ལྕམ་མོ་པོ་ཧྥ་ལི། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ལྕམ་མོ་པོ་ཧྥ་ལི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རྟོག་བཟོའི་མི་སྣ།)

ལྕམ་མོ་པོ་ཧྥ་ལི།
ལྕམ་མོ་པོ་ཧྥ་ལི་ནི་ཧྥ་རན་སེའི་དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་མིང་དུ་གྲགས་པའི་རྩོམ་པ་པོ་ཧྥུ་ལིག་པད་ཀྱིས་བརྩམས་པའི་སྒྲུང་རིང《ལྕམ་མོ་པོ་ཧྥ་ལི》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་། མོ་ནི་ལྷད་མ་འདྲེས་པའི་མ་རྩ་རིང་ལུགས་ཆུང་གྲས་སུ་གཏོགས་པའི་བུད་མེད་ཅིག་ཡིན། དགེ་སྒྲུབ་གླིང་གི་སྡོམ་པ་སྲུང་དགོས་པའི་འཚོ་བ་དང་འཆར་ཡན་རིང་ལུགས་ཀྱི་སྒྲུང་གཏམ་གྱིས་མོ་ཉིད་ལ་རང་གི་གནས་བབ་དང་མི་མཐུན་ཞིང་། སྟོང་སེམས་དང་དངོས་ཡོད་ལས་བརྒལ་བའི་གཤིས་ཀ་ཆགས་སུ་བཅུག མོ་རང་དངོས་སུ་སྤྱི་ཚོགས་ཁྲོད་ཞུགས་རྗེས་ཡུལ་མཐའ་འཁོབ་པའི་ཁོར་ཡུག་དང་བསམ་པའི་འཚོ་བ་དབེན་པའི་ཁྱིམ་ཚང་དེས་མོའི་སེམས་པའི་སྟོང་ཆ་དེ་བསྐང་ཐབས་མེད་ཅིང་། དགའ་སྐྱིད་ཁོ་ནར་བསམ་པའི་སྤྱི་ཚོགས་ཁོར་ཡུག་དེས་མོའི་ཡིད་སེམས་ལ་ལྷད་ཞུགས་པས་མཐར་མོ་རང་འཆལ་སྤྱོད་ཀྱི་ལམ་དེར་ཞུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
包法利夫人
ཕྱི་ཡིག་གི་མིང་།
Madame Bovary
དངོས་མིང་།
ཨད་མ།
རྩོམ་ཁུངས།
《ལྕམ་མོ་པོ་ཧྥ་ལི》
རྩོམ་པ་པོ།
ཧྥུ་ལིག་པད།
1 ངོ་སྤྲོད།

ལྕམ་མོ་པོ་ཧྥ་ལི་ནི་ཧྥ་རན་སེའི་དངོས་ཡོད་དགག་རྒྱག་རིང་ལུགས་ཀྱི་མིང་དུ་གྲགས་པའི་རྩོམ་པ་པོ་ཧྥུ་ལིག་པད་ཀྱིས་བརྩམས་པའི་སྒྲུང་རིང《ལྕམ་མོ་པོ་ཧྥ་ལི》ནང་གི་མི་སྣ་གཙོ་བོ་ཡིན་ཞིང་།  མོ་ནི་ལྷད་མ་འདྲེས་པའི་མ་རྩ་རིང་ལུགས་ཆུང་གྲས་སུ་གཏོགས་པའི་བུད་མེད་ཅིག་ཡིན། དགེ་སྒྲུབ་གླིང་གི་སྡོམ་པ་སྲུང་དགོས་པའི་འཚོ་བ་དང་འཆར་ཡན་རིང་ལུགས་ཀྱི་སྒྲུང་གཏམ་གྱིས་མོ་ཉིད་ལ་རང་གི་གནས་བབ་དང་མི་མཐུན་ཞིང་།   སྟོང་སེམས་དང་དངོས་ཡོད་ལས་བརྒལ་བའི་གཤིས་ཀ་ཆགས་སུ་བཅུག     མོ་རང་དངོས་སུ་སྤྱི་ཚོགས་ཁྲོད་ཞུགས་རྗེས་ཡུལ་མཐའ་འཁོབ་པའི་ཁོར་ཡུག་དང་བསམ་པའི་འཚོ་བ་དབེན་པའི་ཁྱིམ་ཚང་དེས་མོའི་སེམས་པའི་སྟོང་ཆ་དེ་བསྐང་ཐབས་མེད་ཅིང་།     དགའ་སྐྱིད་ཁོ་ནར་བསམ་པའི་སྤྱི་ཚོགས་ཁོར་ཡུག་དེས་མོའི་ཡིད་སེམས་ལ་ལྷད་ཞུགས་པས་མཐར་མོ་རང་འཆལ་སྤྱོད་ཀྱི་ལམ་དེར་ཞུགས།

