུན་རྒྱབ་གཟེར་བ་ལ་ཕན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
常松八味沉香散
རྣམ་པ།
ཕྱེ་མ།
1 སྨན་སྦྱོར།

ཨ་ག་རུ། སྙིང་ཞོ་ཤ། ཙནྡན་དཀར་པོ། ཙནྡན་དམར་པོ། ཛཱ་ཏི། ཅུ་གང་། གུར་ཀུམ། སྲོ་ལོ་དཀར་པོ་བཅས་སྨན་སྣ་བརྒྱད་ལས་གྲུབ་པ་ཡིན།

2 ཕན་ནུས།

དྲང་སྲོང་ཨ་གར་བརྒྱད་སྦྱོར་ནི། །ཀ་ར་སྦྱར་བས་ཁྲག་རླུང་འཐབ། །མདུན་རྒྱབ་གཟེར་དང་གློ་སོགས་སེལ། །དྲང་སྲོང་མུ་ཁྱུད་འཛིན་གྱི་ལུགས། ། དེས་ན་དྲང་སྲོང་ཨར་བརྒྱད་ཟེར། །

3 བསྟེན་ཚུལ།

ཉིན་རེར་ཐེངས1དང་།   ཐེངས་རེར་ཁེམ་བུ1རེ་བསྟེན།

4 ངོ་བོ། 

རང་བཞིན་བསིལ་དྲོད་ལ་བཟི་མེད།

5 འཛེམ་བྱ།

འཛེམ་བྱ་ཆུང་།

6 རྣམ་པ།

ཕྱེ་མ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-26

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།