གཏན་ཚིགས་ཤེར་རྟོགས་རིག་པའི་རྣམ་བཤད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཏན་ཚིགས་ཤེར་རྟོགས་རིག་པའི་རྣམ་བཤད།
«གཏན་ཚིགས་ཤེར་རྟོགས་རིག་པའི་རྣམ་བཤད»ཅེས་པ་ནི་ཨོ་སེ་ཁྲུའི་དུས་རབས་ཉི་ཤུ་བའི་བརྡ་བྱེད་ཤེར་རྟོག་རིག་པ་བ་ཝེ་ཐི་ཀིན་སི་ཐེན་གྱིས་བརྩམས་གནང་མཛད་པའི་མཚན་ཉིད་རིག་པའི་གསུངས་རྩོམ་གྲགས་ཅན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
«逻辑哲学论»
ཕྱི་ཡིག་གི་མིང་།
«Ta Ceatus Logico Philosophicus»
བརྩམས་དུས།
སྤྱི་ལོ1921ལོར་བརྩམས།
རྒྱ་ཡིག་ཏུ་བསྒྱུར་མཁན།
ཀྲང་ཧྲིན་ཧྥུ།
1 ​རྩོམ་པ་པོ་ངོ་སྤྲོད།

QQ截图20160118175148.png

ཝེ་ཐི་ཀིན་སི་ཐེན། (Ludwig Wittgenstein smbmy  སྤྱི་ལོ1889-1951ལོ)  ནི་ཨོ་སེ་ཁྲུའི་སེམས་གཙོ་རིང་ལུགས་ཀྱི་ཤེར་རྟོགས་རིག་པ་བ་དང་གཏན་ཚིགས་རིག་པ་བ། རྣམ་འབྱེད་ཤེར་རྟོགས་རིག་པའི་སྲོལ་འབྱེད་པ་པོའི་གྲས་ཤིག་ཡིན་པ་སྟེ། ཁོང་གི་གསུངས་རྩོམ་གཙོ་བོ་ལ།«གཏན་ཚིགས་ཤེར་རྟོགས་རིག་པ»ཞེས་པ་དང་།«ཤེར་རྟོགས་རིག་པའི་ཞིབ་འཇུག»«ཤེར་རྟོགས་རིག་པའི་བརྡ་སྤྲོད»ཅེས་པ་སོགས་ཡོད་དོ། །

2 བརྩམས་ཆོས་ངོ་སྤྲོད།

«གཏན་ཚིགས་ཤེར་རྟོགས་རིག་པའི་རྣམ་བཤད»ནི་སྤྱི་ལོ1921ལོར་བརྩམས་པ་དང་སྤྱི་ལོ1953ལོར«ཤེར་རྟོགས་རིག་པར་ཞིབ་འཇུག»བརྩམས་ཤིང་། གཞུང་འདི་གཉིས་ནི་ཨོ་སེ་ཁྲུའི་དུས་རབས་ཉི་ཤུ་བའི་བརྡ་བྱེད་ཤེར་རྟོག་རིག་པ་བ་ཝེ་ཐི་ཀིན་སི་ཐེན་གྱི་གསར་གཏོད་རང་བཞིན་ལྡན་པའི་བསམ་བློའི་མ་ལག་མི་འདྲ་བ་གཉིས་རེད། ཝེ་ཐི་ཀིན་སི་ཐེན་རང་གི་འདོད་པ་ནི་ཚེ་སྨད་ཀྱི་བསམ་བློ་ནི་ཚེ་སྟོད་ཀྱི་བསམ་བློའི་སྟེང་གི་འཕེལ་རྒྱས་དང་གཏིང་ཇེ་ཟབ་ཏུ་ཕྱིན་ཡོད་པར་གསུངས་མོད་ཞིབ་འཇུག་པ་ཚོས«གཏན་ཚིགས་ཤེར་རྟོགས་རིག་པ»དང«ཤེར་རྟོགས་རིག་པར་ཞིབ་འཇུག»ཅེས་པ་གཉིས་ནི་ཕན་ཚུན་ཁ་སྐོང་དང་ལྷན་ཐབས་ཀྱི་འབྲེལ་བའི་གནས་སུ་ཡོད་པར་བཤད། གང་ལྟར་ཡང་དེ་དག་གིས་དེང་དུས་ནུབ་ཕྱོགས་ཀྱི་ཤེར་རྟོགས་རིག་པར་ཤུགས་རྐྱེན་མི་ཉུང་བ་ཞིག་ཐེབས་ཡོད།

