ཨ་ལའོ་ཧྲ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་ལའོ་ཧྲ།
ཨ་ལའོ་ཧྲ་ནི་སུའུ་ལེན་སྔོན་མའི་རྒྱལ་ཁབ་ཀྱི་རླབས་ཆེ་བའི་རྩོམ་པ་པོ་ཀོར་ཅིས་བརྩམས་པའི་སྒྲུང་རིང《བྱིས་དུས》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་། ཁོ་ནི་ལྟ་ཞིབ་བྱེད་པར་མཁས་ཤིང་ཚོར་སྣང་ཧ་ཅང་སྐྱེན་པོ་ཡིན་པའི་བྱིས་པ་ཞིག་ཡིན་པར་མ་ཟད། དཔའ་མི་ཞུམ་ཞིང་གཉའ་མི་ཆག་པའི་འདུ་ཤེས་དང་སྙིང་སྟོབས་ཤིག་ལྡན་པ་ཡིན། ཁོ་ནི་ཧ་ཅང་སྐྱི་གཡའ་བའི་ཁོར་ཡུག་ཞིག་ཏུ་འཚར་ལོངས་བྱུང་བ་ཡིན་མོད། འོན་ཀྱང་ཁོའི་ལུས་སྟེང་དུ་སྡུག་རུས་ཆེན་པོ་དང་དྲང་བདེན། དཔའ་མི་ཞུམ་པ། ཉམས་དགའ་བ། ཡིད་ཆེས་སོགས་མངོན་པ་ཡིན། གཞན་ཁོར་ཤེས་བྱ་སྦྱོང་འདོད་ཆེ་ལ། དཔེ་ཀློག་ལ་དགའ་བར་མ་ཟད། འཚོ་བ་རོལ་བར་དེ་བས་ཀྱང་དགའ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿廖沙
ཕྱི་ཡིག་གི་མིང་།
Алёша
མིང་གཞན།
ཨ་ལེ་ཁོ་ཞེ།
རྒྱལ་ཁབ།
སུའུ་ལེན་སྔོན་མ།
སྐྱེས་ཡུལ།
མོ་སི་ཁོ།
མི་སྣའི་གཤིས་ཀ།
ལྟ་ཞིབ་བྱེད་པར་མཁས་ཤིང་ཚོར་སྣང་ཧ་ཅང་སྐྱེན་པོ་ཡིན་པ།
1 ངོ་སྤྲོད།

ཨ་ལའོ་ཧྲ་ནི་སུའུ་ལེན་སྔོན་མའི་རྒྱལ་ཁབ་ཀྱི་རླབས་ཆེ་བའི་རྩོམ་པ་པོ་ཀོར་ཅིས་བརྩམས་པའི་སྒྲུང་རིང《བྱིས་དུས》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་།  ཁོ་ནི་ལྟ་ཞིབ་བྱེད་པར་མཁས་ཤིང་ཚོར་སྣང་ཧ་ཅང་སྐྱེན་པོ་ཡིན་པའི་བྱིས་པ་ཞིག་ཡིན་པར་མ་ཟད།  དཔའ་མི་ཞུམ་ཞིང་གཉའ་མི་ཆག་པའི་འདུ་ཤེས་དང་སྙིང་སྟོབས་ཤིག་ལྡན་པ་ཡིན།  ཁོ་ནི་ཧ་ཅང་སྐྱི་གཡའ་བའི་ཁོར་ཡུག་ཞིག་ཏུ་འཚར་ལོངས་བྱུང་བ་ཡིན་མོད།   འོན་ཀྱང་ཁོའི་ལུས་སྟེང་དུ་སྡུག་རུས་ཆེན་པོ་དང་དྲང་བདེན།   དཔའ་མི་ཞུམ་པ།   ཉམས་དགའ་བ།   ཡིད་ཆེས་སོགས་མངོན་པ་ཡིན།   གཞན་ཁོར་ཤེས་བྱ་སྦྱོང་འདོད་ཆེ་ལ།   དཔེ་ཀློག་ལ་དགའ་བར་མ་ཟད།   འཚོ་བ་རོལ་བར་དེ་བས་ཀྱང་དགའ།

2 འབྲེལ་ཡོད་གཏམ་རྒྱུད།

ཨ་ལའོ་ཧྲའི་ཨ་ཕ་ཁོ་རང་ལོ་གསུམ་ལ་སོན་སྐབས་ཁྱིམ་དང་ཁ་གྱེས།     ཁོ་དང་ཨ་མ་གཉིས་རྨོ་བོ་ཚང་ལ་ཡོང་།      རྨོ་བོ་ནི་དུས་རྒྱུན་སྤོ་ལངས་ལངས་ལ་བསྡད་ཡོད་པའི་རྒད་པོ་གཤིས་གྱོང་ཞིག་ཡིན།     དུས་དེ་ནས་བཟུང་རྨོ་མོ་ནི་ཁོའི་མི་ཚེ་གང་བོར་ཡིད་ཆེས་བྱེད་ཆོག་པ་དང་མེད་དུ་མི་རུང་བར་གྱུར་ཡོད།     

