ཤ་སྦྲང་། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ3ཡོད།

ཤ་སྦྲང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སྒྲུང་གཏམ།)

ཤ་སྦྲང་།
ཤ་སྦྲང་ནི་ཧྥུ་ཉི་ཆིས་སྤྱི་ལོ1897ལོར་བརྩམས་པའི་སྒྲུང་རིང《ཤ་སྦྲང》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་། ཁོ་ནི་རང་ཉིད་ཀྱི་གསར་བརྗེ་དད་མོས་ཆེད་དུ་ལས་དབང་གི་མནར་གཅོད་མྱོང་མཁན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
牛虻
ཕྱི་ཡིག་གི་མིང་།
Gadfly
མིང་གཞན།
ཡ་སེ།
རྩོམ་ཁུངས།
《ཤ་སྦྲང》
རྩོམ་པ་པོ།
ཧྥུ་ཉི་ཆི།
1 ངོ་སྤྲོད།

ཤ་སྦྲང་ནི་ཧྥུ་ཉི་ཆིས་སྤྱི་ལོ1897ལོར་བརྩམས་པའི་སྒྲུང་རིང《ཤ་སྦྲང》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་།  ཁོ་ནི་རང་ཉིད་ཀྱི་གསར་བརྗེ་དད་མོས་ཆེད་དུ་ལས་དབང་གི་མནར་གཅོད་མྱོང་མཁན་ཞིག་ཡིན།

2 འབྲེལ་ཡོད་གཏམ་རྒྱུད།

ཤ་སྦྲང་གི་མིང་དངོས་ལ་ཡ་སེ་ཟེར་བ་དང་།  ཟེར་རྒྱུ་ནི་དབྱིན་ཇིའི་ཚོང་དཔོན་ཆེན་པོ་པོར་ཏུན་དང་དེའི་བུད་མེད་གཞུག་མ་ཀོ་ལན་ཏེ་སི་གཉིས་ཀྱི་བྱིས་པ་ཡིན་ཟེར་ཀྱང་།  དོན་དངོས་སུ་ཀོ་ལན་ཏེ་སིའི་བྱི་ཕྲུག་ཡིན་པ་ཐག་གིས་ཆོད།  དེའི་རྐྱེན་གྱིས་ཁོར་ཆུང་དུས་ནས་མ་གཡར་གྱི་བྱིས་པ་དང་དེའི་མནའ་མ་སོགས་ཀྱིས་ནམ་རྒྱུན་མཐོང་ཆུང་བྱེད་པར་མ་ཟད།  ཁོའི་ཨ་མས་ཀྱང་མནར་གཅོད་དང་བརྙས་བཅོས་ཆེན་པོ་མྱངས།  དེ་ཚོའི་བྱ་སྤྱོད་དེ་དག་ལ་ཁོ་སེམས་གཏིང་ནས་མི་དགའ་ནའང་།  ཁོས་དོན་དངོས་ག་འདྲ་ཞིག་ཡིན་པ་མི་ཤེས་པས་ཁ་རོག་ཏུ་མི་འདུག་ཐབས་མེད་དུ་གྱུར། 

