རྫི་མ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

རྫི་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(མི་ལུས། )

རྫི་མ།
རྫི་མ་ནི་ཐུང་ཞིང་འཁྱོག་པོ་ཡིན་ལ། གྲལ་རིམ་གཉིས་ནས་གསུམ་གྱི་བར་དུ་ཕྲེང་སྟར་སྒྲིག་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
睫毛
ཕྱི་ཡིག་གི་མིང་།
eyelash
1 ​རྣམ་པ། 

རྫི་མ་ནི་ཐུང་ཞིང་འཁྱོག་པོ་ཡིན་ལ།  གྲལ་རིམ་གཉིས་ནས་གསུམ་གྱི་བར་དུ་ཕྲེང་སྟར་སྒྲིག་པ་ཡིན།   རྫི་མ་གོང་མ་ནི་མང་ཞིང་རིང་ལ་།  རྒྱུན་ལྡན་དུ100ནས150བར་ཡོད།  རིང་ཚད་ལ་ཆ་སྙོམས་ཀྱིས་ཧོ་སྨི8ནས12བར་ཡོད།  ཅུང་ཙམ་གོང་དུ་འཕེལ་བ་དང་གྱ་གྱུའི་ངང་ནས་འཚར་སྐྱེ་བྱེད་པ་དང་།  མིའི་རིགས་ཀྱི་རྫི་མའི་གསེག་ཚད་ནི།  མིག་གིས་མདུན་ཕྱོགས་འདྲོང་པོར་ལྟ་དུས་སུ།  ཕོ་ནི་ཏུའུ110ནས130ལྷག་ཡིན་པ་དང་། བརྒྱ་ཆའི79.8ཟིན་ཡོད།  མིག་བཙུམ་པའི་དུས་སུ་ཏུའུ140ནས160བར་ཡིན་པ་དང་། བརྒྱ་ཆའི83.5ཟིན།  མོ་དང་ཕོ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་དེ།   རྫི་མར་སྲུང་སྐྱོབ་ཀྱི་ནུས་པ་ཡོད།  རྫི་མ་འོག་མ་ཐུང་ཞིང་ཉུང་ལ།  ཕལ་ཆེར50ནས75བར་ཡིན།   རིང་ཚད་ལ་ཧོ་སྨི་6ནས8བར་ཡིན།  ཅུང་ཙམ་མར་འཁྱོག་པའི་ངང་ནས་སྐྱེ་པ་ཡིན།  ཕོ་ཡི་རྫི་མ་འོག་མའི་མའི་མདུན་ཕྱོགས་སུ་འདྲོང་པོར་ལྟ་བའི་ཚད་ནི་ཏུའུ100ནས120བར་ཡིན།  མོ་ཡིས་མདུན་ཕྱོགས་སུ་འདྲོང་པོར་ལྟ་བའི་ཚད་ཕོ་དང་བསྡུར་ན་ཏུའུ10ཡིས་ཆུང་། མིག་བཙུམ་པའི་སྐབས་སུ།  རྫི་མ་གོང་འོག་གཉིས་ཕན་ཚུན་མི་འབྲེལ་བ་ཡིན།  རྫི་མའི་མདོག་ནི་དབུ་སྐྲ་ལས་ཀྱང་ཅུང་ནག་པོ་ཡིན།   འོན་ཀྱང་ནད་ཡམས་ལ་ལ་ཞིག་བྱུང་ཚེ་རྫི་མ་དཀར་པོར་གྱུར་འགྲོ་བ་ཡིན།

2 ནུས་པ།

རྫི་མར་སྲུང་སྐྱོབ་ཀྱི་ནུས་པ་ལྡན།  རྫི་མ་གོང་འོག་གཉིས་གྲལ་སྒྲིག་པའི་དམག་མི་དང་འདྲ།  རྫི་མ་ནི་མིག་ལ་སྲུང་སྐྱོབ་བྱེད་པའི་མཚོན་ཆ་གཉིས་པ་ཡིན།  དཔེར་ན་རྡུལ་དང་གཞན་པའི་སྦག་བཙོག་གི་དངོས་པོ་རྫི་མ་དང་གདུང་ཐུག་བྱུང་དུས།  མིག་རང་འགུལ་གྱིས་བཙུམ་ནས་མིག་ཟུང་ལ་སྲུང་སྐྱོབ་བྱེད་ཐུབ།  དེར་མ་ཟད་འོད་སྒྲིབ་པ་དང་རྡུལ་དང་དངོས་པོ་གཞན་པ།  རྔུལ་ཆུ་སོགས་མིག་ནང་དུ་མི་བཞུར་བ་དང་མིག་གི་རྒྱལ་མོའི་འཁོར་སྐྱི་དང་མིག་འབྲས་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཆེན་པོ་ལྡན།  དེར་མ་ཟད་རྫི་མས་སྨུག་ཕྱིའི་འོད་ཐིག་སྒྲིབ་ནས་མིག་ཟུང་ལ་གནོད་སྐྱོན་མི་བྱེད་པའི་ནུས་པའང་ལྡན་ནོ། །

3 སྐྱེ་ཚུལ།

རྫི་མ་ནི་སྐྲ་སྤུ་ཁྲོད་ཚེ་ཐག་ཆེས་ཐུང་བ་ཡིན།  ཆ་སྙོམས་ཀྱི་ཚེ་ཐག་ནི་ཟླ་གསུམ་ནས་ལྔའི་བར་ཡིན་པ་དང་རྒྱུན་ཆད་མེད་པར་བསྐྱར་དུ་སྐྱེ་བ་ཡིན།  རྫི་མ་དྲུང་ནས་འབྱིན་པའི་གཟའ་འཁོར་གཅིག་གི་རྗེས་སུ་ཡང་བསྐྱར་ཧོ་སྨི1ནས2སྐྱེ་བ་ཡིན།  ཕལ་ཆེར་གཟའ་འཁོར་བཅུ་འགོར་རྗེས་སུ།  སྔོན་གྱི་སྐྱེ་ཚད་དང་མཉམ་པ་ཡིན།  བྱིས་པའི་རྫི་མ་ནི་ཆེས་རིང་བ་དང་ཆེས་འཁྱོག་པ་ཡིན།  དངོས་ཡོད་འཚོ་བའི་ཁྲོད་དུ།  ཁྱིམ་བདག་ལ་ལའི་བྱིས་པར་ནག་ཅིང་འོད་འཚེར་བའི་རྫི་མ་ཞིག་སྐྱེ་ཆེད་ཆུང་ངུ་དུས་ནས་རྫི་མ་དྲུང་ནས་འབྱིན་བཞིན་ཡོད།  འདི་ནི་ཚན་རིག་དང་མི་མཐུན་པས་སྒྲུབ་མི་རུང་ངོ་། །  ཕྲ་ཞིང་རིང་ལ་འཁྱོག་པོ་ཡིན་པ།  ནག་ཅིང་འོད་འཚེར་བའི་རྫི་མ་ཞིག་ཡོད་ན་མིག་མཛེས་པ་མ་ཟད་ལུས་པོ་ཡོང་མཛེས་བར་བྱེད་པའི་ནུས་པ་གལ་ཆེན་ལྡན་ནོ། །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-05-26

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།