གཞི་གྲུབ་དང་དུས་ཚོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཞི་གྲུབ་དང་དུས་ཚོད།
«གཞི་གྲུབ་དང་དུས་ཚོད»ཅེས་པའི་གཞུང་འདི་ནི་ཨོ་སེ་ཁྲུའི་དེང་རབས་ཚན་རིག་ཤེར་རྟོགས་རིག་པ་བ་ཧད་རྡ་རྒར་གྱི་གསུང་རྩོམ་གྲགས་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
«存在与时间»
ཕྱི་ཡིག་གི་མིང་།
«Sein uhd zeit;being and time »
རྒྱ་ཡིག་ཏུ་བསྒྱུར་མཁན།
ཁྲེན་ཅ་ཡིང་དང་ཝང་ཆིང་ཅེ།
1 ​རྩོམ་པ་པོ།

QQ截图20160119102127.png

ཧད་རྡ་རྒར(སྤྱི་ལོ1889.09.26—1976.05.26) ནི་འཇར་མན་གྱི་ཤེར་རྟོགས་རིག་པ་བ་དང་གཞི་གྲུབ་སྨྲ་བའི་སྲོལ་འབྱེད་པ་པོ་ཞིག་ཡིན་པ་དང་། ཁོང་གི་གསུངས་རྩོམ་གཙོ་བོ་ལ།«གཞི་གྲུབ་དང་དུ་ཚོད»ཅེས་པ་དང་།«གཟུགས་འདས་རིག་པ་ནི་ག་རེ་རེད»«སྣང་ཚུལ་རིག་པའི་རྩ་བའི་གནད་དོན»ཞེས་པ་སོགས་ཡོད་དོ། །

2 གཞུང་ངོ་སྤྲོད།

«གཞི་གྲུབ་དང་དུས་ཚོད»ཅེས་པའི་གཞུང་འདི་ནི་ཨོ་སེ་ཁྲུའི་དེང་རབས་ཚན་རིག་ཤེར་རྟོགས་རིག་པ་བ་ཧད་རྡ་རྒར་གྱིས་སྤྱི་ལོ1927ལོར་བརྩམས་པའི་གསུང་རྩོམ་གྲགས་ཆེན་ཞིག་ཡིན་པ་སྟེ། དེབ་དེའི་ནང་ཧད་རྡ་རྒར་གྱིས་མི་རྣམས་ཀྱིས་རྒྱུན་པར་མཐོང་ཆུང་གི་སྒོ་ནས་རྟོགས་ཞིབ་བྱེད་བཞིན་པའི་གནད་དོན་ཏེ། གཞི་གྲུབ་ཅེས་པའི་ཐ་སྙད་དེས་དོན་དངོས་སུ་ཅི་ཞིག་བསྟན་ཡོད་པ་དང་གོ་དོན་ག་རེ་ཡིན་པ་སོགས་ལ་གསལ་འགྲེལ་བྱས་ཡོད།

3 གཞུང་ཚད།

གཞི་གྲུབ་དང་དུས་ཚོད་ཅེས་པའི་རྩོམ་ཡིག་འབྲི་དུས་ཀྱི་འཆར་གཞིའི་ནང་ལེའུ་གཉིས་སུ་དབྱེ་ཡོད་ལ། ལེའུ་དང་པོའི་ནང་དུ་དུས་ཚོད་ལ་བརྟེན་ཏེ་གཞི་གྲུབ་ལ་གསལ་འགྲེལ་དང་དུས་ཚོད་ཀྱི་གཞི་གྲུབ་གནད་དོན་གྱི་འདས་བརྒལ་ཁྱབ་ཁོངས་ལ་གསལ་བཤད་བྱས་ཡོད་པ་དང་། ལེའུ་གཉིས་པའི་ནང་དུ་དུས་ཚོད་གཞི་བཅོལ་ཏེ་སྣང་ཚུལ་རིག་པའི་དབྱེ་ཞིབ་སྤྱད་ནས་གཞི་གྲུབ་ལ་གསལ་འགྲེལ་བྱེད་འདོད་ཀྱང་གསལ་བོར་འགོད་ཐབས་མེད་པ་རེད་དོ། །

4 བསྟན་དོན།

དེ་སྔ་གཞི་གྲུབ་སྨྲ་བ་ཚོས་གཅིག་བྱས་ན་ཐ་སྙད་འདིར་མཚན་ཉིད་བཞག་མི་རུང་བ་དང་། ཐ་སྙད་སྤྱད་དེ་གསལ་བཤད་བྱས་མི་ཆོག་པར་དགོངས་པ་མ་ཟད་དངོས་གཙོ་དང་སེམས་གཙོ་སྲོལ་རྒྱུན་གྱི་ལྟ་ཚུལ་སྟེང་ནས་འགྲེལ་བཤད་བྱས་མི་ཆོག་པར་གསུངས་ཡོད་ཤས་ཆེ་སྟེ། དེ་ནི་རྗེས་དཔག་མ་ཡིན་པའི་ཁྱབ་ཁོངས་ཤིག་ཡིན་པས་རེད། དེབ་ཧྲིལ་བོར་ཐོག་མའི་དམིགས་ཡུལ་ནི་དུས་ཚོད་ནི་གཞི་གྲུབ་ཀྱི་རིགས་གང་ཡིན་རུང་སྤྱིར་བཏང་ལྟར་ཤེས་རྟོགས་ཐུབ་པའི་ཁྱབ་ཁོངས་སུ་གསལ་འགྲེལ་བྱ་རྒྱུ་དེ་རེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-25

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།