ཨ་མ་ཟོ་དགུ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཨ་མ་ཟོ་དགུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་གྱི་གནས་རི་ཞིག་ཡིན།)

ཨ་མ་ཟོ་དགུར་དཔྱད་པ་ལ་དོའུ་ཐང་གསུམ་དང་ཁྲི་ཀའི་ལུང་ཁོག་གསུམ། མང་འབའ་བྱ་གསུམ་བྲག་དཀར་གྱི་རྫོང་བར་ཟོ་བ་དགུའི་ཚུལ་དུ་གནང་བས་དེ་ལྟར་ཐོགས་སོ། །
1 འབྲེལ་ཡོད་ངག་རྒྱུན།
1_1 ངག་རྒྱུན་ཁག་དང་པོ།

ཨ་མྱེས་བྲག་དཀར་གྱི་སྲིང་མོ་ཨ་མ་ཟོ་དགུ་ཡིན་ཞིང་ཁོ་མོས་ཨ་མྱེས་བྲག་དཀར་ལ་ཞུ་རྒྱུར།  ང་རང་རྒྱ་ཁོག་སྐམ་པོ་འདི་ནས་མགོ་སྐུས་ཞིག་ཀྱང་མེད་པས་གནས་འདིར་འདུག་རྒྱུ་དཀའ་ཟེར་བས་ཁྱེད་སྡོད་དང་བདག་གིས་དབྱར་གཞུང་དག་ལ་ཆར་བ་འབབ་པ་དང་སེར་བ་སོགས་ཐོན་པ་དང་དགུན་དཔྱིད་བཅས་ལ་ཁ་བ་འབབ་པ་སོགས་བྱེད་ངེས།  འདི་དག་ནི་ཁོང་གིས་རྫོང་བ་བྱས་པ་ལ་བརྟེན་ནས་ཁོ་མོ་ས་འདིར་བཞུགས་པར་བཤད།

