མོ་མཚན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མོ་མཚན།
མོ་མཚན་ཞེས་པ་ནི་མོ་རིགས་ཀྱི་རྟགས་སམ་མཚན་མ་ལ་གོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阴道
ཕྱི་ཡིག་གི་མིང་།
vagina,cunt
1 ​ངོ་སྤྲོད།

མོ་མཚན་ཞེས་པ་ནི་མོ་རིགས་ཀྱི་རྟགས་སམ་མཚན་མ་ལ་གོ།     མོ་མཚན་ནད་ཀྱིས་ཐེབས་པའི་རྒྱུ་རྐྱེན་ནི་ཉལ་པོ་མང་དུ་སྤྱད་པ་དང་།   ཟླ་མཚན་བབས་པའི་དུས་དང་བུ་བཙས་རྗེས་ཟས་དང་སྤྱོད་ལམ་ལོག་པ་སོགས་ཀྱིས་མོ་མཚན་གྱི་ནད་དང་མངལ་ནད་མ་ལུས་པ་སྐྱེད་པར་བྱེད་པ་ཡིན་ནོ། །

2 དབྱེ་བ།

མོ་མཚན་གྱི་ནད་རླུང་གྱུར་པ་དང་།  མཁྲིས་པ་ལས་གྱུར་པ།   ཁྲག་ལས་གྱུར་པ།  བད་ཀན་ལས་གྱུར་པ།   འདུས་པ་ལས་གྱུར་པ་དང་རྣམ་པ་ལྔའི་སྒོ་ནས་བཤད་པར་བྱའོ། །

3 ནད་རྟགས།   

རླུང་གྱུར་ནི་མངལ་ནང་འདི་ན་ན་ཚ་འདིའོ་ཞེས་ཚོར་རྒྱུ་མེད་པར་བེམ་པོར་ན་བ་དང་།  ཟླ་མཚན་སླ་ཞིང་ལྦུ་བ་བཅས་ཉུང་ངུ་འཛག    ཆུ་ཁ་སྙི་ཞིང་ཆུ་སོ་སོགས་སུ་གྲོག་མ་ལྟ་བུའི་སེམས་ཅན་ཡོད་སྙམ་དང་།   ཟླ་མཚན་རླུགས་སམ་འཁྱིལ་བ་ཡང་ན་སྐྲན་དུ་འདྲིལ་བ་སོགས་འབྱུང་།  ཁ་འཆུས་ནས་ཁུ་བ་ཕྱིར་རློན་ཞིང་ཁ་ཟུམ་པ་དང་ཧར་པོ་སོགས་མངལ་ནད་མི་ཟད་པ་དུ་མ་འབྱུང་བ་མོ་ནད་སྐབས་ལྟར་དང་།    མཁྲིས་པ་ལས་གྱུར་ན་ཟླ་མཚན་སེར་ནག་དྲི་མ་ཆེ་བ་འཛག་པ་དང་ཚ་འབྲབ་བྱེད།  ལུས་ལ་ཚ་བ་སྐྱེ་ཞིང་ཟླ་མཚན་རྣག་ཏུ་འཛག    ཁྲག་གྱུར་ནི་ཟླ་མཚན་མི་ཆད་པར་རྒྱུན་པར་འཛག    བད་ཀན་ལས་གྱུར་ན་མངལ་དུ་ཟ་ཕྲུག་འོང་ཞིང་ཟུག་ཆུང་བ་དང་།  སྤྱིན་བག་ནལ་བོ་འཛག་ལ་ལུས་སྨད་གྲང་།  འདུས་གྱུར་ནི་རྟགས་གཅིག་ཏུ་མ་ངེས་པར་ཀུན་གྱི་རྟགས་སྟོན་ནོ། །    དེ་ལྟ་བུའི་མངལ་ནད་ཡོད་པ་ཀུན་གྱིས་སྐྱེས་པའི་ས་བོན་བུ་འཛིན་པ་ལ་གནོད་པ་ཡིན་ནོ། །

