ང་ཚོས་ཤེས་རྟོགས་ནུས་པའི་ཕྱི་རོལ་འཇིག་རྟེན་གྱི་ཤེས་བྱ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ང་ཚོས་ཤེས་རྟོགས་ནུས་པའི་ཕྱི་རོལ་འཇིག་རྟེན་གྱི་ཤེས་བྱ།
«ང་ཚོས་ཤེས་རྟོགས་ནུས་པའི་ཕྱི་རོལ་འཇིག་རྟེན་གྱི་ཤེས་བྱ»ཞེས་པའི་གཞུང་འདི་ནི་དབྱིན་ཇིའི་རྣམ་བདེན་གཏན་ཚིགས་སྨྲ་བའི་ཤེར་རྟོགས་རིག་པ་བ་རོའུ་སུའུ་ཡིས་བརྩམས་པའི་རྩོམ་གཞུང་དྲུག་ཅུ་ལྷག་ཡོད་པ་ལས་སྐད་གྲགས་ཆེ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
«我们关于外部世界的知识»
ཕྱི་ཡིག་གི་མིང་།
“Our Knowedge the External world”
1 ​རྩོམ་པ་པོ་ངོ་སྤྲོད།

QQ截图20160120160130.png

རོའུ་སུའུ(སྤྱི་ལོ1872—1970ལོ)ནི་དབྱིན་ཇིའི་སེམས་གཙོ་རིང་ལུགས་ཀྱི་ཤེར་རྟོགས་རིག་པ་བ་དང་ཨང་རྩིས་རིག་པ་བ། གཏན་ཚིགས་རིག་པ་བ། ལོ་རྒྱུས་སྨྲ་བ་པོ་ཞིག་སྟེ། སྤྱི་ལོ19850ལོར་ཁོང་ལ་ནོ་པེར་རྩོམ་རིག་བྱ་དགའ་ཡང་ཐོབ། ཤེར་རྟོགས་རིག་པའི་ལྟ་ཚུལ་སྟེང་དང་ཐོག་རྣམ་བདེན་གསར་མ་སྨྲ་བ་ཡིན། 


2 བརྩམས་ཆོས་ངོ་སྤྲོད།

«ང་ཚོས་ཤེས་རྟོགས་ནུས་པའི་ཕྱི་རོལ་འཇིག་རྟེན་གྱི་ཤེས་བྱ»ཞེས་པའི་གཞུང་འདི་ནི་དབྱིན་ཇིའི་རྣམ་བདེན་གཏན་ཚིགས་སྨྲ་བའི་ཤེར་རྟོགས་རིག་པ་བ་རོའུ་སུའུ་ཡིས་སྤྱི་ལོ1914ལོར་བརྩམས་པའི་རྩོམ་གཞུང་དྲུག་ཅུ་ལྷག་ཡོད་པ་ལས་སྐད་གྲགས་ཆེ་བ་ཞིག་སྟེ། དེབ་ཀྱི་ནང་དུ་གཙོ་བོར་གཏན་ཚིགས་རྡུལ་ཕྲན་སྨྲ་བའི་ཤེར་རྟོགས་རིག་པའི་བསམ་བློ་གླེང་སློང་བྱས་ཡོད་པ་ཞིག་ཡིན། གཞན་ཁོང་གི་གསུངས་རྩོམ་གཙོ་བོ་ལ། «མིའི་རིག་ས་འདྲ་མཉམ་མིན་པའི་འབྱུང་རྩ»ཞེས་པ་དང་། «མི་ཧྲེང་སྤྲོ་འཆམ་པ་ཞིག་གི་མནོ་སེམས»«གནོངས་འགྱོད་ཀྱི་བརྗེད་བྱང»ཞེས་པ་སོགས་ཡོད་དོ། །

3 གཞུང་དོན་བསྡུས་པ།

«ང་ཚོས་ཤེས་རྟོགས་ནུས་པའི་ཕྱི་རོལ་འཇིག་རྟེན་གྱི་ཤེས་བྱ»ཞེས་པ་ལས། རྙོག་དྲ་ཆེ་བའི་རྩིས་རིག་གི་གོ་དོན་དེ་ཆེས་སླ་བའི་རྩིས་རིག་གི་གོ་དོན་གྱིས་གྲུབ་པར་ཆ་འཇོག་བྱས་ཚེ། རྩིས་རིག་གི་གོ་དོན་དེར་གཏན་ཚིགས་ཀྱི་གོ་དོན་སྤྱད་དེ་བསྒྲུབ་ཆོག་ལ། དེར་བརྟེན་རང་མཚན་གྱི་གོ་དོན་སྤྱད་དེ་སྤྱི་མམཚན་གྱི་གོ་དོན་ཆགས་གྲུབ་བྱེད་ཐུབ། གལ་སྲིད་སྤྱི་མཚན་གྱི་གོ་དོན་ཞིག་དང་འབྲེལ་བ་ཡོད་པའི་རང་མཚན་གྲུབ་ཆའི་གོ་དོན་དེ་གཏན་ཚིགས་དང་མཐུན་པའི་བྱ་ཐབས་བརྒྱུད་ནས་འགྲུབ་དགོས་ན། ང་ཚོས་སྤྱི་མཚན་གྱི་དོན་དམ་གཞི་གྲུབ་ཁས་ལེན་བྱ་མི་དགོས་པར་བཤད། དེ་ཡང་གཏན་ཚིགས་ཀྱིས་རྣམ་པར་དབྱེ་བའི་ཨོབ་ཁཱ་མུའི་གཞོག་གྲི་ཞེས་པ་དེ་སྤྱི་མཚན་དེས་འཇོག་པ་ཡིན་ཞིང་འདི་འདྲའི་གཏན་ཚིགས་ཀྱི་རྣམ་འབྱེད་མཇུག་འབྲས་ནི་ང་ཚོས་ངེས་པར་དུ་ཁས་ལེན་བྱ་དགོས་པའི་བདེན་གྲུབ་ཀྱི་དངོས་པོའི་གྲངས་ཇེ་ཉུང་དུ་གཏོང་ཐུབ། རྩོམ་པ་པོས་ཆ་འཇོག་བཞིན། རིགས་འདི་འདྲའི་རྣམ་འབྱེད་ལ་མཐའ་ཡོད་པ་དང་དཔེར་ན་རྡུལ་ཕྲན་གྱི་དོན་དངོས་དང་རྡུལ་ཕྲན་གྱི་ཆོས་ཅན་ལྟ་བུ་སྟེ་རྡུལ་ཕྲན་གྱི་དོན་དངོས་དང་རྡུལ་ཕྲན་གྱི་ཆོས་ཅན་གྱིས་གཞན་དག་ཡོད་ཚད་མཐུན་སྦྱོར་བྱ་ནུས་པའི་དོན་དངོས་དང་ཆོས་ཅན་འགྲུབ་པར་གསུངས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-25

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།