ཕྱི་རོལ་གྱི་ཤེས་བྱ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕྱི་རོལ་གྱི་ཤེས་བྱ།
«ཕྱི་རོལ་གྱི་ཤེས་བྱ»ཞེས་པའི་གཞུང་འདི་ནི(ཨོ་སེ་ཁྲུའི་དབྱིན་ཇིའི་ཤེར་རྟོགས་རིག་པ་བ་ཡང་འབྲི)དེང་རབས་ཚན་རིག་ཤེར་རྟོགས་རིག་པ་བ་ཕོ་བུ་འར་གྱི་གསུང་རྩོམ་ཀུན་ལས་འཐུས་ཚབ་ཀྱི་རང་བཞིན་ལྡན་པའི་དཔེ་དེབ་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
«客观知识»
ཕྱི་ཡིག་གི་མི་ང།
“Objective Knowledge”
རྒྱ་ཡིག་ཏུ་བསྒྱུར་མཁན།
ཧྲུའུ་ཝེ་ཀོང་སོགས།
1 རྩོམ་པ་པོ་ངོ་སྤྲོད།

QQ截图20160119162121.png

ཕོ་བུ་འར(སྤྱི་ལོ1902.7.28 —1994.9.17ཉིན་བར)ནི་ཨོ་སེ་ཁྲུའི་ཚན་རིག་ཤེར་རྟོགས་རིག་པ་བ་དང་སྤྱི་ཚོགས་ཤེར་རྟོགས་རིག་པ་བ། རྩོད་སྤོངས་རྗེས་དཔག་སྨྲ་བའི་སྲོལ་འབྱེད་པ་པོ་ཡིན་ཞིང་། ཁོང་གི་གསུང་རྩོམ་གཙོ་བོ་ལ།«འོལ་ཚོད་དང་བརྒལ་ལན»ཞེས་པ་དང་།«ཕྱི་དོན་ཤེས་བྱ»«སྒོ་དབྱེའི་སྤྱི་ཚོགས་དང་དེའི་འགལ་ཟླ» སོགས་ཡོད་དོ། །

2 དཔེ་དེབ་ངོ་སྤྲོད།

«ཕྱི་རོལ་གྱི་ཤེས་བྱ»ཞེས་པའི་གཞུང་འདི་ནི་དེང་རབས་ཚན་རིག་ཤེར་རྟོགས་རིག་པ་བ་ཕོ་བུ་འར་གྱིས་སྤྱི་ལོ1979ལོར་བརྩམསཤིང་། ཁོང་གི་གསུང་རྩོམ་ཀུན་ལས་འཐུས་ཚབ་ཀྱི་རང་བཞིན་ལྡན་པའི་དཔེ་དེབ་ཅིག་ཡིན།«ཚན་རིག་གི་གཏན་ཚིགས»ཞེས་པའི་དེབ་ཀྱི་ནང་དུ་ཚན་རིག་ཤེར་རྟོགས་རིག་པའི་ཞིབ་འཇུག་བྱ་ཡུལ་གཏན་འཁེལ་གནངས་ཡོད་པ་དང་།«འོལ་ཚོད་དང་དགག་སྒྲུབ»ཅེས་པའི་ནང་ཚན་རིག་གི་གོང་འཕེལ་ནི་འོལ་ཚོད་དང་དགག་སྒྲུབ་བྱས་པ་བརྒྱུད་འཕེལ་རྒྱས་བྱུང་བར་བསྟན་ཡོད།

3 བསྟན་དོན་གཙོ་བོ།

«ཕྱི་རོལ་གྱི་ཤེས་བྱ»ཞེས་པའི་དེབ་ཀྱི་ནང་དུ་ཕོ་བུ་འར་ནས་ཤེས་བྱའི་རྣམ་བཤད་ཆ་ཚང་བ་ཞིག་གླེང་སློང་བྱས་ཡོད་ལ། འཇིག་རྟེན་གྱི་སྣང་ཚུལ་ནི་རྣམ་པ་གསུམ་དུ་བགོས་ཡོད་དེ། དེ་ལས་དང་པོ་ནི་ཕྱི་དོན་རྫས་ཀྱི་འཇིག་རྟེན་དང་། གཉིས་པ་ནི་རང་རིག་ཡིད་ཀྱི་འཇིག་རྟེན། གསུམ་པ་ནི་ཕྱི་ཤེས་བྱའི་འཇིག་རྟེན་ཏེ་དེ་གསུམ་པོ་བདེན་གྲུབ་དང་། ཕྱི་དོན་ཤེས་བྱའི་འཇིག་རྟེན་ཡང་འཇིག་རྟེན་དང་པོ་དང་གཉིས་པ་དང་མཐུན་པར་ཁ་གཏད་ས་དང་གོང་འཕེལ་གྱི་ཕྱོགས་སུ་རང་སྟོབས་ཀྱི་རང་བཞིན་ལྡན་ཞིང་འབྱུང་ཁུངས་ཀྱི་ཐད་ནས་བཤད་ན་མིས་བཟོས་པ་ཞིག་ཡིན་མོད། དེ་དར་བ་ནས་བཟུང་རང་གི་ཚེ་སྲོག་གི་མགོ་བརྩམས་ཡོད་པར་འདོད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-25

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།