མཆན་སྤུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཆན་སྤུ།
མཆན་སྤུ་ནི་མིའི་ལུས་སྟེང་དུ་གྲུབ་པ་དང་ཕོ་མོའི་དབྱེ་བ་མེད་པར་སྐྱེས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
腋毛
ཕྱི་ཡིག་གི་མིང་།
armpit hair
1 མཆན་སྤུ་སྐྱེ་བའི་རྒྱུ་རྐྱེན།

མཆན་སྤུ་ནི་མིའི་ལུས་སྟེང་དུ་གྲུབ་པ་དང་ཕོ་མོའི་དབྱེ་བ་མེད་པར་སྐྱེས་པ་ཞིག་ཡིན།  སྐྲ་སྤུ་སྐྱེ་བ་ནི་མིའི་ལུས་སྟེང་གི་ཕོ་རྩི་དང་འབྲེལ་བ་ཡོད།  དེ་བས་མི་རྣམས་ཀྱིས་ཕོ་རྩི་ནི་བུད་མེད་ལ་མེད་པར་འདོད་ཡོད།  དོན་དངོས་སུ་རྒྱུན་ལྡན་གྱི་བུད་མེད་རྣམས་ཀྱི་ལུས་སྟེང་དུའང་ཕོ་རྩི་ངེས་ཅན་ཞིག་ཡོད།  དེ་བས་ལང་ཚོ་དར་ལ་བབས་པའི་བུད་མེད་རྣམས་ལ་མཆན་སྤུ་སྐྱེས་པ་རེད།  མཆན་སྤུ་ནི་མཆན་འོག་ཏུ་སྐྱེས་པ་ཡིན།  ལོ་བཅུ་བཞི་ནས་བཅོ་ལྔའི་བར་ལ་མཆན་སྤུ་སྐྱེས་པ་ཡིན། 

2 མཆན་སྤུས་ནུས་པ།

མིའི་ལུས་སྟེང་གི་མཆན་སྤུ་ཡིས་འབུ་ཕྲ་སྔོན་འགོག་བྱེད་ཐུབཔ་དང་མཆན་སྤུ་སྐྱེས་པའི་ལུས་ངོས་ཀྱི་གནས་ཀྱིས་འགོག་སྒྲིབ་བྱེད་ཐུབ་པ་དང་མིའི་ལུས་ཀྱི་སྐྱི་པགས་ལ་སྲུང་སྐྱོབ་བྱེད་པའི་ནུས་པའང་ཡོད།  ཕྱི་རོལ་ཡུལ་གྱི་འབུ་ཕྲ་དང་རྡུལ་སོགས་ཀྱིས་གནོད་སྐྱེལ་མི་ཐུབ་པ་ཡིན། དེར་མ་ཟད་མཆན་སྤུ་ལ་ཐུན་མོང་མ་ཡིན་པའི་ནུས་པ་ཞིག་ཡོད།་དེ་ནི་མིའི་དཔུང་བ་འགུལ་སྐྱོད་བྱེད་དུས་སུ་མཆན་ཁུང་གི་ཉེ་འཁོར་གྱི་སྐྱི་པགས་ཀྱང་རྡར་ཤུགས་ཡོད། དེ་བས་མཆན་སྤུ་ཡིས་དབུར་བརྡར་བྱེད་པའི་སྐབས་ཀྱི་ཤུགས་ཞི་ལྷོད་དུ་གཏོང་བ་དང་། མཆན་ཁུང་གི་སྐྱི་པགས་ཀྱང་སྲུང་སྐྱོབ་བྱེད་པ་རེད།  དེ་བས་མཆན་སྤུ་ཡིས་ནུས་པར་མཐོང་ཆུང་བྱེད་མི་རུང་། བུད་མེད་མང་ཆེས་ཤོས་ཀྱིས་མཛེས་པོར་ཡོང་ཆེད་མཆན་སྤུ་གཅོད་པ་དང་ཡང་ན་དྲུང་ནས་འབྱིན་བཞིན་ཡོད།  འདི་ནི་ལུང་ཕུང་ལ་གནོད་པ་ཡིན།  རྒྱུ་མཚན་ནི་མཆན་ཁུང་ཡོད་ས་རུ་རྨེན་བུ་མང་བས།  གལ་ཏེ་མཆན་སྤུ་གཅོད་པ་དང་ཡང་ན་དྲུང་ནས་འབྱིན་པར་བྱས་ན་སྐྱི་པགས་ནད་འགོས་པའི་ཉེན་ཁ་ཡོད། 

3 མཉམ་འཇོག་བྱེད་ས།  

མཆན་ཁུང་དུ་མཆན་སྤུ་སྐྱེ་ཚེ་མཆན་ཁུང་རྒྱུན་དུ་རྔུལ་ཆུ་ཡོད།  བྱིས་པ་དང་བསྡུར་ན་རྔུལ་ཆུ་ལ་དེ་བས་ཀྱང་ཐུན་མུན་གྱི་དྲི་མ་ཞིག་དྲོ།  གལ་ཏེ་དུས་ལྟར་ཁྲུས་མ་བྱས་ན་འགོར་རྗེས་དྲི་ངན་ཞིག་དྲོ་ཡོང་།  དེ་བས་རྒྱུན་དུ་ཁྲུས་བྱེད་དགོས།  མི་ལ་ལས་དབྱར་ཁར་སྟོད་ཐུང་ཕུ་བཅད་གོན་ན་མཆན་སྤུ་མཐོང་བས་མི་མཛེས་བར་སྣང་།  དེ་བས་གྲི་སྲབ་དང་ཡང་ན་འཚེམ་གྲི་བཟུང་ནས་མཆན་སྤུ་གཞོག་པ་དེ་ནི་ནོར་བ་རེད། དེ་ལྟར་བྱས་ན་ལུས་པོར་གནོད་པ་རེད།  རྒྱལ་ཁབ་ལ་ལ་རུ་མཆན་སྤུ་ཡོད་ན་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་ཡིན།  ཡང་རྒྱལ་ཁབ་ལ་ལར་མཆན་སྤུ་ཡོད་ན་མི་གཙང་བར་སྣང་།  རྒྱུན་དུ་མཆན་འོག་བཀྲུ་བ་དང་གཙང་སྦྲ་བྱས་ན་ད་གཟོད་ནད་ཡམས་སྔོན་འགོག་བྱེད་ཐུབ།  


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-28

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།