མིད་ཁ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མིད་ཁ།
ལེབ་མོ་ལྡུག་མའི་དབྱིབས་ཤ་ཅན་གྱི་དབུགས་གཏོང་ལེན་བྱེད་པའི་སྦུག་ལམ་དེར་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
ཕྱི་ཡིག་གི་མིང་།
fauces
1 མིད་ཁའི་ལུས་ཁམས་ཀྱི་ནུས་པ།
1_1 དབུགས་གཏོང་ལེན་བྱེད་པའི་ནུས་པ།

རྒྱུན་ལྡན་གྱི་དབུགས་གཏོང་ལེན་བྱེད་སྐབས་ཁ་དབུགས་སྣ་དང་མིད་ཁུང་དུ་བརྒྱུད་སྐབས།  རྐན་ཕུགས་ངེས་པར་དུ་ལྷོད་པོ་ཡིན་དགོས།  གལ་ཏེ་སྣ་དང་མིད་ཁར་ལྷད་རྫས་སོགས་ཀྱིས་བཀག་ཡོད་ཚེ།  སྣའི་ཁུང་གི་རྒྱུན་ལྡན་ལྟར་དབུགས་གཏོང་ལེན་བྱེད་པའི་ནུས་པར་ཤུགས་རྐྱེན་ཐེབས་ནས་ཁ་གདངས་ནས་དབུགས་གཏོང་ལེན་བྱེད་དགོས།  མིད་ཁུང་འབྱར་རྩིའི་ནང་དུ་རྨེན་གཟིགས་ཡོད།       དེ་བས་མུ་མཐུད་དུ་ཁ་དབུགས་དྲོན་མོ་ཡིན་པ་དང་བཞའ་རློན་ལྡན་པའི་ནུས་པ་ཡོད། 

1_2 སྲུང་སྐྱོབ་དང་སྔོན་འགོག་གི་ནུས་པ།     

མིད་ཁའི་འགུལ་སྐྱོད་གྱིས་ལུས་པོའི་སྲུང་སྐྱོབ་ལ་ནུས་པ་གལ་ཆེན་ཞིག་ཐོན་ཡོད་པས།   མིད་པ་དང་སྐྱུག་པའི་སྐབས་སུ།  མིད་ཁ་སྐུམ་འཐེན་བྱེད་པའི་སྐབས་སུ་ཅུང་ཙམ་ཞིག་ལ་སྣ་ཁུང་དང་ཨོལ་མདུད་སྒོ་རྒྱབ་ནས་ཟ་མ་སྣ་ཁུང་དང་གློ་ཡུ་ནང་དུ་འབྱིན་རྔུབ་མི་བྱེད་པ།  གལ་ཏེ་ལྷད་རྫས་མིད་པར་སོང་ན་མིད་ཁ་སྐུམ་འཐེན་བྱས་ནས་ལྷད་རྫས་མིད་པར་མི་འགྲོ་བར་བཀག་འགོག་བྱས་ནས་སྐྱུག་པར་ཚུང་སྣང་བྱས་ནས་མི་གཙང་བའི་ཟ་མའམ་ལྷད་རྫས་སོགས་མར་སྐྱུག་པ། འགོ་ནད་ཐར་བ་རིག་པའི་ཞིབ་འཇུག་བྱས་པ་ལྟར་ན།   ལྐོག་རྨེན་གྱི་ནང་དུ་དུག་སྲིན་འགོག་རྫས་ཕྲ་ཕུང་Bདང་Tཕྲ་ཕུང་ཡོད་པ་དང་དེ་ལས་གཞན་ད་དུང་འགོ་ནད་ཐར་བ་དཔེར་ན(IgG、IgA、IgM、IgD、IgE)སོགས་སྣ་མི་གཅིག་པ་མང་པོ་ཡོད་པས།  ལུས་པོའི་འགོ་ནད་ཐར་བ་དང་ཕྲ་ཕུང་གི་འགོ་ནད་ཐར་བའི་ནུས་པ་ཆེན་པོ་ལྡན་ནོ། །

1_3 མཉམ་སྒྲོག་གི་ནུས་པ།      

སྐད་གྲགས་སྐབས་མིད་ཁུང་གིས་དབྱིབས་འགྱུར་ལྡོག་བྱུང་བར་བྱས་ནས་མཉམ་སྒྲོག་ཐོན་པ་དང་།  སྐད་གདངས་གསལ་མི་གསལ་དང་སྙན་མི་སྙན།  དེ་ལས་གཞན་རྐན་ཕུགས་ཀྱི་ནུས་པ་དེ་ལས་ཀྱང་གཙོ་བོ་ཡིན་ནོ། །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-28

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།