སྐྱ་བྷེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐྱ་བྷེ་ནི་སྟག་འབུམ་རྒྱལ་གྱིས་བརྩམས་པའི་སྒྲུང་གཏམ《ཁྱི་རྒན》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་། ཁོང་ནི་ནག་ཞར་སྡེ་བའི་སྡེ་མི་ཞིག་ཡིན་ལ། ཁོས་རང་ལ་ནམ་ཡང་གནོད་འཚེ་གཏོང་བའི་ཁྱི་རྒན་དེ་གསོད་ཆེད་ཐབས་བརྒྱ་ཇུས་སྟོང་བཀོལ་ཡང་དོན་མ་འགྲུབ། རང་ཉིད་ཐབས་ཟད་དེ་ཡོད་སྐབས་རང་ཚང་གི་གཡག་རྒན་གྱིས་རྭ་གཡུག་གཅིག་གིས་བསད་ཚར། དེ་ནས་ཁོས་ཁྱི་རྒན་ཤི་རོ་དེ་གནས་གང་མང་ལ་གཡུགས་པས་དོན་མང་པོ་བྱུང་བ་དང་མཇུག་མཐར་ཁོས་རིལ་མ་སྤུངས་པའི་འགྲམ་དུ་གཡུགས་བཞག་པ་ན་དེ་ནས་བཟུང་ཟིང་སློང་གི་མཇུག་འགྲིལ་ཏེ་གྲགས་འགུལ་ཅི་ཡང་མ་བྱུང་།
གཞི་རྩའི་གནས་ཚུལ།

རྩོམ་ཁུངས།
《ཁྱི་རྒན》
རྩོམ་པ་པོ།
སྐྱ་བྷེ།
1 ངོ་སྤྲོད།

སྐྱ་བྷེ་ནི་སྟག་འབུམ་རྒྱལ་གྱིས་བརྩམས་པའི་སྒྲུང་གཏམ《ཁྱི་རྒན》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་།   ཁོང་ནི་ནག་ཞར་སྡེ་བའི་སྡེ་མི་ཞིག་ཡིན་ལ།  ཁོས་རང་ལ་ནམ་ཡང་གནོད་འཚེ་གཏོང་བའི་ཁྱི་རྒན་དེ་གསོད་ཆེད་ཐབས་བརྒྱ་ཇུས་སྟོང་བཀོལ་ཡང་དོན་མ་འགྲུབ།  རང་ཉིད་ཐབས་ཟད་དེ་ཡོད་སྐབས་རང་ཚང་གི་གཡག་རྒན་གྱིས་རྭ་གཡུག་གཅིག་གིས་བསད་ཚར།  དེ་ནས་ཁོས་ཁྱི་རྒན་ཤི་རོ་དེ་གནས་གང་མང་ལ་གཡུགས་པས་དོན་མང་པོ་བྱུང་བ་དང་མཇུག་མཐར་ཁོས་རིལ་མ་སྤུངས་པའི་འགྲམ་དུ་གཡུགས་བཞག་པ་ན་དེ་ནས་བཟུང་ཟིང་སློང་གི་མཇུག་འགྲིལ་ཏེ་གྲགས་འགུལ་ཅི་ཡང་མ་བྱུང་།

2 འབྲེལ་ཡོད་གཏམ་རྒྱུད།

སྐྱ་བྷེ་ནི་ནག་ཞར་སྡེ་བའི་སྡེ་མི་ཞིག་ཡིན་ལ།  ཁོས་རང་ལ་ནམ་ཡང་གནོད་འཚེ་གཏོང་བའི་ཁྱི་རྒན་དེ་གསོད་ཆེད་ཐབས་བརྒྱ་ཇུས་སྟོང་བཀོལ་ཡང་དོན་མ་འགྲུབ།  རང་ཉིད་ཐབས་ཟད་དེ་ཡོད་སྐབས་རང་ཚང་གི་གཡག་རྒན་གྱིས་རྭ་གཡུག་གཅིག་གིས་བསད་ཚར།  དེ་ནས་ཁོས་ཁྱི་རྒན་ཤི་རོ་དེ་རྩྭ་མཛོད་ར་བར་གཡུགས་པ་ལ།  ཕྱི་ཉིན་དེ་ལས་བརྩམས་ཏེ་ནག་ཞར་སྡེ་བ་ཡོངས་རྫོགས་ཡམ་ཡོམ་དུ་གཡོས།  སྐྱ་བྷེ་སྡོད་མ་ཚུགས་པར་དགུང་མོ་དེར་ཁྱི་རོའི་གནས་སྤར་ཏེ་སློབ་གྲྭའི་ལྟག་རྒྱབ་ཀྱི་ས་དོང་དུ་འཕངས།  དེ་ཡང་མ་འགྲིག་པར་ཕྱི་ཉིན་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས“རྣར་གཟན་ལ་སྙིང་འཕར་བའི་དམོད་མོ་སྣ་ཚོགས་བཏང”  སྐྱ་བྷེས་མཇུག་འབྲས་གདུག་རྩུབ་ཅན་འོངས་པར་དོགས་ནས་ཐེངས་གསུམ་པར་བརྗེ་སྤོར་བྱ་རྒྱུར་ཐག་བཅད།   དེ་ནས་བསམ་བློ་མང་བོ་བཏང་མཐར་ལུང་གོག་ཅིག་ཏུ་བསྐྱུར་བ་ལ།  ཉིན་གསུམ་པའི་དུས་སུ་སྐྱ་བྷེ་རང་གི་རྣར་ཡང་མི་འགྲོ་བའི་དོན་དག་བྱུང་བ་སྟེ།  མ་གཞི་ཁྱི་རོ་དེ་ཨ་ལགས་ཀྱི་ཨ་མའི་དུར་འགྲམ་དུ་བསྐྱུར་སོང་།   འཇིགས་དངངས་དཔེ་མི་སྲིད་པ་ཞིག་གིས“ཁྱི་རྒན་གྱི་རོ་དེ་ཡང་བསྐྱར་གནས་སྤོར་བྱེད་དགོས་སྙམ།  ད་ནི་གང་ཞིག་ལ་སྤོར།  གང་ལྟར་ཡང་མིས་མི་མཐོང་སར་འཕངས་པས་མི་ཕན་པས་གང་ཞིག་ལ་སྤར་ན་བཟང་བའང་མི་རྟོགས”   དེ་ནས་ཁྱི་རོ་ཕྱིར་བཏོན་ཏེ་ཐལ་ཕུང་གི་ཞབས་སུ་འཇུག་འདོད་ཀྱང་དེར་ཡང་ཁོའི་བློ་མ་བདེ།  “ཁོ་རང་ལ་ཐབས་བཀོད་ཅི་ཡང་མ་བྱུང་བར་རིལ་མ་སྤུངས་པའི་འགྲམ་དུ་གཡུགས་བཞག་པ་ལ”དེ་ནས་བཟུང་ཟིང་སློང་གི་མཇུག་འགྲིལ་ཏེ་གྲགས་འགུལ་ཅི་ཡང་མ་བྱུང་། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།