བསམ་བློའི་བརྗེད་བྱང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསམ་བློའི་བརྗེད་བྱང་།
«བསམ་བློའི་བརྗེད་བྱང»ཞེས་པའི་གཞུང་འདི་ནི་ཧྥ་རན་སིའི་ཚན་རིག་པ་དང་ཤེར་རྟོགས་རིག་པ་བ་ཕ་སི་ཁོར་གྱི་ཤེར་རྟོགས་རིག་པའི་བསམ་བློ་མཚོན་པའི་གཞུང་ལུགས་རྩོམ་འཕྲོ་ཅན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
«思想录»
ཕྱི་ཡིག་གི་མིང་།
“ Les pensees ”
རྒྱ་ཡིག་ཏུ་བསྒྱུར་མཁན།
ལི་སི།
1 རྩོམ་པ་ངོ་སྤྲོད།

QQ截图20160119165539.png

ཕ་སི་ཁོར་ནི་སྤྱི་ལོ1623ལོའི་ཟླ6པའི་ཚེས19ཉིན་ཧྥ་རན་སིའི་ཏུའོ་མུའུ་ཧྲན་ཧྲིན་ཨོ་ཧྥེ་ཉི་ཡུལ་གྱི་ཁོ་ལའེ་མིང་ཧྥེ་ལང་དུ་འཁྲུངས་པ་ཡིན། ཁོང་ནི་རྩིས་རིག་རིག་པ་བ་དང་དངོས་ལུགས་རིག་པ་བ། མཚན་ཉིད་རིག་པ་བ། ལྷུག་རྩོམ་འབྲི་མཁན་ཞིག་ཡིན། སྤྱི་ལོ 1668ལོའི་ཟླ8པའི་ཚེས19ཉིན་སྐུ་གཤེགས།

2 དཔེ་དེབ་ངོ་སྤྲོད།

«བསམ་བློའི་བརྗེད་བྱང»ཞེས་པའི་གཞུང་འདི་ནི་ཧྥ་རན་སིའི་ཚན་རིག་པ་དང་ཤེར་རྟོགས་རིག་པ་བ་ཕ་སི་ཁོར་གྱི་ཤེར་རྟོགས་རིག་པའི་བསམ་བློ་མཚོན་པའི་གཞུང་ལུགས་རྩོམ་འཕྲོ་ཅན་ཞིག་ཡིན་ལ། ཁ་གསལ་ཞིང་གོ་བདེ་བ་དང་ཚིག་ལ་གསོན་ཉམས་ལྡན་པ་ཞིག་ཡོད་པ་མ་ཟད་ཕྱོགས་གཅིག་ནས་རྗེས་དཔག་གི་རིག་པས་ཡོད་ཚད་ལ་དགག་བཞག་དང་། ཕྱོགས་གཞན་ཞིག་ནས་རྗེས་དཔག་གི་ནང་འགལ་དང་དབྱེ་མཚམས་ཀྱང་གསལ་བོར་བསྟན་ཡོད་པ་ཞིག་རེད།

3 གཞུང་གི་བསྟན་དོན།

«བསམ་བློའི་བརྗེད་བྱང»ཞེས་པ་ལས་བསྟན་པའི་ཕ་སི་ཁོར་གྱི་དགོངས་བཞེད་གཙོ་བོ་ནི་མཐའ་གཉིས་ལྟ་ཚུལ་གྱི་འགལ་བ་ནས་མགོ་བརྩམས་ཏེ་མི་གཞིས་ལ་རྟོག་ཞིབ་བྱེད་པ་ལས་གཞན་འཇིག་རྟེན་དང་མི་ཚེ། སྤྱི་ཚོགས། ཤེར་རྟོགས་རིག་པ། དད་མོས་སོགས་ཀྱི་གནད་དོན་ལའང་དཔྱད་ཞིབ་བྱེད་རྒྱུ་དེ་རེད། ཁོང་གིས་གསར་འཛུགས་བྱས་པའི་མངོན་སུམ་གྱི་ཚོར་བ་སྨྲ་བའི་རྩ་དོན་དེས་རོའུ་སུའུ་དང་ཀོ་སེང་ལྟ་བུའི་གཞི་གྲུབ་སྨྲ་བ་ཚོར་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ཞིག་ཡིན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-25

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།