ཚན་རིག་ཤེར་རྟོགས་རིག་པའི་དར་རྒྱས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚན་རིག་ཤེར་རྟོགས་རིག་པའི་དར་རྒྱས།
གཞུང་འདི་ནི་འཇར་མན་གྱི་གཏན་ཚིགས་རྣམ་བདེན་སྨྲ་བ་པོ་རད་ཆི་པཱ་ཁེའི་ཚན་རིག་ཤེར་རྟོགས་རིག་པར་ཞིབ་འཇུག་བྱས་པའི་གསུང་རྩོམ་གྲགས་ཅན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
«科学哲学的兴起»
ཕྱི་ཡིག་གི་མིང་།
“Rise of scientific philosophy”
1 རྩོམ་པ་པོ་ངོ་སྤྲོད།

རད་ཆི་པཱ་ཁེ(སྤྱི་ལོ1891—1953ལོ)ནི་འཇར་མན་གྱི་མིང་དུ་གྲགས་པའི་མཚན་ཉིད་རིག་པ་བ་ཞིག་ཡིན་པ་དང་། ཁོང་ལོ་ན་ཆུང་དུས་ནས་སི་ཅ་ཐུ་ཀོང་སློབ་གླིང་དང་པོ་ལིན་སློབ་ཆེན། མོ་ཉི་ཧིའེ་སློབ་ཆེན། གི་ཏིན་གིན་སློབ་ཆེན་བཅས་སུ་བཟོ་སྐྲུན་རིག་པ་དང་གྲངས་རིག་དངོས་ཁམས་རིག་པ། མཚན་ཉིད་རིག་པ་སོགས་ལ་སློབ་སྦྱོང་བྱས་ཤིང་། ཨའེ་ཨར་ལན་སློབ་ཆེན་དུ་མཚན་ཉིད་རིག་པའི་འབུམ་རམས་པའི་བསླབས་གནས་བླངས་། ཁོང་གི་གསུངས་རྩོམ་གཙོ་བོ་ལ།«ལྟོས་བཅས་སྨྲ་བ་དང་ལྷན་སྐྱེས་ཀྱི་ཤེས་བྱ»ཞེས་པ་དང་།«ཉམས་མྱོང་དང་འོལ་ཚོད»«ཚན་རིག་ཤེར་རྟོགས་རིག་པའི་དར་འཕེལ»ཞེས་པ་སོགས་ཡོད་དོ། །

2 རྩོམ་དེབ་ངོ་སྤྲོད།

«ཚན་རིག་ཤེར་རྟོགས་རིག་པའི་དར་རྒྱས།» གཞུང་འདི་ནི་འཇར་མན་གྱི་གཏན་ཚིགས་རྣམ་བདེན་སྨྲ་བ་པོ་རད་ཆི་པཱ་ཁེས་སྤྱི་ལོ1957ལོར་བརྩམས་པ་དང་། འདི་ནི་ཚན་རིག་ཤེར་རྟོགས་རིག་པར་ཞིབ་འཇུག་བྱས་པའི་གསུང་རྩོམ་གྲགས་ཅན་ཞིག་ཡིན་པ་དང་། ཁོང་གིས་ཚན་རིག་ཤེར་རྟོགས་རིག་པའི་ཁྲོད་ཀྱི་གནད་དོན་ནི་ཚན་རིག་གི་འོས་འཚམ་རང་བཞིན་ལ་གསལ་བཤད་བྱ་རྒྱུ་དང་། དམིགས་ཡུལ་ནི་ཚན་རིག་ཁྲོད་ཀྱི་ངོས་འཛིན་རྣམ་བཤད་ལ་རྨང་གཞི་འདིང་རྒྱུ་དེ་གཙོ་བོར་བརྗོད་ཀྱི་ཡོད།

3 གཞུང་གྲུབ་ཚུལ།

གཞུང་འདི་ནི་ལེའུ་གཉིས་སུ་བགོས་ཡོད་ལ། ལེའུ་དང་པོའི་ནང་ལེ་ཚན་དྲུག་ཡོད་པ་དང་། ལེའུ་གཉིས་པའི་ནང་ལེ་ཚན་བཅི་བརྒྱད་དུ་ཕྱེས་ཏེ་བརྗོད་དོན་གཏན་ལ་ཕབ་ཡོད་པ་ཞིག་ཡིན་ཞིང་། གཏན་ཚིགས་རྣམ་བདེན་སྨྲ་བའི་ལྟ་ཚུལ་ནས་བརྩམས་ཏེ་ཚན་རིག་གི་ཤེར་རྟོགས་པའི་གནད་དོན་གཙོ་བོ་ནི་ཚན་རིག་གི་ལུགས་མཐུན་རང་བཞིན་གསལ་བཤད་དང་། དམིགས་ཡུལ་ནི་རང་བྱུང་ཚན་རིག་གི་ཤེས་རྟོགས་ཀྱི་རྨང་གཞི་འདིང་རྒྱུ་དེ་རེད་ལ། རད་ཆི་པཱ་ཁེས་ཚན་རིག་གི་གཞུང་ལུགས་དང་ཚན་རིག་གི་བྱ་ཐབས་ལ་གཏན་ཚིགས་ཀྱི་བསྐྱར་འབྲེལ་བྱེད་པར་འབད་པ་བྱས་པ་ལས་ཚན་རིག་འཕེལ་རྒྱས་ཁྲོད་ཀྱི་ལོ་རྒྱུས་དང་སྤྱི་ཚོགས་སེམས་ཁམས་ཀྱི་རྒྱུ་རྐྱེན་ལ་གཏན་ནས་བསམ་གཞིགས་བྱས་ཡོད་པ་མ་རེད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-25

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།