སྲོག་འཛིན་བཅུ་གཅིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲོག་འཛིན་བཅུ་གཅིག
འདི་ནི་བོད་ཀྱི་གསོ་རིག་ལས་སྙིང་རླུང་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། ཨ་ག་རུ་ནག་པོ། ཛཱ་ཏི། སྙིང་ཞོ་ཤ། ཅུ་གང་། སྤོས་དཀར། རུ་རྟ། ཨ་རུ་ར་སོགས་སྨན་སྣ་བཅུ་གཅིག་ལས་གྲུབ་པ་དང་། སྨྱོ་ལྐུགས་དང་སྙིང་སྲོག ནུ་མཆིན་གཟེར་བ་ལ་ཕན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
十一味维命丸
རྣམ་པ།
རིལ་བུ།
1 སྨན་སྦྱོར།

ཨ་ག་རུ་ནག་པོ། ཛཱ་ཏི། སྙིང་ཞོ་ཤ། ཅུ་གང་། སྤོས་དཀར། རུ་རྟ། ཨ་རུ་ར། ནཱ་ག་གེ་སར། ལི་ཤི། ཤ་ཆེན། ཤིང་ཀུན་སོགས་སྨན་སྣ་བཅུ་གཅིག་ལས་གྲུབ་པ་ཡིན།

2 ཕན་ནུས།

སྲོག་འཛིན་བཅུ་གཅིག་ཅེས་བྱ་ནུ་མཆིན་དང་། །སྙིང་སྲོག་གཟེར་དང་སྨྱོ་ལྐུགས་ནད་ལ་བསྔགས། །

3 བསྟེན་ཚུལ།

ཉིན་རེར་ཐེངས་གཅིག  ཐེངས་རེར་རིལ་བུ་གཅིག་རེ་བསྟེན།

4 ངོ་བོ། 

རང་བཞིན་དྲོ་ལ་བཟི་མེད།

5 འཛེམ་བྱ།

མཁྲིས་ཚད་ལ་གནོད།

6 རྣམ་པ།

རིལ་བུ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-26

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།