རྟ་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྟ་རྩལ།
རྟ་རྩལ་ནི་སྤྱི་ལོ1900ལོའི་ཨོ་རྩལ་འགྲན་ཚོགས་སྟེང་ཐོག་དང་པོར་ཞུགས་པ་དང་། དེའི་རྗེས་སྤྱི་ལོ1912ལོའི་ཨོ་རྩལ་འགྲན་ཚོགས་སྟེང་ཞུགས་པ་རེད། རྟ་རྩལ་ལ་དབྱེ་ན་འགྲན་སྡུར་རྣམ་གྲངས་གསུམ་ཡོད་དེ། བཀག་བརྒལ་འགྲན་སྡུར་དང་གར་སྟབས་ཞོན་རྩལ། སྣ་འཛོམས་ཀུན་ཐུབ་རྟ་རྩལ་འགྲན་སྡུར་ཏེ། ཉིན་གསུམ་ལ་འགྲན་སྡུར་བྱེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马术
ཕྱི་ཡིག་གི་མིང་།
Equestrianism
དར་དུས།
སྤྱི་ལོ1900ལོ།
ངོ་བོ།
ལུས་རྩལ་རྣམ་གྲངས་ཀྱི་རིགས་ཤིག
1 ངོ་སྤྲོད།

རྟ་རྩལ་འགྲན་སྡུར་ནི་རྟ་ཐོག་ནས་ངོམ་པའི་ལུས་རྩལ་ཅིག་ཡིན་ལ། ལོ་ངོ4000ལྷག་གི་སྔ་རོལ་གྱི་ཟངས་ཆས་དུས་རབས་སུ་རྟ་རྒྱུག་འགྲན་སྡུར་ཡོད་པ་རེད། དེང་གི་རྟ་རྩལ་འགྲན་སྡུར་ནི་དབྱིན་ཇི་ནས་དར་ཅིང་། དུས་རབས16པར་ཡོ་རོབ་གླིང་དུ་དར་བ་རེད། སྤྱི་ལོ1900ལོའི་ཨོ་རྩལ་འགྲན་ཚོགས་སྐབས་གཉིས་པར་འགྲན་སྡུར་རྣམ་གྲངས་སུ་བཞག རྟ་རྩལ་འགྲན་སྡུར་ལ། གཟབ་སྤྲས་གར་འགྲོས་དང་བཀག་བརྒལ་བང་རྩལ། ཉིན་གསུམ་འགྲན་སྡུར་བཅས་ལ་ཐུན་མོང་དང་སྒེར་གྱི་འགྲན་སྡུར་སོ་སོར་དབྱེ་ཡོད།

