ཡ་གླིང་ཤར་མའི་ལུས་རྩལ་འགྲན་ཚོགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡ་གླིང་ཤར་མའི་ལུས་རྩལ་འགྲན་ཚོགས།
ཡ་གླིང་ཤར་མའི་ལུས་རྩལ་འགྲན་ཚོགས་ནི་ཡ་གླིང་ཤར་མའི་ལུས་རྩལ་འགྲན་ཚོགས་སྤྱི་པ་ནས་སྤེལ་བའི་ས་ཁུལ་གྱི་སྣ་འཛོམས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་ལ། དེར་ཞུགས་པའི་རྒྱལ་ཁབ་བམ་ས་ཁུལ་ནི་ཡ་གླིང་ཤར་མའི་ལུས་རྩལ་འགྲན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་ཟུར་པ། གདན་ཞུའི་རྒྱལ་ཁབ་སོགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
东亚运动会
ཕྱི་ཡིག་གི་མིང་།
East Asian Games
གཙོ་སྒྲུབ་ས་གནས།
ཡ་གླིང་ཤར་མ།
འགྲན་སྡུར་རིགས་དབྱེ།
ས་ཁུལ་གྱི་སྣ་འཛོམས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས།
གཙོ་སྒྲུབ་ལས་ཁུངས།
ཡ་གླིང་ཤར་མའི་ལུས་རྩལ་འགྲན་ཚོགས་ཀྱི་མཉམ་འབྲེལ་ལས་འཛིན་ལྷན་ཚོགས།
1 ངོ་སྤྲོད།

ཡ་གླིང་ཤར་མའི་ལུས་རྩལ་འགྲན་ཚོགས་ནི་ཡ་གླིང་ཤར་མའི་ལུས་རྩལ་འགྲན་ཚོགས་སྤྱི་པ་ནས་སྤེལ་བའི་ས་ཁུལ་གྱི་སྣ་འཛོམས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་ལ། དེར་ཞུགས་པའི་རྒྱལ་ཁབ་བམ་ས་ཁུལ་ནི་ཡ་གླིང་ཤར་མའི་ལུས་རྩལ་འགྲན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་ཟུར་པ། གདན་ཞུའི་རྒྱལ་ཁབ་སོགས་ཡིན།

ཡ་གླིང་ཤར་མའི་ས་ཁུལ་གྱི་ཨོ་རྩལ་ཨུ་ཡོན་ལྷན་ཚོགས་སོ་སོ་ནས་རྩལ་སྦྱོང་དང་རིག་གནས་ཐད་འཕེལ་རྒྱས་དང་འབྲེལ་འདྲིས་བྱ་ཆེད། ས་ཁུལ་གྱིས་སྤྱི་ལོ1991ལོའི་ཟླ9བའི་ཚེས15ཉིན་ཡ་གླིང་ཤར་མའི་རྒྱལ་ཁབ་སོ་སོའི་ཨོ་རྩལ་ཨུ་ཡོན་ལྷན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་དང་པོ་བསྡུས་ཏེ་ཡ་གླིང་ཤར་མའི་ལུས་རྩལ་འགྲན་ཚོགས་བསྡུ་བའི་གྲོས་གཞི་ཐོག་མར་བཏོན། ལོ་དེའི་ཟླ11པར། ཡ་གླིང་ཤར་མའི་རྒྱལ་ཁབ་སོ་སོའི་ཨོ་རྩལ་ཨུ་ཡོན་ལྷན་ཚོགས་ཀྱི་མཐུན་འགྲིག་ཚོགས་འདུ་ཐེངས་གཉིས་པར་ཡ་གླིང་ཤར་མའི་ལུས་རྩལ་འགྲན་ཚོགས་དེ་ལོ་བཞིའི་ནང་ཐེངས་རེར་སྤེལ་བའི་གྲོས་ཐག་བཅད་ཅིང་། ལུས་རྩལ་འགྲན་ཚོགས་སྐབས་དང་པོ་དེ་སྤྱི་ལོ1993ལོར་ཀྲུང་གོ་རུ་བསྡུ་རྒྱུར་མོས་མཐུན་བྱུང་བ་རེད།