3 བསམ་བློའི་ཁ་ཕྱོགས།

དེའང«གཏན་ཚིགས་ཤེར་རྟོགས་རིག་པའི་རྣམ་བཤད»ཀྱི་ནང་དུ་གཏན་ཚིགས་རྣམ་བདེན་སྨྲ་བའི་ལྟ་ཚུལ་སྤྱད་དེ་སྒེར་སྡོམ་གཟུགས་འདས་རིག་པར་བསྙོན་འབྱིན་དང་ཤེར་རྟོགས་རིག་པ་ནི་ངེས་པར་དུ་བརྡ་བྱེད་ཀྱི་གཏན་ཚིགས་ལ་རྣམ་འབྱེད་བྱེད་ཐུབ་པ་ཞིག་ཡིན་དགོས་པར་འདོད། རྒྱུ་མཚན་ནི་བརྡ་མཚོན་ཉིད་འཇིག་རྟེན་གྱི་སྒྲིག་གཞི་བརྒྱུད་དེ་འཇིག་རྟེན་མཚོན་དགོས་པས་རེད། བརྡ་མཚོན་གྱིས་འཇིག་རྟེན་མཚོན་དགོས་ཚེ་ངེས་པར་དུ་དངོས་ཡོད་དང་འབྲེལ་བ་དམ་པོ་ཡོད་དགོས། ཡིན་ན་ཡང་བརྡ་བྱེད་ཁོ་ནར་བརྟེན་ཏེ་རྟོགས་མི་ཐུབ་པའི་དངོས་པོ་ཡང་ངེས་པར་དུ་ཡོད་པས་ཝེ་ཐི་ཀིན་སི་ཐེན་གྱི་དགོངས་པར་སྨྲ་ཐུབ་པ་བརྗོད་དགོས་པ་དང་གླེང་མི་ཐུབ་པ་ནི་ངེས་པར་ཁ་ཁུ་སིམ་པའི་སྒོ་ནས་འཇོག་དགོས་པར་བཤད། གལ་སྲིད་བར་མཚམས་དེ་ལས་བརྒལ་ཚེ་གཟུགས་འདས་རིག་པའི་གནད་དོན་བྱུང་བར་འདོད།

4 ལྟ་གྲུབ་གཙོ་བོ།

«གཏན་ཚིགས་ཤེར་རྟོགས་རིག་པའི་རྣམ་བཤད»ཀྱི་ལྟ་བ་གཙོ་བོ་ནི་འཇིག་རྟེན་འདི་ཉིད་དོན་དངོས་ཀྱི་སྤྱིའི་གདགས་གཞི་ཡིན་ཞིང་དོན་དངོས་ཉིད་གཞིར་གྲུབ་པ་ཡང་རྡུལ་ཕྲན་གྱི་གཞི་གྲུབ་ལ་བརྟེན་དགོས་པར་བཤད། དེ་དག་ལས་གཉིས་པ«ཤེར་རྟོགས་རིག་པར་ཞིབ་འཇུག»ཅེས་པའི་ནང་དུ་རང་གི་ཚེ་སྨད་ཀྱི་ཞིབ་འཇུག་གི་འབྲས་བུ་སྤྱི་་སྡོམ་བྱས་ཡོད་ལ། «གཏན་ཚིགས་ཤེར་རྟོགས་རིག་པའི་རྣམ་བཤད» ལས་དམིགས་བསལ་གྱི་ཁྱད་ཆོས་ཞིག་ནི་ཐ་སྙད་གསར་འགྲེལ་ནི་ཇི་ལྟར་མིའི་སྤྱོད་ལམ་དང་ལྟ་སྟངས་འབྲེལ་བ་བྱེད་པ་དང་། ཇི་ལྟར་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་ཐ་སྙད་ཀྱི་མཚོན་སྟངས་དང་འབྲེལ་བྱེད་པ་དེའོ། །ཝེ་ཐི་ཀིན་སི་ཐེན་ནས་མིའི་འཚོ་བ་སྐྱེལ་སྟངས་གཞིར་བཟུང་ནས་ཐ་སྙད་གསར་འགྲེལ་བྱེད་རྒྱུ་ལས་མི་གསལ་བའི་འདུ་ཤེས་ཁྱབ་ཁོངས་ལ་བརྟེན་ཏེ་ཐ་སྙད་ཀྱི་དགོངས་པ་དང་། བརྗོད་སྙིང་གླེང་བ་ནི་ནོར་འཁྲུལ་དུ་སེམས་སོ། །གཞན་གསལ་བཤད་བྱེད་དགོས་པ་ཞིག་ལ«ཤེར་རྟོགས་རིག་པར་ཞིབ་འཇུག»ནི«གཏན་ཚིགས་ཤེར་རྟོགས་རིག་པ»འི་འགྲེལ་བཤད་ལྟ་བུ་ཡིན་ལ་ཐ་སྙད་སྤྱོད་སྟངས་ཐད་མི་འདྲ་བ་བྱུང་པ་ནི།« གཏན་ཚིགས་ཤེར་རྟོགས་རིག་པའི་རྣམ་བཤད»ནང་གི་རྒྱུན་སྤྱོད་ཀྱི་བརྡ་བྱེད་ནི«ཤེར་རྟོགས་རིག་པར་ཞིབ་འཇུག»ནང་དམིགས་བསལ་བརྡ་བྱེད་ཀྱི་རོལ་རྩེད་དུ་བསྒྱུར་ཡོད་ལ། དེ་བཞིན་སྔ་མའི་གསུང་རྩོམ་ནང་བྱུང་པའི་བརྡ་བྱེད་ཀྱི་བར་མཚམས་ནི་ཕྱི་མའི་ནང་བརྡ་བྱེད་རོལ་རྩེད་ཀྱི་བར་མཚམས་དང་བརྗོད་མི་ཐུབ་པའི་དངོས་པོ་ནི་གཏན་འཁེལ་ཅན་གྱི་བརྡ་བྱེད་རོལ་རྩེད་ཀྱི་མཚོན་དཔེ་རུ་བསྒྱུར་ཡོད་པ་ལྟ་བུའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-25

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།