ལོ་ན་ཅུང་ཆེ་དུས།  ཁོར་པི་ས་ལྷ་རིག་སློབ་གྲྭ་ཆེན་མོའི་སློབ་གཙོ་སྟེ་མོང་ཐེ་ཉི་ལིས་ཐུགས་ཁུར་གང་མང་བྱས་པས།  རྗེས་སུ་དབྱི་ཐ་ལིའི་ན་གཞོན་ཏང་གི་ནང་དུ་ཞུགས་ཏེ་གསང་བའི་སྒོ་ནས་གསར་བརྗེའི་ལས་ཀ་སྒྲུབ་གང་ཐུབ་བྱས།  མོང་ཐེ་ཉི་ལི་ལས་གནས་སྤར་ཏེ་རོ་མའི་ཆོས་གཙོ་བྱེད་དུ་སོང་བའི་རྗེས་སུ།  གསར་དུ་ཡོང་བའི་སློབ་གཙོ་ཁཱར་ཏེ་ནི་ཁོའི་ལྟུང་བཤགས་ཀྱི་ཆོས་དཔོན་དུ་གྱུར།  ཐེངས་ཤིག་སྔར་བྱས་ལས་ལ་འགྱོད་བཤགས་བྱེད་པའི་སྐབས་སུ་མཉམ་མ་བཞག་པར་ཁོ་རང་ཉིད་དང་མི་གཞན་གྱི་ཏང་ཡོན་ཐོབ་ཐང་གི་གསང་དོན་དེ་ཕྱིར་བསྒྲགས་པས།  ཆོས་དཔོན་གྱིས་ཁོ་ཚོའི་གསང་བ་དེ་མི་གཞན་ལ་ཕུད་དེ་ཁོ་བཙོན་དུ་བཟུང་།  བཙོན་ནས་ཐར་རྗེས།  ཁོའི་དགའ་གྲོགས་མ་ཆོང་མ་ཞེས་པས་ཁོས་རང་གི་གསར་བརྗེའི་འཐབ་གྲོགས་གཡོ་འཚོང་བྱས་བྱུང་འདོད་ནས་ཁོ་དང་འབྲེལ་བ་བཅད།  དེ་ནས་ཁོ་རང་གི་ཡུལ་དུ་འཁོར་དུས་སྔར་བཞིན་མ་མི་གཅིག་པའི་ཕུ་བོ་དང་དེའི་བཟའ་ཟླ་མའི་བརྙས་བཅོས་མྱོང་དགོས་བྱུང་ལ།  མོང་ཐེ་ཉི་ལི་ནི་རང་གི་གསང་བའི་ཕ་ངོ་མ་ཡིན་པ་ཤེས་སོང་།  རྒྱུ་རྐྱེན་དེ་དག་གིས་ཁོས་ཆོས་ཚོགས་ཀྱི་གཡོ་ཟོལ་དང་ལོག་སྤྱོད་ཀྱི་རང་གཤིས་མངོན་སུམ་དུ་མཐོང་ལ།  ཆོས་ཚོགས་དང་གཏིང་འགལ་བྱས་ཏེ་རང་སྲོག་གཅོད་ཁུལ་བྱས་ནས་གསང་སྟབས་ཀྱིས་མེ་གླིང་དུ་བྲོས། 

