མིའི་རིགས་ཀྱི་ཤེས་རྟོགས་ཞིབ་འཇུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མིའི་རིགས་ཀྱི་ཤེས་རྟོགས་ཞིབ་འཇུག
གསུང་རྩོམ་འདི་ནི་དུས་རབས་བཅོ་བརྒྱད་པའི་ནང་དབྱིན་ཇིའི་སོམ་ཉི་སྨྲ་བའི་ཤེར་རྟོགས་རིག་པ་བ་ཧུ་མོའི་ཤེར་རྟོགས་རིག་པའི་གསུང་རྩོམ་གཙོ་བོའི་གྲས་ཤིག་ཡིན་པ་དང་། དེ་ཡང་མི་གཤིས་རྣམ་བཤད་ཀྱི་གནད་བསྡུས་ཏེ་བརྩམས་པ་ཡིན་མོད་སྙན་གྲགས་ཀྱི་ཐད་ནས་མི་གཤིས་རྣམ་བཤད་ལས་ཆེ་བར་གྲགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
«人类理智研究»
ཕྱི་ཡིག་གི་མིང་།
“An Ehgviry cohcerning Haman understanding”
1 རྩོམ་པ་པོ་ངོ་སྤྲོད།

QQ截图20160120152149.png

ཧུ་མོ(སྤྱི་ལོ1711—1776ལོ)ནི་དབྱིན་ཇིའི་མ་རྩ་རིང་ལུགས་ཀྱི་བསམ་བློ་བ་དང་སེམས་གཙོ་རིང་ལུགས་ཀྱི་ཤེར་རྟོགས་རིག་པ་བ་ཞིག་ཡིན་པ་དང་། ལོ་རྒྱུས་རིག་པ་བ་དང་དཔལ་འབྱོར་རིག་པ་བ། ཐེ་ཚོམ་སྨྲ་བའི་སྲོལ་འབྱེད་པ་པོ་བཅས་ཡིན། ཁོང་གི་གསུངས་རྩོམ་གཙོ་བོ་ལ།«མི་གཤིས་ཀྱི་རྣམ་བཤད»ཅེས་པ་དང་།«མིའི་རིགས་ཤེས་རྟོགས་ཀྱི་ནུས་པར་ཞིབ་འཇུག»ཅེས་པ་སོགས་ཡོད་དོ། །

2 རྩོམ་དེབ་ངོ་སྤྲོད།

«མིའི་རིགས་ཀྱི་ཤེས་རྟོགས་ཞིབ་འཇུག»གསུང་རྩོམ་འདི་ནི་དུས་རབས་བཅོ་བརྒྱད་པའི་ནང་དབྱིན་ཇིའི་སོམ་ཉི་སྨྲ་བའི་ཤེར་རྟོགས་རིག་པ་བ་ཧུ་མོས་བརྩམས་པ་ཞིག་ཡིན་ལ། ཤེར་རྟོགས་རིག་པའི་གསུང་རྩོམ་གཙོ་བོའི་གྲས་ཤིག་ཡིན་པ་དང་། དེ་ཡང་མི་གཤིས་རྣམ་བཤད་ཀྱི་གནད་བསྡུས་ཏེ་བརྩམས་པ་ཡིན་མོད་སྙན་གྲགས་ཀྱི་ཐད་ནས་མི་གཤིས་རྣམ་བཤད་ལས་ཆེ་བར་གྲགས།

3 རྩོམ་གྱི་བརྗོད་བྱ།

ཧུ་མོས་གལ་སྲིད་མིས་ངོས་ཟིན་པ་ནི་རང་ཉི་ཀྱི་བག་ཆགས་ཡིན་ན་བྱ་དངོས་དང་འདུ་ཤེས་དངོས་གཟུགས་ཀྱི་དངོས་ཡོད་རང་བཞིན་ལ་ཐག་གཅོད་པའི་དབང་ཆ་མེད་པ་དང་། མིའི་མྱོང་ཚོར་གྱི་ཁྲོད་དུ་དངོས་པོ་གང་ཡང་སྔོག་འདོན་བྱས་མེད་པར་གཞན་དབང་གི་འབྲེལ་བ་དང་རྒྱུ་འབྲས་ཀྱི་གོ་དོན་གྱི་ཚུལ་མཐུན་རང་བཞིན་གསལ་བོར་བྱས་ཡོད་པར་འདོད། རྒྱུ་རྐྱེན་འབྲས་བུ་ནི་འདུ་ཤེས་ཡོད་པའི་སྒྲིག་གཞིའི་སྔ་ཕྱིའི་སྦྲེལ་མཐུད་བྱ་རྒྱུ་ལས་མ་འདས་ཤིང་། གཟུགས་འདས་རིག་པ་དང་། ལྷའི་རིག་པ། རང་བྱུང་ཚན་རིག་གི་ཁྲོད་དུ་སྤྱིར་བཏང་དང་གཞན་དབང་གི་ཤེས་རྟོགས་གང་ཡང་མེད་ལ། འཇིག་རྟེན་བྱེད་པོ་དང་འཇིག་རྟེན་བླ་སྲོག་གི་ཚན་རིག་གང་ཡིན་རུང་གཞུང་ལུགས་ཚན་རིག་དང་འདྲ་བར་རྟོགས་མི་ཐུབ་པ་ཞིག་ཡིན་པ་དང་། ཤེས་བྱ་དངོས་ནི་ངེས་པར་དུ་གསལ་རྟོགས་ཡིན་དགོས་པ་དང་། རྩིས་རིག་ལས་གཞན་གྱིས་དེའི་གཏན་འབེབས་རང་བཞིན་ལ་དཔང་པོ་བྱ་མི་ནུས་པར་འདོད་ཀྱི་ཡོད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-25

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།