འགྲམ་རུས་སྟེང་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འགྲམ་རུས་སྟེང་མ།
འགྲམ་རུས་སྟེང་མའི་ནང་ཁོག་ནི་ཁོག་སྟོང་ཞིག་ཡིན་ལ་དེ་ནི་ཡ་མགལ་སྣ་བུག་ཡིན། ཡ་མགལ་སྣ་བུག་གིས་རུས་པ་ཅུང་སྲབ་མོ་ཡིན་ལ་སོ་རྩ་དང་ཐག་ཧ་ཅང་ཉེ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
上颌骨
ཕྱི་ཡིག་གི་མིང་།
maxillary bone
1 ​གྲུབ་ཚུལ།

འགྲམ་རུས་སྟེང་མའི་ནང་ཁོག་ནི་ཁོག་སྟོང་ཞིག་ཡིན་ལ་དེ་ནི་ཡ་མགལ་སྣ་བུག་ཡིན།  ཡ་མགལ་སྣ་བུག་གིས་རུས་པ་ཅུང་སྲབ་མོ་ཡིན་ལ་སོ་རྩ་དང་ཐག་ཧ་ཅང་ཉེ།  འགྲམ་སོའི་རྩེ་མོ་ནད་འགོས་ཚེ་ཡ་མགལ་སྣ་བུག་གིས་གཉན་ཚད་བྱུང་བ་དང་།  ཡ་མགལ་སྣ་བུག་གི་སྐྲན་དང་ཡང་ན་དེ་ལས་གཞན་པའི་སོ་ན་བ་དང་ལྷོད་པ་སོགས་ཀྱི་ནད་རྟགས་ཡོད་པ་དང་།  མཚམས་རེར་སོ་འབལ་བའི་སྐབས་སུ་གཤགས་བཅོས་བྱས་པ་སྟབས་མ་འགྲིག་ན་ཁ་ནང་གི་ཡ་མགལ་སྣ་བུག་རྟོལ་བ་དང་ཡང་ན་སོ་རྩ་ཡ་མགལ་སྣ་བུག་གི་ནང་དུ་ལུས་འགྲོ།  དེ་བས་འདི་འདྲའི་གཤགས་ལས་ཀྱི་ཁྱད་ཆོས་དང་ནད་ཐོག་སྨན་བཅོས་ཀྱི་འབྲེལ་བར་མཉམ་འཇོག་བྱ་དགོས།  ཡ་མགལ་སྣ་བུག་གིས་སྟེང་མིག་མཐའི་ཞོལ་དང་འབྲེལ་ཡོད་ལ།  ཞོལ་ཁ་ནང་གི་རྩེ་མོ་རུ་འབྲེལ་ཡོད།  དེས་ནང་ནི་སྣ་ཁུང་གི་ཕྱིའི་གཞོགས་སུ་འབྲེལ་ཡོད།  མིའི་ངོ་གདོང་གི་དཀྱིལ་གྱི་ཡ་མགལ་དུ་རུས་སྒྲོམ་གཉིས་ཡོད་ལ། གཡས་གཡོན་གཉིས་ཀྱི་ཡ་མགལ་སྣ་བུག་དཀྱིལ་ཚོད་དུ་འབྲེལ་ཡོད།  ཡ་མགལ་སྣ་བུག་ནི་རུས་པ་གཅིག་དང་འབུར་ཐོན་བཞི་ཡིས་གྲུབ་པ་ཞིག་ཡིན།  རུས་པའི་སྟེང་དུ་གྲུབ་པའི་མིག་ཀོང་གི་ཞོལ་དང་།  ནང་གི་གཞོགས་སུ་སྣའི་ལམ་དང་འབྲེལ་ཡོད།  


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-28

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།