4 བཅོས་ཐབས། 

ཁྱུང་ལྔ་ཚད་ལྡན་གྱི་སྟེང་མདོག་ལྡན་དང་སྲན་མའི་མེ་ཏོག་གཞི་བཟུང་བའི་སྟེང་རླུང་ལ་ཛཱ་ཏི་དང་།  མཁྲིས་པར་ཏིག་ཏ།   བད་ཀན་ལ་སུག་སྨེལ་གྱིས་ཁ་བསྒྱུར་བ་ཁོང་དུ་བསྟེན་པ་དང་།    མངལ་ནད་ཕལ་ཆེར་རྒྱུ་རླུང་གིས་བྱེད་པ་ཡིན་ཕྱིར་སྣུམ་འཆོས་དང་།  ཕྱི་རྒྱུད་ལྟར་འཇམ་རྩི་སླེ་འཇམ་དང་སྣུམ་དུགས་ཀྱིས་གསོ་བ་གང་རིགས་བསྔགས་ལ།  རྒྱ་སྤོས་ལྔ་པ་མར་དུ་བསྐོལ་བ་ཡེའུས་མངལ་ནང་སྐྱེལ།  དེ་བཞིན་མཁྲིས་པར་སེང་་ཕྲོམ་ལྔ་པ་དང་།  བད་ཀན་ལ་པི་ལིང་དགུ་པ་སྦྲང་སྦྱར་ཡེའུ་ལ་བྱུག་པ་མངལ་ནང་བསྐྱལ།   འཆུས་པ་དང་ཟུམ་པ་ལ་མོ་ནད་སྐབས་ལྟར་བཅོས་ཤིང་སྦྱངས་པ་བྱས་ནས་གོ་སྙོད་དགུ་པ་ཆང་དང་མར་ལ་བཙོས་པ་ཁོང་དུ་བཏང་བ་དང་།   ཐང་ཤིང་།   གཟེ་མ།   བ་ཤ་ཀ་རྣམས་བསྐོལ་བ་བླུད་ནས་རྒྱ་སྤོས་ལྔ་པ་མར་དུ་བསྐོལ་པ་མངལ་ནང་ཡེའུས་བྱུག    མཁྲིས་པ་ལས་གྱུར་པར་དང་པོ་སྦྱངས་པ་བྱས་ལ་ཉེ་ཤིང་སྲང་བཞི་རློམ་པ་བསྡུས་པའི་ཁུ་བ་སྲང་བརྒྱད་འོ་མར་དང་བཅས་པ་བསྐོལ་བའི་ཁུ་བར་ར་མཉེ།  ཉེ་ཤིང་།   ཤིང་མངར།  རྒུན་འབྲུམ་དང་།  རྩ་འབའ་ལ་དང་པི་ལིང་གཉིས་སྲང་བརྒྱད་དང་།  ཀ་ར་སྲང་བཅུ། སྦྲང་དེ་རྣམས་ཀྱི་ཕྱེད་ཕྱེད་སྦྱར་བ་བཏང་བས་མངལ་ཁྲག་ཁུ་བའི་ནད་སེལ་ཞིང་རོ་་ཙ་བུ་སྐྱེད་ཀྱི་མཆོག་ཏུ་བཤད།   ཁྲག་གྱུར་ལ་གཟེ་མ་ཉེ་ཤིང་ལོ་མར་སྦྱར་བའམ་ཤིང་མངར་དང་།  སྦྲང་རྩི།  སྐྱེར་པ།   པྲི་ཡང་ཀུ་རྣམས་འབྲས་དཀར་པོ་བཀྲུས་པའི་ཆུར་སྦྱར་བས་མངལ་ཁྲག་འཛག་པ་གཅོད་པ་ཡིན།    བད་ཀན་ལས་གྱུར་པར་བུར་ཆང་དང་ཨ་རུའི་ཆང་བསྟེན་ཞིང་།  པི་ལིང་གསུམ་པ་སྦྲང་དང་སྦྱར་བའམ་ནག་མཚུར་དྲུག་པ་སྦྲང་དང་སྦྱར་བ་བཏང་ངོ་། །   ལྡན་པའི་ནད་ལ་གཉིས་འབྲེལ་དུ་གསོ་བ་དང་།  འདུས་པའི་ནད་ལ་ཀུན་གྱིས་གསོ་བ་སྦྱོར།  མངལ་གྱི་ནད་ཀུན་ལ་རྒྱས་པར་མོ་ནད་སྐབས་བཞིན་སྦྱོར་བ་དང་།  མདོར་ན་ཉེ་ཤིང་ཁུ་བར་ཉེ་ཤིང་བདུན་པ་སྦྱར་བའི་ལྡེ་གུ་དང་།  རྩ་བ་ལྔ་སྟེང་དམར་པོ་གསུམ་སོགས་སྦྱར་བའི་བཅུ་བདུན་པ་མར་རམ་ཕྱེ་མ་སྦྱར་བ།   རྒྱུད་ཀྱི་རུ་རྟ་བཅོ་ལྔ་པའི་སྨན་མར་སོགས་ལེགས་པར་སྦྱར་ནས་བསྟེན་པར་བྱའོ། །   སྨན་མར་ཕྱི་མ་འདི་མངལ་ཆགས་པའི་དུས་ཟོས་ན་བུ་མི་འཆི་བར་སོས་པ་ལ་ཕན་ནོ། །  

དཔྱད་དུ་རྩ་སྦུབས་འཇམ་པོས་མངལ་ནད་སྦྱངས་པ་དང་།  ཟས་དྲོ་སྣུམ་འཇམ་པ་བསྟེན་པ་དང་།   རླུང་སྐྱེས་ན་མངར་སྐྱུར་སོགས་ཀྱང་སྤང་།   སྤྱོད་ལམ་དྲག་ཤུལ་བྱེད་པ་དང་ཉལ་པོ་་བྱེད་པ་རིང་དུ་སྤང་བར་བྱའོ། །

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-28

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།