2 འབྲེལ་ཡོད་གཏམ་རྒྱུད།

སྤྱི་ལོ1837ལོའི་མཚན་མོ་ཞིག་ལ།      ཞིང་བདག་རྒད་པོ་ལའུ་ཨུག་སེམས་ཆུང་མ་བྱས་པར་ཐང་ལ་འགྱེལ་ནས་རང་གི་རྐང་བར་རྨས་སྐྱོན་ཤོར།        སྨན་པ་ཆ་ལི·པོ་ཧྥ་ལི་ཞིང་གྲོང་དུ་ཡོང་ནས་ཁོར་སྨན་བཅོས་བྱས།       རྒད་པོ་ལུའ་ཨིག་གི་བུ་མོ་ཨད་མ་ནི་མཛེས་མ་ཞིག་ཡིན།     དེ་ནས་བཟུང་སྨན་པ་པོ་ཧྥ་ལི་མོར་ཆགས་ནས་ཁོམ་པ་རེ་ཡོད་ཚེ་མོར་ལྟ་རུ་ཡོང་བཞིན་ཡོད།        པོ་ཧྥ་ལིའི་ཆུང་མ་ནི་བུད་མེད་བཙན་པོ་ཞིག་ཡིན་ཞིང་དུས་རྒྱུན་ཁོ་རང་གཅུན་ཅི་ཐུབ་བྱེད་ཀྱིན་ཡོད་མོད།    དོན་དག་དེ་བྱུང་བས་སེམས་བྱིང་རྒོད་དུ་གྱུར་ནས་ཅང་མ་འགོར་བར་ཚེ་ལས་འདས།    པོ་ཧྥ་ལིས་དེ་དང་བསྟུན་ནས་གཉེན་བསླངས།       སྐབས་དེའི་རྒད་པོ་ལའུ་ཨུག་ནི་རྒྱུ་ཟད་ནས་མ་རྩ་ཡང་བརྡིབ་ལ་ཉེ་འདུག་པས་རྫོངས་པ་མི་དགོས་པའི་པོ་ཧྥ་ལིར་བུ་མོ་གནས་ལ་མི་སྟེར་ཀ་མེད་བྱུང་།