མཆན།  ཁྲི་ཀའི་སྟོང་ཆོས་ཀྱཱ་ཐང་ལྷ་བདག་ལྷ་ཆེན་ནས་གསུངས་པ་ཞིག་ཡིན།

1_2 ངག་རྒྱུན་ཁག་གཉིས་པ།

ཨ་མ་ཟོ་དགུ་ཡང་བྲག་དཀར་གྱི་སྲིང་མོ་ཡིན་ཟེར་བ་ལས་གཞན་ཅི་ཡང་མི་ཤེས་པ་ལགས་སོ། །

མཆན།  མང་རྫོང་མགོ་མང་ཅོ་སེར་ཚེ་དབང་རྒྱལ་ནས་གསུངས་པ་ཞིག་ཡིན།

2 བསང་ཡིག་གི་སྐོར།
2_1 བསང་ཡིག་ཁག་དང་པོ།

ཟོ་དགུ་གཡུ་མཚོ་ཕྱུག་མོའི་གསོལ་མཆོད།

ཨོཾ་བདེ་ལེགས་སུ་གྱུར་ཅིག །རབ་བརྗིད་ཡིད་འཕྲོགས་ས་འཛིན་མཐོན་པོའི་སྤོར། །གཉུག་མར་གནས་པའི་ལྷ་ཡི་སྨན་བཙུན་ཆེ། །ཟོ་དགུ་གཡུ་མཚོ་ཕྱུག་མོ་ཞེས་གྲགས་པ། །ཡུལ་ལྷའི་སྡེ་དཔོན་སྤྱན་འདྲེན་ད་ཚུར་བྱོན། །རང་བྱུང་ལྷུན་ཆགས་རིན་ཆེན་འདུས་རི་དང་། །གཞན་ཡང་བྲག་དཀར་རླུང་འཁོར་ལ་སོགས་པའི། །གཙོ་འཁོར་སྤྲུལ་བ་ཡང་སྤྲུལ་མ་ལུས་ཀུན། །མ་ཐོག་རང་བོས་ཚུལ་གྱིས་གནས་འདིར་གཤེགས། །རང་མདུན་ཏིང་འཛིན་པུར་གྱིས་ལེགས་བྲིས་པ། །བཀོད་མཛེས་ཁྱད་འཕགས་ལྷ་ཡི་ཁང་བཟང་དབུས། །ལྷ་སྨན་ཆེན་པོ་འཁོར་དང་བཅས་པ་རྣམས་། །རང་རང་འདོད་པའི་གདན་ལ་བཞུགས་སུ་གསོལ། །སྤྲོས་བྲལ་སྟོང་ཉིད་ནམ་མཁའི་ཀློང་ཡོངས་སུ། །འདོད་དགུའི་ལོངས་སྤྱོད་མཆོད་སྤྲིན་རྒྱ་མཚོའི་ཚོགས། །ཟག་མེད་ཡེ་ཤེས་ཆེན་པོས་རྣམ་རོལ་བ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་རླབས་པས། །ཡན་ལག་བརྒྱད་ལྡན་མཆོད་ཡོན་མཚོ་ལྟར་འཁྱིལ། །ཐང་སྐྱེས་ཆུ་སྐྱེས་མེ་ཏོག་རི་ལྟར་སྤུངས། །དྲི་ཞིམ་བདུག་སྤོས་མཁའ་ལ་སྤྲིན་ལྟར་འཁྲིགས། །སྣང་གསལ་སྒྲོན་མེ་ཉི་ཟླའི་འོད་བཞིན་གསལ། །སྣ་ཚོགས་བཟའ་བཏུང་བཅས་པ་བརྒྱ་ལྡན་དང་། །སྙན་མཛེས་རོལ་མོའི་བྱེ་བྲག་དཔག་ཡས་འདིས། །གཞི་བདག་ཆེན་པོ་འཁོར་བཅས་མཆོད་བགྱིད་ན། །དགྱེས་བཞིན་བཞེས་ཏེ་མཐུན་པའི་སྡོང་གྲོགས་མཛོད། །རྟ་མཆོག་འབྲོང་གཡག་ར་ལུག་ཤ་རྒོ་གནའ། །འདབ་ཆགས་བྱ་སོགས་རི་དྭགས་ཡོངས་སུ་ཚོགས། །མ་ཚང་མེད་པའི་སྣ་མང་དཀོར་ནོར་དང་། །མདུང་ཐུང་རལ་གྲི་དགྲ་སྟ་མདའ་བོ་ཆེ། །རབ་བསྲུང་གོ་ཁྲབ་དགྲ་འཇོམས་མཚོན་ཆའི་རིགས། །དཔའ་བོའི་ཆས་དང་ཡོ་བྱད་སྣ་ཚོགས་འདིས། །གཞི་བདག་ཆེན་པོ་འཁོར་བཅས་མཆོད་བགྱིད་ན། །དགྱེས་བཞིན་བཞེས་ཏེ་མཐུན་པའི་སྡོངས་གྲོགས་མཛོད། །ཀ་བུར་གུར་གུམ་ཙན་དན་ཨ་ཀ་རུ། །མཁན་ཤུག་བ་ལུ་དྲི་ལྡན་བཟང་བོའི་དད། །ཕྱོགས་སུ་ལྡང་བའི་སྨན་སྤོས་དུད་སྤྲིན་དང་། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རིན་ཆེན་བདུན། །དབང་བོ་ལྔ་ཡི་འབྱོར་བ་ཇི་སྙེད་པ། །གནམ་ས་བར་སྣང་ཡོངས་སུ་གང་བ་འདིས། །གཞི་བདག་ཆེན་པོ་འཁོར་བཅས་མཆོད་བགྱིད་ན། །བགྱེས་བཞིན་བཞེས་ཏེ་མཐུན་པའི་སྡོངས་གྲོགས་མཛོད། །ཀ་བུར་གུར་གུམ་ཙན་དན་ཨ་ཀ་རུ། །མཁན་ཤུག་བ་ལུ་དྲི་ལྡན་བཟང་བོའི་དད། །ཕྱོགས་སུ་ལྡང་བའི་སྨན་སྤོས་དུད་སྤྲིན་དང་། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རིན་ཆེན་བདུན། །དབང་བོ་ལྔ་ཡི་འབྱོར་བ་ཇི་སྙེད་པ། །གནམ་ས་བར་སྣང་ཡོངས་སུ་གང་བ་འདིས། །གཞི་བདག་ཆེན་པོ་འཁོར་བཅས་མཆོད་བགྱིད་ན། །དགྱེས་བཞིན་བཞེས་ཏེ་མཐུན་པའི་སྡོངས་གྲོགས་མཛོད། །དེ་ལྟར་མཉེས་ནས་ཀུན་མཁྱེན་རྒྱལ་བའི་བསྟན། །ཕྱོགས་སུ་རྒྱས་ཤིང་བསྟན་འཛིན་ཞབས་པད་བརྟན། །བདག་ཅག་མི་ཕྱུགས་ནད་རིམས་ཀུན་ཞི་ཞིང་། །ཚེ་དཔལ་སྟོབས་འབྱོར་མངའ་ཐང་རབ་ཏུ་རྒྱས། །ཆར་ཆུ་དུས་འབེབས་ལོ་ཕྱུགས་རང་འཕེལ་ཞིང་། །ཆོས་དང་མཐུན་པའི་བྱ་བ་མཐར་ཕྱིན་ཅིང་། །འདི་ཕྱིའི་བསམ་དོན་འགྲུབ་པའི་གྲོགས་མཛད་ནས། །བཀྲ་ཤིས་དཔལ་གྱིས་ཕྱོགས་དུས་ཀུན་ཁྱབ་ཤོག །  ཅེས་པ་ལྷ་སྨན་གཞི་བདག་ཆེན་པོ་ཟོ་དགུ་ལ་བསང་མཆོད་འབུལ་ཚུལ་བཀྲིས་ཆར་འབབ་ཞེས་བྱ་བ་འདི་ནི་མཐུ་ནུས་པ་མངོན་མཐོ་སྒོ་མེ་སྟག་ལུང་གི་བསྲུང་བ་ཞྭ་རྒྱས།  སྔགས་འཆང་སྙིང་དཀར་རྒྱལ་གྱིས་ལྷ་རྫས་དང་བཅས་བསྐུལ་བའི་ངོར་གསེར་ཁང་རི་ཁྲོད་པ་བློ་བཟང་བསྟན་འཛིན་རྒྱ་མཚོས་སྦྱར་བ་དགེ་ལེགས་འཕེལ།