ལོ་བཅུ་གསུམ་གྱི་རྗེས་སུ་ཁོ་སླར་ཡང་རང་གི་མེས་རྒྱལ་གྱི་པང་དུ་འཁོར་ཏེ་ཧྥན་ལི་སི·ལེ་ཝ་ལི་སི་ཞེས་མིང་གཞན་ལ་བསྒྱུར་ནས་གསར་བརྗེའི་བྱ་བར་ཞུགས།  ཁོས་ནམ་རྒྱུན“ཤ་སྦྲང”ཞེས་པའི་སྨྱུག་མིང་གིས་གནམ་བདག་ཆོས་ལུགས་ཚོགས་པ་དང་ལོག་སྤྱོད་དབང་སྒྱུར་པའི་སྤྱོད་ངན་ཐེར་འདོན་དང་དེ་དག་ལ་ངོ་རྒོལ་བྱེད་པའི་རྩོམ་ཡིག་གང་མང་སྤེལ་པས་མི་དམངས་ཀྱི་དགའ་བསུ་ཐོབ།  སྐབས་དེར།  ཆོང་མ་ནི་ཤ་སྦྲང་ལ་ཧ་ཅང་དགའ་ནའང་ཁོའི་ངོ་ཟིན་ཐབས་བྲལ་ཏེ།  མེ་གླིང་གི་ཧ་ཅང་དཀའ་སྡུག་ཆེ་བའི་འཚོ་བས་ཁོའི་གདོང་ཡོངས་ལ་རྨ་ཁས་བཀང་བར་མ་ཟད།  རྐང་བ་གཡས་པའང་གྱོལ་བཞིན་འདུག་པས།  སྔོན་གྱི་ཡ་སེ་ཡི་རྣམ་འགྱུར་དང་ཚུགས་ཀ་ཕྲ་མོ་ཙམ་ཡང་མེད་འདུག  ཡིན་ནའང་།  ཤ་སྦྲང་གིས་གསར་བརྗེའི་བྱ་བ་དཀའ་སྤྱད་འབད་བརྩོན་གྱིས་སྒྲུབ་ཀྱིན་ཡོད་པས།  ཁོའི་ནད་རྙིང་ཕྱིར་འཕར་བྱུང་།  ནད་དྲག་རྗེས།  ཤ་སྦྲང་གིས་ཆོང་མར་སློབ་གསོ་བཏང་སྟེ་རང་དང་མཉམ་དུ་དམག་མཁོ་མཚོན་ཆ་ལྐོག་འདྲེན་བྱས་ནས་དྲག་པོའི་གྱེན་ལོག་བྱེད་པར་གྲ་སྒྲིག་བྱས་ཤིང་།  གསར་བརྗེའི་འགན་འཁུར་གྲུབ་རྗེས་ཁོའི་སྔར་གྱི་དོན་དག་ཚང་མ་གཅིག་ཀྱང་མ་ལུས་པར་མོར་བཤད་རྒྱུ་ཁས་བླངས་མོད།  སྟབས་མ་ལེགས་པ་ནི་ཐེངས་དེའི་བྱ་འགུལ་ཁྲོད་དུ་ཤ་སྦྲང་བཙོན་ལ་ཟིན་པར་གྱུར།  སྐབས་དེར་མོང་ཐེ་ཉི་ལི་བཙོན་ཁང་དུ་ཡོང་ནས་སེམས་སྙི་བར་བྱེད་པའི་སློབ་གསོ་བཏང་ཡང་བསམ་ཐོག་ཏུ་མ་ཡོང་།  བཙོན་ཁང་དུ་ཡོད་དུས་ཤ་སྦྲང་ཁོའི་གྲོགས་པོའི་རོགས་རམ་འོག་སྒོར་འབྲོ་གྲབས་བྱས་ནའང་ནད་རོ་བསྐྱར་དུ་ལངས་པས་འབྲོ་མ་ཐུབ།  དགྲ་བོས་ཁོ་གང་མྱུར་གྱིས་གསོད་གྲབས་བྱས།  མོང་ཐེ་ཉི་ལིས་ཤ་སྦྲང་ནི་དེ་སྔོན་གར་སོང་ཆ་མེད་དུ་གྱུར་པའི་ཡ་སེ་ཡིན་པ་ཤེས་རྗེས་ཕ་སེམས་བུ་ཐོག་ཏུ་འཁོར་བ་ལྟ་ཞོག   ལྡོག་སྟེ་གནམ་གྱི་གོང་མ་དང་བུ་གཉིས་ལས་གང་འདོར་གང་ལེན་གྱི་གདམ་ག་ཞིག་བྱས་རྗེས་འདང་རྒྱག་ཅི་ཡང་མེད་པར་སེམས་ཁོང་ནས་རྒྱང་དུ་དོར།  ཅང་མ་འགོར་པར་ཤ་སྦྲང་ནི་དགྲ་བོའི་གྲི་འོག་ནས་ཤི།  

ཉིན་བཅུའི་རྗེས་སུ་ཆོང་མའི་ལག་ཏུ་ཤ་སྦྲང་གིས་བཙོན་ཁང་ནས་བྲིས་པའི་འཕྲིན་ཡིག་འབྱོར་པ་དང་།  ཤ་སྦྲང་ནི་རང་གི་དགའ་གྲོགས་ཡ་སེ་ཡིན་པ་ཤེས་རྗེས།  མོ་སྡུག་བསྔལ་གྱི་ཁྲོད་དུ་བློ་མཐུན་རྣམས་དང་མཉམ་དུ་འཐབ་རྩོད་ཀྱི་ཁྲོད་དུ་ཞུགས་ཏེ་གསར་བརྗེའི་རྒྱལ་ཁ་འཐོབ་པར་འབད་བརྩོན་བྱས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-12

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།