གཏན་ཚིགས་ཀྱི་ལྟ་ཚུལ་སྟེང་ནས་བལྟས་ན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཏན་ཚིགས་ཀྱི་ལྟ་ཚུལ་སྟེང་ནས་བལྟས་ན།
«གཏན་ཚིགས་ཀྱི་ལྟ་ཚུལ་སྟེང་ནས་བལྟས་ན»ཞེས་པའི་གཞུང་འདི་ནི་ཨ་མེ་རི་ཁའི་ཤེར་རྟོགས་རིག་པ་བ་དང་གཏན་ཚིགས་རིག་པ་ཁྱེའུ་ཝུན་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
«从逻辑的观点看»
ཕྱི་ཡིག་གི་མིང་།
“From a log rcapoine of view”
1 རྩོམ་པ་པོ་ངོ་སྤྲོད།

QQ截图20160120105609.png

ཁྱེའུ་ཝུན་ནི་ཨ་མེ་རི་ཁའི་ཤེར་རྟོགས་རིག་པ་བ་དང་གཏན་ཚིགས་རིག་པ་བ་ཞིག་ཡིན་པ་དང་། སྤྱི་ལོ་1908ལོར་ཨ་རིའི་ཨུག་ཧི་ཨུག་གླིང་དུ་འཁྲུངས་ཞིང་། ཕ་ནི་ཁེ་ལས་པ་ཞིག་དང་མ་ནི་དགེ་རྒན་ཡིན། ཨོ་པོ་ལིན་སློབ་གླིང་དུ་གྲངས་རིག་ལ་སློབ་སྦྱོང་བྱས། སྤྱི་ལོ1930ལོར་ཧྭ་ཧྥུའུ་སློབ་ཆེན་དུ་ཞིབ་འཇུག་བཏོན་པ་དང་། ལོ་གཉིས་ཀྱི་རྗེས་སུ་འབུམ་རམ་པའི་བསླབས་གནས་བླངས། ཁོང་ནི་དུས་རབས་ཉི་ཤུ་བར་བྱུང་བའི་མཚན་ཉིད་རིག་པ་བ་མཆོག་ཏུ་གྱུར་བ་ཞིག་ཡིན།

2 ངོ་སྤྲོད་བསྡུས་པ།

« གཏན་ཚིགས་ཀྱི་ལྟ་ཚུལ་སྟེང་ནས་བལྟས་ན»ཞེས་པའི་གཞུང་ནི་ཨ་མེ་རི་ཁའི་ཤེར་རྟོགས་རིག་པ་བ་དང་གཏན་ཚིགས་རིག་པ་ཁྱེའུ་ཝུན་གྱིས་སྤྱི་ལོ1953ལོར་བརྩམས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཤིག་ཡིན་ལ། དེབ་འདིའི་ནང་བསྡུས་པའི་དཔྱད་རྩོམ་གྱི་ནང་དོན་རྒྱ་ཆེ་བ་དང་། གཟུགས་ཉིད་སྨྲ་བ། ཤེས་རྟོགས་ཀྱི་རྣམ་བཤད། བརྡ་བྱེད་ཤེར་རྟོགས་རིག་པ། གཏན་ཚིགས་ལ་སོགས་དང་འབྲེལ་ནས་ཡོད་པ་ཞིག་ཡིན།

3 ནང་གསེས་བརྗོད་དོན།

དེབ་འདིའི་ནང་གི«གཞི་གྲུབ་དངོས་པོ་གང་ཡིན་གྱི་རྣམ་བཤད»དང«ཉམས་མྱོང་སྨྲ་བའི་ལུང་འཛིན་སྨྲ་བ་གཉིས»ཞེས་པ་ནི་ནུབ་ཕྱོགས་ཤེར་རྟོགས་རིག་པའི་གླིང་ཀུན་གྱིས་ཁས་ལེན་པའི་དཔྱད་རྩོམ་གྲགས་ཆེན་གཉིས་རེད། དཔྱད་རྩོམ་དང་པོའི་ནང་གཟུགས་ཉིད་སྨྲ་བའི་གནད་དོན་གྱི་སྐོར་གླེང་སློང་དང་ལྟོས་བཅས་སྨྲ་བ། ཁ་དན་གྱི་གནད་དོན་རྨང་གཞིར་བཟུང་སྟེ་གཟུགས་ཉིད་སྨྲ་བའི་གླེང་སློང་དང་། གཟུགས་ཉིད་སྨྲ་བ་ཞིག་ཡིན་ན་ཕྱི་དོན་བདེན་གྲུབ་དང་འཚམ་མིན་ཉིད་འདོར་ལེན་གྱི་ཚད་གཞིར་བྱས་མི་ཆོག་པར་གང་འདྲ་བྱས་ཏེ་སྟབས་བདེ་དང་ཕན་ནུས་ཡོད་པ་རྣམས་འདོར་ལེན་གྱི་ཚད་གཞི་ཡིན་པར་སེམས། དཔྱད་རྩོམ་རྗེས་མའི་ནང་གཏན་ཚིགས་རྣམ་བདེན་སྨྲ་བའི་འདོད་པ་སྟེ་རྣམ་འབྱེད་ཀྱི་བརྗོད་གཞི་དང་ཕྱོགས་བསྡུས་ཀྱི་བརྗོད་གཞི་གཉིས་ཀྱི་ཁྱད་པར་དང་རྣམ་བདེན་གྱི་གཞུང་ལུགས་དང་སོར་ཆུད་སྨྲ་བ་སྟེ་ལུགས་གཉིས་ལ་ཁ་སྤྲོད་ཀྱི་སྒོ་ནས་རྒོལ་ལན་སློག་ཡོད།

4 མཇུག་སྡོམ།

མདོར་ན་དེབ་དེའི་ནང་དྲངས་པའི་དཔྱད་རྩོམ་དགུ་བོ་ནི་དབྱིན་ཇི་དང་ཨ་རིའི་ཤེར་རྟོགས་རིག་པའི་ཁྲོད་དུ་བསྟུད་མར་ལོ་བཅུའི་རིང་ལ་རྩོད་གླེང་བྱས་པ་ཞིག་ཡིན་པས་གཏན་ཚིགས་ཉམས་མྱོང་སྨྲ་བའི་འཕེལ་རྒྱས་ལ་ནུས་པ་ཆེན་པོ་ཐོན་ཡོད་འདུག་གོ །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-25

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།