2_2 བསང་ཡིག་ཁག་གཉིས་པ།

རཾ་ཡཾ་ཁཾ།  ཨོཾ་ཨཱཾ་ཧཱུཾ།  འཛམ་གླིང་སྤྱི་དང་གངས་ཅན་སོགས་བརྗོད།  ཀྱཻཿ  ཡུལ་འདིའི་གཞི་བདག་སོགས་བརྗོད། ཧྲཱིཿ  སྐྱབས་གསུམ་ངོ་བོ་བླ་མའི་སྐྱབས་འོག་ནས། །ཡི་དམ་ལྷ་ཡིས་བྱིན་རླབས་སྲུང་མ་ཡི། །དེ་རིང་རྣལ་འབྱོར་བདག་གིས་དགྲ་ལྷ་མཛོད། །འཇིག་རྟེན་འདས་དང་མ་འདས་དགྲ་ལྷ་བསྟོད། །བསྟོད་དོ་མཐུ་རྩལ་སྐྱོངས་ལ་རུ་མཚོན་འཕྱར། །དགྲ་ལྷ་གཉན་པོ་སྐད་ཅིག་མི་འབྲལ་བར། །འགྲོ་ལམ་འདུག་ཀྱང་ཁ་འཛིན་རྒྱབ་བརྟེན་མཛོད། །མ་གཡེལ་དྲན་པ་ཙམ་གྱིས་འཕྲིན་ལས་མཛོད། །  ཧྲཱིཿ  ཕྱོགས་བཅུའི་ཞིང་རྣམས་ཕུན་ཚོགས་གཡང་ཆགས་རྣམས། །ཐམས་ཅད་དེ་རིང་འདི་རུ་གཡང་ལ་བྱོན། །བླ་མ་ཡི་དམ་སྲུང་མའི་ཚོགས་རྣམས་ཀྱིས། །བཀྲ་ཤིས་བདེ་ལེགས་དངོས་གྲུབ་ཐམས་ཅད་སྩོལ། །  《སྒོ་མེ་གཡུ་ཚའི་ལོ་རྒྱུས་ངོ་མཚར་གཏམ་གྱི་མེ་ལོང》ལས་བཏུས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-30

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།