ཨ་ལའོ་ཧྲས་རྨོ་བོ་ཚང་ནས་ཚོར་ཐུབ་པ་ནི་མི་དང་མི་བར་འཆང་བའི་ཞེ་འཁོན་དང་ཡིད་ཆེས་མི་བྱེད་པའི་གནས་བབ་དེའི་ཡིན།        ཁོར་ཡུག་དེ་ལྟ་བུ་རུ་བྱིས་པ་ཡིན་ཡང་ངན་པར་བསྒྱུར་སྲིད།       ཉིན་ཞིག་ལ།      ཨ་ལའོ་ཧྲས་མཚར་སྣང་གིས་རས་དཀར་ལེབ་མོ་ཙམ་ཚོས་རྫ་ནང་འཕངས།       རྐྱེན་དེས་རྨོ་བོས་ཁོ་རང་བརྒྱལ་རག་བར་གཅར་རྡུང་བྱས་པས་ཁོར་ན་ཚ་ཚབས་ཆེན་ཞིག་བྱུང་།         དེ་ནས་བཟུང་ཨ་ལའོ་ཧྲས་བདེ་ལ་འབབ་ཐབས་མེད་པའི་སེམས་ཁམས་ཤིག་གིས་ཁོར་ཡུག་ལ་བརྟག་པར་གོམས།     བདག་རང་ཉིད་དམ་གཞན་སུ་ཞིག་གིས་མནར་སྡུག་སོགས་མྱོང་སྐབས་གཏན་ནས་བཟོད་སྒོམ་བྱེད་མི་ཐུབ་པར་གྱུར།      ཁོའི་ཨ་མས་དེ་ལྟ་བུའི་འཚོ་བ་མ་བཟོད་པར་ཁོ་རང་བསྐྱུར་ཏེ་ཁྱིམ་འདི་དང་ཁ་གྱེས་པ་ཡིན།      འདི་ལྟ་བུའི་རྫབ་རྫོབ་ཀྱི་ཁོར་ཡུག་ཁྲོད་དུའང་འཚོ་བར་དགའ་ཞེན་ཆེ་བའི་ཚི་ཀང་དང་བཟོ་བ་གཞུང་དྲང་ཀི་ལི་ཀའོ་ལི་ལྟ་བུའང་ཡོད།       དུས་སྟོན་ལ་ཁེལ་བའི་མཚན་མོར་ཡ་ཁུ་ཕུས་པི་ཝང་ལ་བརྟེན་ནས་ཡིད་དུ་འོང་བའི་རོལ་མོ་དཀྲོལ་བ་ན།      རྨོ་མོ་ནི་སྔར་དང་མི་མཚུངས་པར་གཞོན་ནུ་མ་ཞིག་དང་འདྲ་བར་གར་ལ་རོལ་བ་ཡིན།       འདི་དག་གིས་ཨ་ལའོ་ཧྲ་ལ་སྐྱིད་སྡུག་གཉིས་ཀ་དེ་ལྟར་གསལ་བཤད་བྱེད་ཐབས་མེད་པར་ལྷན་དུ་སྦྲེལ་བྱུང་།        མི་དེ་དག་གི་ཁྲོད་དུ་ཨ་ལའོ་ཧྲ་ལ་ཤན་ཤུགས་ཆེས་ཆེ་བ་ནི་རྨོ་མོ་ཡིན།      མོ་ནི་གཞན་ལ་བྱམས་ཤིང་བརྩེ་བ་དང་འཚོ་བར་དགའ་ཞེན་གྱིས་ཁེངས།      ནམ་ཡིན་རུང་དགེ་བ་སྡིག་པ་ལས་རྒྱལ་བར་ཡིད་ཆེས་ལྡན་ཞིང་།     མོས་དད་བཞིན་པའི་གནམ་བདག་དེའང་སྙིང་ཉེ་ཞིང་ཡིད་གཞུངས་པ།      རྨོ་བས་དད་པ་བྱེད་བཞིན་པའི་གནམ་བདག་དེ་རྨོ་མོ་ལས་ལྡོག་ཅིང་དེས་མི་ལ་མི་དགའ་ཞིང་ནམ་རྒྱུན་གཞན་གྱི་སྐྱོན་བཙལ་ནས་གནོད་ཅིག་བསྐྱལ་ཨེ་ཐུབ་ལ་སྙེག་མཁན་ཞིག་རེད།