2 རྩ་འཛུགས།

ཡ་གླིང་ཤར་མའི་ལུས་རྩལ་འགྲན་ཚོགས་ཀྱི་མཉམ་འབྲེལ་ལས་འཛིན་ལྷན་ཚོགས།

སྤྱི་ལོ1992ལོའི་ཟླ1པའི་ཚེས27ཉིན། ཡ་གླིང་ཤར་མའི་རྒྱལ་ཁབ་སོ་སོའི་ཨོ་རྩལ་ཨུ་ལྷན་གྱི་མཐུན་འགྲིག་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་བསྡུས་ཏེ་ཡ་གླིང་ཤར་མའི་ཁུལ་གྱི་ཨོ་རྩལ་ཨུ་ཡོན་ལྷན་ཚོགས་བཙུགས་ཤིང་སྒྲིག་ཁྲིམས་སྤེལ། ཕྱི་ལོའི་ཟླ5བའི་ཚེས17ཉིན། ཡ་གླིང་ཤར་མའི་རྒྱལ་ཁབ་སོ་སོའི་ཨོ་རྩལ་ཨུ་ལྷན་གྱི་མཐུན་འགྲིག་ཚོགས་འདུ་ཐེངས་དྲུག་པ་ཧྲང་ཧེ་རུ་བསྡུས་ཏེ་རྩ་འཛུགས་ཀྱི་མིང་ལ་ཡ་གླིང་ཤར་མའི་ལུས་རྩལ་འགྲན་ཚོགས་སྤྱི་ཁྱབ་ལྷན་ཚོགས་ཞེས་བསྒྱུར་རྒྱུར་གྲོས་ཐག་བཅད།  

སྤྱི་ཁྱབ་ལྷན་ཚོགས་ཀྱི་མཚན་རྟགས་ལ་སེར་པོ་དང་ལྗང་ཁུ། སྔོན་པོ། དམར་པོ། ནག་པོ་སོགས་ཨོ་རྩལ་མདོག་ལྔས་མངོན་པར་བརྒྱན་ཞིང་ཡིད་དབང་འཕྲོག མཚན་རྟགས་དེས་འབྱུང་བ་ལྔ་སྟེ། ཤིང་། མེ།  ས། ལྕགས། ཆུ་བཅས་མཚོན་ལ། དངོས་པོ་ཐམས་ཅད་གཞི་གཅིག་ཏུ་འདུས་པའི་མཐུན་སྒྲིལ་སྟོབས་ཤུགས་ཀྱིས་ཡ་གླིང་ཤར་མར་འཛམ་གླིང་དང་མཉམ་པོར་དུས་རབས་གསར་བ་ཞིག་བསྐྲུན་པའི་མཚར་ཉམས་ཀྱིས་ཁེངས་ཡོད།

3 ཚོགས་མི།

ཡ་གླིང་ཤར་མའི་ལུས་རྩལ་འགྲན་ཚོགས་སྤྱི་ཁྱབ་ལྷན་ཚོགས་ཀྱི་ཚོགས་མི་ནི་ཡ་གླིང་ཨོ་རྩལ་ལས་འཛིན་ལྷན་ཚོགས་ཀྱིས་ཐག་བཅད་པའི་ཡ་གླིང་ཤར་མའི་རྒྱལ་ཁབ་དང་ས་ཁུལ་གྱི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཚོགས་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁྲའོ་ཞན། ཀྲུང་གོའི་ཞང་ཀང་། ཉི་ཧོང་། ཁོ་རེ་ཡ། ཀྲུང་གོའི་ཨོ་མིན། སོག་ཡུལ་དང་ཀྲུང་གོའི་ཐེ་པེ་བཅས་ཡིན། 

ཡ་གླིང་ཤར་མའི་ལུས་རྩལ་འགྲན་ཚོགས་སྤྱི་ཁྱབ་ལྷན་ཚོགས་ཀྱི་ཚོགས་མི་དངོས་མིན་པ་ཟེར་བ་ནི་ཉེ་འབྲེལ་རྒྱལ་ཁབ་སྟེ། སྤྱི་ཁྱབ་ལྷན་ཚོགས་ནས་གྲོས་མོལ་ཁས་ལེན་ཐོབ་པའི་ཨོ་རྩལ་ཨུ་ཡོན་ལྷན་ཚོགས་ལ་གོ   འབྲེལ་ཡོད་གྲུབ་འབྲས་དང་རྟགས་མ་མཉམ་པོར་རྩིས་རྒྱག་གི་རེད། མིག་སྔར། མཚོ་འགག་གླིང་ཕྲན(The Territory of Guahan/Guam)་ནི་དེང་གི་འགྲན་ཞུགས་རྒྱལ་ཁབ་དང་ས་ཁུལ་ཁྲོད་ཚོགས་མི་དངོས་མ་ཡིན་པ་གཅིག་པུ་ཡིན།

4 འགྲན་ཞུགས་དུས་ཡུན།

ཡ་གླིང་ཤར་མའི་ལུས་རྩལ་འགྲན་ཚོགས་སྤྱི་ཁྱབ་ལྷན་ཚོགས་ཀྱིས་ཐག་གཅོད་ལྟར། འགྲན་ཚོགས་སྤེལ་བའི་དུས་ཡུན་ཉིན12ཡིན་ལ། དེར་དབུ་འབྱེད་དང་མཇུག་བསྡུའི་མཛད་སྒོ་ཉིན་ལས། གྲ་སྒྲིག་འགྲན་སྡུར་གྱི་དུས་ཚོད་ཐེ་ཡི་མེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-20

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།