ཨ་གར་བརྒྱད་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་གར་བརྒྱད་པ།
འདི་ནི་བོད་ཀྱི་གསོ་རིག་ལས་སྙིང་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། ཨ་ག་རུ་ནག་པོ། ཛཱ་ཏི། སྙིང་ཞོ་ཤ། ཅུ་གང་། སྤོས་དཀར་སོགས་སྨན་སྣ་བརྒྱད་ལས་གྲུབ་པ་དང་། སྙིང་གཟེར་དང་འགྲམ་འཁྲུགས། ནུ་མཆིན་གཟེར་བ་སོགས་ལ་ཕན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
八味沉香丸
ཕྱི་ཡིག་གི་མིང་།
Akar 8
1 སྨན་སྦྱོར།

ཨ་ག་རུ་ནག་པོ། ཛཱ་ཏི། སྙིང་ཞོ་ཤ། ཅུ་གང་། སྤོས་དཀར། རུ་རྟ། ཨ་རུ་ར། ནཱ་ག་གེ་སར་སོགས་སྨན་སྣ་བརྒྱད་ལས་གྲུབ་པ་ཡིན།

2 ཕན་ནུས།

ཨ་གར་བརྒྱད་པས་སྙིང་ལ་མཚོན་ཕོག་དང་། །འགྲམས་འཁྲུགས་སྨྱོ་ལྐུགས་ནུ་མཆིན་གཟེར་བ་འཇོམས། །

3 བསྟེན་ཚུལ།

ཉིན་རེར་ཐེངས1དང་།   ཐེངས་རེར་རིལ་བུ1རེ་བསྟེན།

4 ངོ་བོ།

རང་བཞིན་དྲོ་ལ་བཟི་མེད།

5 འཛེམ་བྱ།

འཛེམ་བྱ་ཆུང་།

6 རྣམ་པ།

རིལ་བུ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-28

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།