ཨ་མའི་འགྱུར་བ་དེས་ཨ་ལའོ་ཧྲ་ལྷག་དོན་སྡུག་ལ་སྦྱར།      ཨ་མ་ནི་ཞོགས་པ་ཞིག་ལ་གློ་བུར་དུ་ཁྱིམ་དུ་ལོག་བྱུང་།       དང་ཐོག་མོས་སྤྲོ་སེམས་འཁོལ་བའི་ངང་ཨ་ལའོ་ཧྲ་ལ་ཀློག་བསླབས།       འཚོ་བའི་མནར་གཅོད་འོག་ཨ་མས་རིམ་བཞིན་ཁོ་རང་སྣང་ཆུང་ཁུར་མེད་དུ་གཏོང་བར་མ་ཟད།       ངང་ཐུང་སྡུག་འབྱར་ཅན་ཞིག་ཏུའང་གྱུར།     ཨ་མ་ཡང་བསྐྱར་བཟའ་སྒྲིག་བྱེད་དུས་ཨ་ལའོ་ཧྲའི་སེམས་ཡོངས་དངོས་པོ་ཞིག་གིས་སྲ་མོར་བཏུམས་པ་དང་མཚུངས།       ཁོ་རང་ཁོར་ཡུག་ཡོད་ཚད་ལ་སྤྲོ་བ་ཉམས་ཤིང་།       མི་དང་འབྲེལ་འདྲིས་བྱེད་འདུན་མེད་པར་རང་གཅིག་པུ་ཁེར་སྡོད་བྱེད་པར་མོས།       དེ་ལྟར་དབྱར་ཁ་ཞིག་འདས་རྗེས་ད་གཟོད་རིམ་བཞིན་སེམས་བག་ལ་ཕབ།    

ཨ་མ་ཡང་བསྐྱར་བཟའ་སྒྲིག་བྱས་རྗེས་ཀྱི་འཚོ་བ་ནི་ཡ་ང་ཞིང་།        འབྱོར་བ་ཞན་པ་དང་ནད་ཀྱིས་མནར་བ་སོགས་ཀྱིས་མོའི་སྔར་གྱི་མཛེས་སྡུག་དེ་གར་སོང་ཆ་མེད་དུ་གྱུར།       ཨ་ལའོ་ཧྲ་ལ་ཡང་དུས་རྒྱུན་སྡང་སྡིག་སྟོན་པར་མ་ཟད་མ་ཉེས་ཁག་གཡོགས་ཀྱང་བྱེད།       ཨ་ལའོ་ཧྲས་རང་ཁྱིམ་དུ་བདེ་སྐྱིད་ཅིག་མྱོང་མི་ཐུབ་ལ།      སློབ་གྲྭའི་ནང་དེ་བས་ཀྱང་གཞན་གྱི་ཐུབ་ཚོད་དང་བརྙས་བཅོས་ཁོ་ན་མྱངས་ནས་འདུག་དགོས།     རིམ་བཞིན་ཨ་ལའོ་ཧྲའི་སེམས་སུ་བརྩེ་ཞེན་དེ་ཞེ་སྡང་གིས་ཚབ་བྱས།        རང་གི་ཁ་རྒྱབ་ཀྱི་ཆེད་དུ་ཁོ་རང་ཁྱིམ་མཚེས་བྱིས་པ་རྣམས་དང་མཉམ་དུ་གད་སྙིགས་འཐུ་སྒྲིག་བྱས་ནས་སྒོར་རྡོག་འགའ་རེར་བརྗེས་པ་ཡིན།       འཚོ་བ་ཤིན་ཏུ་ཐབས་རྡུགས་ཡིན་ཡང་དེ་རུ་ཁོས་གྲོགས་པོ་བར་གྱི་བརྩེ་འདང་དང་ཕན་ཚུན་ལ་བཅངས་པའི་གདུང་སེམས་ཚོར་ཐུབ།      དེ་ཙམ་ཡང་སློབ་གྲྭས་ཁོར་ཆད་པ་ནན་མོ་གཅོད་བྱེད་ཀྱི་རྐྱེན་དུ་གྱུར།      ཕུལ་དུ་བྱུང་བའི་སྦྱངས་འབྲས་ལ་བརྟེན་ནས་སློབ་ཆུང་སློབ་རིམ་གསུམ་པ་བསླབས་ཚར་རྗེས་ཁོ་རང་དུས་གཏན་དུ་སློབ་ཁང་དང་ཁ་གྱེས་ནས་རང་གཅིག་པུ་འཇིག་རྟེན་མི་ཡུལ་འགྲིམས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-18

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།