གཉེན་བསྒྲིགས་རྗེས་ཀྱི་ཨད་མ་མིག་སྔར་གྱི་འཚོ་བ་དེར་ཡིད་ཆད།         མོ་ནི་དགེ་སྒྲུབ་གླིང་དུ་སློབ་གསོ་མྱངས་པ་ཡིན་པས་སྐབས་དེར་དགེ་སྒྲུབ་གླིང་གི་བྲོ་བ་མེད་པའི་འཚོ་བ་དེར་ཡིད་མུག་ནས་གསང་བའི་སྒོ་ནས་ཕོ་མོ་བར་གྱི་བརྩེ་དུངས་བརྗོད་པའི་འཆར་ཡན་རིང་ལུགས་ཀྱི་སྒྲུང་གཏམ་གང་མང་ལ་བལྟས་མྱོང་།       དུས་རྒྱུན་ཡིད་སེམས་སྐྱོམ་པའི་ཕོ་མོ་བར་གྱི་འཚོ་བ་དེར་ཡིད་སྨོན་བྱེད་བཞིན་ཡོད།       ཁ་ལྕེ་མེད་པ་དང་ལྟ་ཚུལ་གླེན་རྟགས་ཚ་བ།        སྐྱེས་པ་ཞིག་གི་ཉམས་ཙམ་ཡང་མེད་པའི་པོ་ཧྥ་ལིས་ཨད་མའི་བརྩེ་དུངས་ཐད་བཅངས་པའི་སྟོང་བསམ་དེ་རལ་བས་མོ་ཉིད་སྡུག་བསྔལ་ཆེན་པོའི་ཀློང་དུ་བྱིང་།      ཟླ་དགུ་བའི་ཟླ་མཇུག་ཏུ་ཐག་ཉེ་ས་ཞིག་ན་ཡོད་པའི་ཧུ་ཅོའི་ཆོ་ལོ་ལྡན་པའི་སྐུ་དྲག་ཅིག་གིས་ཁོ་བཟའ་ཟླ་གཉིས་བྲོ་ཚོགས་ཤིག་གི་སྟེང་དུ་གདན་ཞུ་བྱས།       བྲོ་ཚོགས་ཀྱི་རྒྱས་ཤོམ་དང་ལུས་སེམས་གཉིས་ཀ་རྒྱ་ཡན་དུ་གཏོང་སྟངས་དེར་མོ་རང་ཆགས་ནས་ནམ་གུང་བསླེབས་རག་བར་དེ་གར་དགའ་མགུའི་དཔལ་ལ་རོལ་ནས་བསྡད།     བྲོ་ཚོགས་སྟེང་གི་རྣམ་པ་ཡོད་ཚད་ཀྱིས་མོའི་སེམས་ཡུན་རིང་ཞིག་ལ་དབང་དུ་བསྒྱུར་ཅིང་དེར་ཕྱིར་དྲན་བྱེད་པ་ནི་རང་སེམས་གཡེང་བྱེད་ཀྱི་རྒྱུ་རུ་གྱུར་པས།     བྲོ་བ་ཅི་ཡང་མེད་པའི་འཚོ་བ་འདིར་ལྷག་དོན་བཟོད་གླགས་བྲལ་བྱུང་།      མོའི་གཤིས་ཀ་དེ་ཡང་རིམ་བཞིན་ངང་ཐུང་གཏོལ་མེད་ཅིག་ཏུ་གྱུར།    དུས་རྒྱུན་བཟའ་ཟླ་ལ་ས་དེའི་ནམ་ཟླ་མི་བཟང་ཞེས་ལེ་བདའ་བྱས་མཐར།        པོ་ཧྥ་ལིར་ཐབས་ཟད་ནས་རང་ཁྱིམ་ཏའོ་ཐིག་ནས་ཡུན་ཀྲིན་གྲོང་རྡལ་དུ་གནས་སྤར།     དེ་ནས་ཨད་མ་མིང་ལ་ལེ་ཨང་ཟེར་བའི་ཕོ་གསར་ཞིག་དང་ངོ་ཤེས་སུ་གྱུར།        གཉིས་ཀ་ཐུག་མ་ཉིད་ནས་ལྟ་བ་མཐུན་ཞིང་བཤད་རྒྱུ་ཡང་གང་མང་ཞིག་འདུག         ཕྱིས་སུ་ཁོ་གཉིས་དུས་རྒྱུན་ངོ་ཐུག་བཞིན་ཡོད་ལ།        ལེ་ཨང་གིས་ཀྱང་རང་གི་འདོད་བློ་བསྟན་མོད།        སྐབས་དེར་ཁོ་རང་ད་དུང་ལོ་ན་གཞོན་དྲགས་པས་ལག་ཕུད་ནས་དོན་ཐོག་ལ་འཇོག་མ་ཐུབ།        ཨད་མས་ཀྱང་ཚུལ་ལས་འདའ་རུ་མ་བཅུག      རང་སེམས་ཀྱི་སུན་སྣང་དེ་དག་འདོར་ཆེད་ཨད་མས་ཀྱང་ཁྱིམ་ཚང་ལ་ཤ་ཚ་བ་ཞིག་ཏུ་གྱུར་པར་མ་ཟད།      དུས་ལྟར་ཆོས་ཁང་དུ་སོང་ནས་ཉེས་བཤགས་བྱས།     ཆོས་པ་རིག་རྟུལ་ཞིག་ཡོད་པ་དེས་མོར་ལྷག་དོན་སུན་སྣང་བཟོས།      ལེ་ཨང་ཡང་སེམས་སྡུག་ལས་གྲོལ་ཕྱིར་པ་ལིར་སློབ་གཉེར་བྱེད་དུ་སོང་།

