གཏན་ཚིགས་ཀུན་འདུས་དཔེ་དེབ་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཏན་ཚིགས་ཀུན་འདུས་དཔེ་དེབ་ཆེན་མོ།
གཞུང་འདི་ནི་དུས་རབས་བར་མའི་དབྱིན་ཇིའི་དགོན་སྡེའི་ཤེར་རྟོགས་རིག་པ་བ་ཨོབ་ཁཱ་མུའི་གསུང་རྩོམ་སྐད་གྲགས་ཆེ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
«逻辑大全»
ཕྱི་ཡིག་གི་མིང་།
“Summa Logical”
1 རྩོམ་པ་པོ་ངོ་སྤྲོད།

QQ截图20160120101245.png

ཨོབ་ཁཱ་མོ་ནི་དུས་རབས་བར་མའི་དབྱིན་ཇིའི་དགོན་སྡེའི་ཤེར་རྟོགས་རིག་པ་བ་ཞིག་ཡིན་པ་དང་། ཕལ་ཆེར་སྤྱི་ལོ1285ལོར་ས་ལི་རུ་སྐྱེས། ཁོང་ནི་ཡེ་ཤུའི་ཆོས་ལུགས་ཀྱི་ཆོས་བསྒྲུབ་ཚོགས་པར་ཞུགས་མྱོང་བ་དང་། ཉིག་ཇིན་སློབ་ཆེན་དུ་སློབ་གཉེར་མཛད་ཅིང་། སྤྱི་ལོ1315ནས1319ལོའི་བར་སློབ་གྲྭ་དེ་གར་དགེ་རྒན་གྱི་བྱ་བ་གཉེར། སྤྱི་ལོ1315ལོར་འཇར་མན་གྱི་མོ་ཉི་ཧེ་རུ་སྐུ་གཤེགས། ཁོང་ནི་དུས་རབས་དཀྱིལ་མའི་ཆེས་མཐའ་འཇུག་གི་མཁས་པ་ཚོའི་ཡ་གྱལ་ཞིག་ཡིན།

2 གཞུང་གི་བསྟན་དོན།

«གཏན་ཚིགས་ཀུན་འདུས་དཔེ་དེབ་ཆེན་མོ»ཞེས་པའི་གཞུང་འདི་ནི་དུས་རབས་བར་མའི་དབྱིན་ཇིའི་དགོན་སྡེའི་ཤེར་རྟོགས་རིག་པ་བ་ཨོབ་ཁཱ་མུའི་གསུང་རྩོམ་སྐད་གྲགས་ཆེ་བ་ཞིག་ཡིན་པ་དང་། ཨོབ་ཁཱ་མུའི་ལྟ་ཚུལ་ལྟར་ན། འཇིག་རྟེན་ནི་རྡུལ་ཕྲན་ཆ་མེད་ཀྱི་བྱ་དངོས་ཀྱིས་གྲུབ་པ་དང་། མ་ལུས་ཀུན་འདུས་ཀྱི་བྱ་དངོས་ནི་མི་གནས་པར་འདོད་ལ། དེར་བརྟེན་གཏན་ཚིགས་ནི་གཟུགས་འདས་རིག་པའི་རང་བྱུང་ཤེར་རྟོགས་རིག་པ་ལས་རང་རྐྱ་ཐུབ་པའི་ཡོ་བྱད་ཅིག་དང་། ཚན་རིག་དང་བྱ་དངོས་ཀྱི་འབྲེལ་བ་ཡང་བྱ་དངོས་ནི་བྱེ་བྲག་ཅིག་ཡིན་མོད། ཐ་སྙད་ཀྱི་ཁྲོད་དུ་སྤྱི་མཚན་ཡོད་པར་འདོད་ཀྱི་ཡོད་ལ། གཏན་ཚིགས་ཀྱིས་སྤྱི་མཐུན་ལ་ཞིབ་འཇུག་དང་མིང་དང་དོན་སྤྱིར་དཔྱད་ཞིབ་བྱེད་དགོས་འཁུམས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-25

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།