རྣ་ཤལ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

རྣ་ཤལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(མི་ལུས།)

རྣ་ཤལ།
རྣ་ཤལ་གསེག་ཐིག་གཉེར་མ་ནི་རྣ་ཤལ་ཐོག་ཏུ་གསེག་ཐིག་གཉེར་མ་ཡོད་པ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
耳垂
ཕྱི་ཡིག་གི་མིང་།
lobe
1 རྣ་ཤལ་དང་ནད་ཡམས།

རྣ་ཤལ་གསེག་ཐིག་གཉེར་མ་ནི་རྣ་ཤལ་ཐོག་ཏུ་གསེག་ཐིག་གཉེར་མ་ཡོད་པ་ལ་ཟེར།  རྣ་ཤལ་གསེག་ཐིག་གཉེར་མ་རིམ་པ་གསུམ་དུ་བཀར་ཡོད།  རིམ་པ་དང་པོའི་་གཉེར་མ་དེ་འདྲའི་གསལ་པོ་མིན།  ངོས་སྐྱ་བོ་དང་ཐིག་ཧ་ཅང་ཕྲ།  རིམ་པ་གཉིས་པའི་གཉེར་མ་ཧ་ཅང་གསལ་པོ་ཡིན་ལ།  གཏིང་ཚད་ལ་ཧོ་སྨི་གཅིག་ཙམ་ཡོད།  གཉེར་མའི་རིང་ཚད་རྣ་ཤལ་ཡོངས་ལ་ཁེབས་ཡོད།  རིམ་པ་གསུམ་པའི་གཉེར་མ་དེ་ལས་ཀྱང་གསལ་པོ་ཡིན།  གཏིང་ཚད་ཧོ་སྨི་གཅིག་ལས་བརྒལ་ཡོད།  བས་མཐའ་ཕན་ཚུན་བྲལ་འདུག  རྒྱུན་དུ་གཞན་པས་རིམ་པ་གཅིག་པའི་གཉེར་མ་ཡོད་པ་ཡིན།  རྣ་ཤལ་གསེག་ཐིག་གཉེར་མ་ནི་པོ་ལང་ཁུས་སྤྱི་ལོ1973ལོར་བསྒྲགས་པ་ཡིན།  ཤེས་གསལ་ལྟར་ན།  ད་ལྟ་དེ་ལས་གཞན་པའི་ཚོས་ལེན་རྫས་ཕྲ་བཅུ་གཅིག་ལྷག་རྒྱུན་སྲོལ་དང་མི་འདྲའོ། ། ལུས་པོ་བདེ་ཐང་ཡིན་པའི་མི་ཡི་ཁྲོད་རིམ་པ་གསུམ་པའི་གཉེར་མ་ཡོད་པའི་མི་བརྒྱ་ཆའི་ཉེར་གཅིག་ཟིན་ཡོད།  འོན་ཀྱང་སྙིང་ན་བ་ནད་པ་བརྒྱ་ཆའི་དྲུག་ཅུ་རེ་གཉིས་ཟིན་ཡོད།   སྙིང་རྩ་འགགས་པའི་ནད་པའི་ཁྲོད་དུ་བརྒྱ་ཆའི་བརྒྱད་ཅུ་ཟིན་ཡོད། རྣ་ཤལ་གསེརག་ཐིག་གཉེར་མ་ད་དུང་ལོ་ཚོད་དང་འབྲེལ་བ་དམ་ཟབ་ཡོད།  གལ་ཏེ་ལོ་བཞི་ཅུ་ནང་གི་བདེ་ཐང་ཡིན་པའི་མིའི་ཁྲོད་དུ་རྣ་ཤལ་གསེག་ཐིག་གཉེར་མའི་ཡོད་པའི་མི་བརྒྱ་ཆའི་དགུ་མ་གཏོགས་མེད།  ལོ་བཞི་བཅུ་ནས་ཞེ་དགུའི་བར་བརྒྱ་ཆའི་སུམ་ཅུ་ཟིན་ཡོད།  ལོ་ལྔ་བཅུ་ནས་ང་དགུའི་བར་བརྒྱ་ཆའི་ལྔ་བཅུ་ཟིན་ཡོད།  ལོ་དྲུག་ཅུ་ནས་རེ་དགུའི་བར་བརྒྱ་ཆའི་དྲུག་ཅུ་རེ་དྲུག་ལ་སླེབས་ཡོད།  སྙིང་རྩ་འགགས་པའི་མིའི་རྣ་ཤལ་གསེག་ཐིག་གཉེར་མ་ལོ་ཚོད་དང་བསྟུན་ནས་ཇེ་ཆེ་དང་ཇེ་མང་དུ་འགྲོ་བཞིན་ཡོད།  སྙིང་རྩ་འགགས་པའི་ནད་བྱུང་ཡོད་པའི་ལོ་ཆུང་དག་གི་ཁྲོད་དུའང་རྣ་ཤལ་གསེག་ཐིག་གཉེར་མའི་ནད་བྱུང་ཡོད་པ་ཡང་ཡོད། 

2 རྣ་ཤལ་གཤགས་བཅོས་བྱེད་པ།

རྣ་ཤལ་གཤགས་བཅོས་བྱེད་པ་ནི་རྣ་ཤལ་ཡ་མ་གཟིགས་སུ་གྱུར་ཡོད་པའི་མི་རྣམས་ལ་དབང་བོ་བཅོས་བཟོས་བྱེད་པའི་གཤགས་ལས་ཞིག་ཡིན།  རྣ་ཤལ་ཡ་མ་གཟིགས་ཡིན་པ་རྒྱུན་དུ་མིག་གི་མི་མཐོང་བ་དང་ཡང་ན་དབུ་སྐྲ་སོགས་ཀྱིས་གཡོགས་ཀྱང་ཆོག  འོན་ཀྱང་མཉམ་འཇོག་བྱེད་པའི་སྐབས་སུ་མཐོང་ཐུབ།  དེ་བས་རྣ་ཤལ་ཡ་མ་གཟིགས་ཡིན་པའི་མི་རྣམས་ལ་གཤགས་བཅོས་བྱས་ན་བཟང་། 

3 གཤགས་བཅོས་བྱས་རྗེས་ཀྱི་བདག་སྐྱོང་།

རྣ་ཤལ་གཤགས་བཅོས་བྱས་རྗེས་སུ་ནད་པའི་ཆུ་མི་གཙང་བ་ལ་སོགས་པ་རྣའི་ཐོག་ཏུ་མི་ཡོང་བར་བཀག་འགོག་བྱེད་པ།   བར་འཚང་ཅན་གྱི་ལྭ་བ་སོགས་གྱོན་ནས་ཆམ་པ་ཕོག་ཏུ་མི་འཇུག་པ།  


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-19

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།