དུས་ནི་མི་སྡོད་བགྲོད་པ་བཞིན་འཚོ་བའང་དེ་དང་བསྟུན་ནས་ཉིན་རེ་ལས་ཉིན་རེར་སྡུག་གིས་ཁེངས་འོངས།        ཉིན་ཞིག་ལ་ཁོ་ཚང་དང་ཐག་མི་རིང་བའི་གཞིས་ཀ་རུ་ཡོད་པའི་ཞིང་བདག་ལོ་ཏའོ་འར་ཧྥོ་ཞེས་པ་པོ་ཧྥ་ལི་ཚང་མ་སྨན་ཞིག་ལེན་དུ་ཡོང་།      ཁོས་ཨད་མ་བློར་འབབ་ཅིག་ཡོད་པ་དང་པོ་ཧྥ་ལི་ཅུང་དམུན་པོ་ཞིག་ཡིན་པ་མཐོང་ནས་མོ་ཚུར་འགུག་འདོད་བྱུང་།       ཏག་ཏག་སྐབས་དེར་ཡུན་ཀྲིན་གྲོང་རྡལ་དུ་ཞིང་ཆས་འགྲེམ་ཚོགས་ཤིག་ཡོད་པས་ལོ་ཏའོ་འར་ཧྥོས་ཨད་མ་ཁྲིད་ནས་དེར་ལྟ་རུ་སོང་།      ཚོགས་ཐོག་ནས་གཉིས་ཀས་ཕན་ཚུན་ལ་ཆགས་སེམས་བསྟན་ཞིང་མོ་ཡང་ལོ་ཏའོ་འར་ཧྥོས་རྒྱུ་མ་ལག་མགོར་དཀྲིས།     ལས་དེ་ལ་བྱང་ཆ་ཡོད་པའི་ལོ་ཏའོ་འར་ཧྥོས་བསམ་གཟས་ནས་ཟླ་གཅིག་ལྷག་གི་རྗེས་སུ་ད་གཟོད་མོའི་མདུན་ལ་ཐོན་པ་ན་མོ་དེ་མ་ཉིད་དུ་ཁོའི་འགྲོགས་བཟང་དུ་གྱུར།       གཉིས་ཀ་དུས་རྒྱུན་ལྐོག་འཕྲད་བྱས་ཤིང་ཨད་མའི་ཡིད་སེམས་དེ་བདུད་ཀྱིས་ཁ་ལོ་བསྒྱུར་པ་བཞིན་ལོ་ཏའོ་འར་ཧྥོ་ལ་ཞུ་བ་བྱས་ནས་མོ་གནས་གཞན་དུ་ཁྲིད་པར་སྐུལ།        ཡིན་ནའང་ལོ་ཏའོ་འར་ཧྥོས་མོ་ཉིད་རྩེད་ཆས་སུ་བཀོལ་བཞིན་ཡོད་པ་དང་།      ད་ལྟ་མོར་སུན་སྣང་ཡང་སྐྱེ་བཞིན་ཡོད་པས་མོར་འཕྲིན་ཡིག་ཅིག་བཞག་ནས་གར་སོང་ཆ་མེད་དུ་གྱུར།      དེས་མོའི་སེམས་བསད་དེ་ནད་ཅིག་བྱུང་ནས་མལ་སར་ལྷུང་།      ནད་ལས་སོས་རྗེས་མོས་སྔར་བྱས་བསྒྱུར་རྒྱུ་དང་འཚོ་བ་གསར་བ་ཞིག་གི་མགོ་གཟུང་རྒྱུ་ཞེས་རང་སེམས་སུ་དམ་བཅས།