2 བྱུང་རིམ།

སྤྱི་ལོ1734ལོར་ཨ་རིའི་ཧྥུ་ཅི་ཉི་ཡ་ནས་བཙུགས་པའི་ཁྲ་ཨེར་སི་རྟ་རྩལ་ཚོགས་པ་ནི་འཛམ་གླིང་སྟེང་ཆེས་སྔ་བའི་རྟ་རྩལ་ཚོགས་པ་ཡིན། སྤྱི་ལོ1896ལོར་ཞི་ལའི་ཨ་ཐེན་སིར་འཚོགས་པའི་དེང་རབས་ཨོ་རྩལ་འགྲན་ཚོགས་ཐོག་མའི་སྐབས་ཝུན་སི་ཏུན་ཏི་ཨེར་སང་གིས(WINSTON.DEARSUN) རྟ་རྩལ་དེ་འགྲན་ཞུགས་རྣམ་གྲངས་སུ་འཇོག་དགོས་པའི་རེ་བ་བཏོན་པ་རེད། ཡིན་ཡང་བྱ་བ་དེ་རྩ་འཛུགས་ཀྱི་དཀའ་ཁག་ཆེ་བ་དང་གཙོ་སྒྲུབ་རྒྱལ་ཁབ་ཞི་ལ་རྣམ་གྲངས་དེ་ལ་སྤྲོ་བ་མེད་པ་སོགས་ཀྱི་དབང་གིས་ངལ་བ་འབྲས་མེད་དུ་གྱུར། སྤྱི་ལོ1900ལོར་རྟ་རྩལ་འགྲན་སྡུར་དེ་ཨོ་རྩལ་འགྲན་ཚོགས་སུ་ཞུགས་པ་དང་སྐབས་དེར་བཀག་བརྒལ་འགྲན་སྡུར་མ་གཏོགས་རྣམ་གྲངས་གཞན་མེད། པ་ལི་ནས་ཐོག་མའི་རྒྱལ་སྤྱིའི་རྟ་རྩལ་འགྲན་ཚོགས་བསྡུས་རྗེས། རྟ་རྩལ་ལུས་རྩལ་ལ་འཕེལ་རྒྱས་ཆེན་པོ་བྱུང་། སྤྱི་ལོ1906ལོར་ཧྥེང་ལུའོ་སེང་གཙོ་བྱས་པའི་སུའེ་ཏེན་དམག་དཔོན་འགས་ཀུའུ་པའེ་ཏན་ལ་རྟ་རྩལ་དེ་ཨོ་རྩལ་འགྲན་ཚོགས་ནང་འཇོག་དགོས་པའི་བསམ་འཆར་བཏོན་པ་དང་ཀུའུ་པའེ་ཏུན་གྱི་མངགས་བཅོལ་ལྟར་ཞིབ་ཕྲའི་ཇུས་གཞི་འཆར་ཟིན་ལ་བཀོད། སྤྱི་ལོ1907ལོར་ཧའེ་ཡ་ནས་འཚོགས་པའི་ཨོ་ལན་ཕིག་འཐུས་ཚབ་ཚོགས་འདུའི་སྟེང་ཇུས་འགོད་དེ་ཁས་བླངས་པ་རེད། སྤྱི་ལོ1908ལོར་ལོན་ཏོན་ཨོ་རྩལ་འགྲན་ཚོགས་སུ་རྟ་རྩལ་འགྲན་སྡུར་འཇོག་རྩིས་བྱས་མོད། འོན་ཀྱང་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་རྩ་འཛུགས་ཨུ་ཚོགས་ཀྱིས་རྣམ་གྲངས་དེ་ལག་སྟར་མ་བྱས་པ་རེད། དེ་ནས་སུའེ་ཏེན་སི་ཏི་ཀོ་ཨེར་མོ་རུ་བསྡུས་པའི་ཐེངས་ལྔ་བའི་ཨོ་རྩལ་འགྲན་ཚོགས་སྐབས། ད་གཟོད་རྟ་རྩལ་དེ་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་ཞུགས་པ་དང་། རྒྱལ་ཁབ10ནས་ཐོན་པའི་འགྲན་ཞུགས་བདམས་ཐོན་པ(ཚང་མ་དམག་དཔོན་ཡིན)62ཀྱིས་ཨོ་ལན་ཕིག་སྟེང་རྟ་རྩལ་ངོམ་པ་རེད། སྤྱི་ལོ1912ལོ་ནས་གཟབ་སྤྲས་གར་འགྲོས་དང་བཀག་བརྒལ་བང་རྩལ། ཉིན་གསུམ་འགྲན་སྡུར་བཅས་ཁ་སྣོན་དང་རྒྱ་བསྐྱེད་བྱས། སྤྱི་ལོ1952ལོ་བུད་མེད་རྟ་རྩལ་ཅན་ཨོ་རྩལ་འགྲན་ཚོགས་སུ་ཞུགས་ཆོག་པའི་ཆོག་མཆན་ཐོབ་པ་རེད། དེ་ནི་ཕོ་མོ་གཉིས་ཀའི་འགྲན་ར་གཅིག་ནས་འགྲན་སྡུར་བྱེད་པའི་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཤིག་ཏུ་གྱུར་བ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལུས་རྩལ། ར་ཕྱིའི་ལུས་རྩལ། རྟ་རྩལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-20

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།