རྟ་ཟི་དམར་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྟ་ཟི་དམར་པོ།
འདི་ནི་བོད་ཀྱི་གསོ་རིག་ལས་རྒྱས་ཚད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། འཛིན་པའི་རྩ་བ་འབྲི་ཚིལ་མ། སྟག་ཤ ཨ་བྱག་ཚེར་སྔོན། ཚོས། བཙོད་སོགས་སྨན་སྣ་བཅུ་བདུན་ལས་གྲུབ་པ་དང་། བལ་ནད་འབྲུམ་པ་དང་མིག་སེར་བ། ཆམ་རིམས་སྨྱོ་འབོག གློ་རྣག་པ་དང་མགོ་སྲིན་སེལ་བ་སོགས་ལ་ཕན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
达斯玛尔宝
རྣམ་པ།
རིལ་བུ།
1 སྨན་སྦྱོར།

འཛིན་པའི་རྩ་བ་འབྲི་ཚིལ་མ། སྟག་ཤ ཨ་བྱག་ཚེར་སྔོན། ཚོས། བཙོད། ཅུ་གང་། གུར་ཀུམ། གླ་རྩི། གུ་གུལ། རུ་རྟ། གཡའ་ཀྱི་མ། ཨ་རུ་ར། མ་ནུ། སྤང་རྩི་དོ་བོ། ཏིག་ཏ། སེ་བའི་མེ་ཏོག ཐར་ནུ་སོགས་སྨན་སྣ་བཅུ་བདུན་ལས་གྲུབ་པ་ཡིན།

2 ཕན་ནུས།

རིམས་དང་ཚད་པ་ཐམས་ཅད་དང་། །ཁྱད་པར་གློ་ཚད་གཟེར་ཐུང་སོགས། །ཆམས་པ་སྟོབས་ཆེན་མ་ལུས་འཇོམས། །

3 བསྟེན་ཚུལ།

ཉིན་རེར་ཐེངས1དང་།  ཐེངས་རེར་རིལ་བུ1རེ་བསྟེན།

4 ངོ་བོ།

རང་བཞིན་ཅུང་བསིལ་ལ་བཟི་ཆེ།

5 འཛེམ་བྱ།

རྒན་བྱིས་སྦྲུམ་མ་དང་ཟུངས་ཞན་ལ་བབས་དང་བསྟུན།

6 རྣམ་པ།

རིལ་བུ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-24

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།