པོ་ཧྥ་ལིས་ཨད་མའི་ཁམས་གཡེང་བར་མོ་ལོའུ་འང་གྲོང་དུ་ཁྲིད་ནས་ཟློས་གར་ལ་ལྟ་རུ་ཕྱིན།       དེ་ནས་མ་བསམ་ས་ནས་ལེ་ཨང་དང་ཕྲད།      ལོ་གསུམ་རིང་ལ་ཐུག་མ་མྱོང་བའི་ལེ་ཨང་ད་ལྟ་ཉམས་མྱོང་ཅན་ཞིག་ཏུ་གྱུར་ཡོད།        ཁོས་ད་ཐེངས་སྐལ་བ་ཡག་པོ་འདི་ཤོར་དུ་མི་འཇུག་ཅེས་གཉིས་ཀས་སྔར་གྱི་རྨི་ལམ་དེ་ཟླུམ་ཐབས་བྱས།      ཕྱིར་ཡུན་ཀྲིན་གྲོང་རྡལ་དུ་བསླེབས་རྗེས་ལེ་ཨང་དང་ལྷན་འཛོམས་བྱ་ཕྱིར་ཨད་མས་རྣོ་སྦྲེང་སྦྱང་རྒྱུར་ཁ་གཡར་ནས་བདུན་གཅིག་གི་ནང་ཐེངས་གཅིག་ལ་ལོའུ་འང་དུ་སོང་ནས་ཆགས་སྤྱོད་ཀྱི་ལས་ཁོ་ནར་གཡེང་།      མོས་ཚོང་བ་ལུག་ནེའི་གྱོན་ཆས་ཁང་དུ་ཆད་ལ་བཞག་ནས་ཤོམ་ལྭ་གང་མང་བླངས།       དོམ་ཉིན་རེ་ལས་ཉིན་རེར་ཇེ་མང་དུ་གྱུར།      གཡོ་སྒྱུ་ཆེ་བའི་ལུག་ནེས་ཉིན་ཞིག་ཨད་མའི་གསང་བ་དེ་ཤེས་ནས་སྒོ་ཁར་ཡོང་ནས་དོམ་དེད་དེ་ཁང་བ་སྐྱིན་ཚབ་ཏུ་སྟེར་དགོས་ཞེས་པ་ན།      ཨད་མས་ཀྱང་ཐབས་གཞན་མ་རྙེད་པར་དེ་ལྟར་བྱས།       ཁང་བ་བཙོངས་པའི་སྒོར་རྡོག་འགའ་བོའང་ཅང་མ་འགོར་བར་བརླགས་ཚར་བས།     མོས་མུ་མཐུད་དུ་གཞན་གྱི་ལག་ནས་སྒོར་མོ་བསྐྱིས་ཤིང་ཁྱིམ་ཆས་རྣམས་དེའི་ཚབ་ཏུ་བྱིན་ནས་ཁྱིམ་སྟོངས་པར་བཏང་།        ལུག་ནེས་དོམ་དེད་ནས་ལག་ལ་མ་སོན་པས་ཁྲིམས་ཁང་དུ་གཏུགས་ཏེ་པོ་ཧྥ་ལི་ཚང་གི་དངོས་པོ་ཡོད་ཚད་བཀག་ཉར་བྱས།

སྡུག་ལ་གཏད་པའི་ཨད་མས་ལེ་ཨང་གིས་རོགས་བྱེད་པར་རེ་བ་བཏོན་ཀྱང་ལེ་ཨང་གིས་ཁ་སྣ་ཚོགས་གཡོར་ཞོར་གར་སོང་ཆ་མེད་དུ་གྱུར།       མོས་ལོ་ཏའོ་འར་ཧྥོ་ཡིད་ལ་དྲན་ཏེ་སྔར་གྱི་བརྩེ་དུངས་བསམས་ཏེ་མོར་རོགས་ཤིག་ཨེ་བྱེད་སྙམ་ནས་ཧྥ་སྒོར་སྟོང་གསུམ་བསྐྱིས་ཤིག་ཅེས་རེ་བ་བཏོན་པ་ན།         ད་སོ་མར་མོའི་མདུན་དུ་པུས་བཙུགས་སུ་བསྡད་ཡོད་པའི་ལོ་ཏའོ་འར་ཧྥོ་གཟབ་ནན་ངང་ཡར་ལངས་ནས་སྒོར་མོ་ཞིག་གང་ན་ཡོད་ཅེས་ཚིག་རྡོ་ལོག་འདྲ་ཞིག་འཕངས་བྱུང་།       མོ་ལོ་ཏའོ་འར་ཧྥོ་ཚང་ནས་སྒོ་ཕྱིར་ཐོན་དུས་མོའི་སྣང་བར་གནམ་ས་འཁོར་བཞིན་ཡོད་ལ་སེམས་པ་གཡང་ལ་ལྷུང་།     མོ་ལམ་གང་བོར་སྨྱོ་རྒྱུག་བྱས་ནས་སྨན་སྡེབ་མཁན་གྱི་ཁྱིམ་དུ་ཡོང་ཞིང་།         གསོག་ཉར་ཁང་གི་སྒོ་ཕྱེ་ནས་ངར་དུག་སྤར་གང་བླངས་ནས་མིད།

ཨད་མ་ན་ཟུག་ཆེན་པོའི་ཁྲོད་མི་ཡུལ་དང་ཁ་གྱེས།       པོ་ཧྥ་ལི་སེམས་སྐྱ་མོ་ཐང་ལ་ལྷུང་བཞིན་མོའི་དོམ་འཇལ་བར་ཁྱིམ་ཚང་ཡོངས་བཙོངས།       སྡུག་རབ་དང་རིམ་པར་མྱངས་པའི་མི་གཞུང་དྲང་དེ་ཡང་ཅང་མ་འགོར་བར་སྡུག་བསྔལ་ཆེན་པོའི་ཁྲོད་ཕྱི་མའི་ལམ་དུ་ཆས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-19

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།