ཨ་གར་སོ་ལྔ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་གར་སོ་ལྔ།
འདི་ནི་བོད་ཀྱི་གསོ་རིག་ལས་རླུང་ནད་གསོ་བའི་སྨན་ཞིག་ཡིན་ཏེ། ཨ་ནག ཨར་སྐྱ། ཨ་གར་གོ་སྙོད། ཙནྡན་དཀར་པོ། ཙནྡན་དམར་པོ།ཛཱ་ཏི་སོགས་སྨན་སྣ་སོ་ལྔས་གྲུབ་པ་ཡིན་ཞིང་། བླ་གཉན་ཐོར་ནད་དང་སྟོངས་ཚད་རྐུན་བུའི་ནད། གློ་སྐེམ་ཐེང་བསུན་སོགས་རླུང་ནད་མཐའ་དག་འཇོམས་པར་ཕན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三十五味沉香丸
ཕྱི་ཡིག་གི་མིང་།
Akar35
1 སྨན་སྦྱོར།

ཨ་ནག ཨར་སྐྱ། ཨ་གར་གོ་སྙོད།ཙནྡན་དཀར་པོ། ཙནྡན་དམར་པོ།ཛཱ་ཏི།ཅུ་གང་། གུར་ཀུམ། ལི་ཤི སུག་སྨེལ།ཀ་ཀོ་ལ། ཨ་རུ། བ་རུ། སྐྱུ་རུ། མ་ནུ། ཀཎྜ་ཀ་རི། སླེ་ཏྲེས། ཏིག་ཏ། ཧོང་ལེན། སྒ་སྐྱ། བ་ཤ་ཀ གུ་གུལ་ནག་པོ། སྤོས་དཀར། གླ་རྩི། ཀོ་བྱི་ལ།འབྲོང་སྙིང་། སྨན་ཆེན། ཚེར་སྔོན། སྙིང་ཞོ་ཤ ནཱ་ག་གེ་སར། རུ་རྟ། ཨ་བྱག་གཟེར་འཇོམས། སེར་པོ་གཟེར་འཇོམས་འདྲ་བ། སེ་འབྲུ། སྲོ་ལོ་དཀར་པོ་སོགས་སྨན་སྣ་སོ་ལྔ་ལས་གྲུབ་པ་ཡིན།

2 ཕན་ནུས།

ཚད་ལྡན་སྦྱར་བའི་ཨ་གར་སོ་ལྔ་འདིས། །གཉན་ཚད་རླུང་གསུམ་འཐབ་དང་རི་ཐང་མཚམས། །གློ་སྐམ་ཐེས་བསུན་གྲུམ་བུ་བར་རྟ་དང་། །སྙིང་ཚད་རླུང་ལྡན་རྣམས་ལ་བསྔགས་པ་ཡིན། །སྨན་བཏང་ལོག་པའི་ཉེས་པ་འདིར་མི་འབྱུང་། །དེ་ཕྱིར་སྟོད་འཚངས་ངོས་མ་ཟིན་པ་ལ། །ཉེས་མེད་ཡིན་ཡང་ཕན་པ་མྱོང་གྲུབ་ཡིན། །

3 བསྟེན་ཚུལ།

ཉིན་རེར་ཐེངས1དང་།ཐེངས་རེར་རིལ་བུ1རེ་ཆུ་བསྐོལ་ལམ་ཤ་ཁུ་གང་རུང་གིས་ཕུལ།

4 ངོ་བོ།

རང་བཞིན་ཅུང་བསིལ་ལ་བཟི་ཅུང་ཙམ་ཡོད།

5 འཛེམ་བྱ།

དམན་ལྷག་ལོག་པའི་ཉེས་པ་མི་འབྱུང་ཡང་འབམ་ལ་བསྟེན་མི་རུང་།

6 རྣམ་པ།

རིལ་བུ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-26

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།