རྣམ་བདེན་ཤེར་རྟོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྣམ་བདེན་ཤེར་རྟོགས་རིག་པའི་མིང་གཞན་ལ་རྣམ་བདེན་སྨྲ་བ་ཡང་ཟེར། དེ་ནི་དེང་རབས་ཀྱི་ནུབ་ཕྱོགས་སུ་དར་བའི་ཤེར་རྟོགས་རིག་པའི་གྲུབ་མཐའ་ཁྱབ་ཆེ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
实证哲学
ཕྱི་ཡིག་གི་མིང་།
positivism
1 བྱུང་བ་མདོར་བསྡུས།

དུས་རབས་བཅུ་དགུ་བའི་ལོ་རབས་སུམ་ཅུ་བའི་ནང་ཧྥ་རན་སི་ནས་རིམ་བཞིན་དབྱིན་ཇི་རུ་དར་བ་དང་། དེའི་གསར་གཏོད་པ་ནི་ཧྥ་རན་སིའི་ཁོམ་ཐ་རེད་འདུག་ཅིང་། འཐུས་ཚབ་མི་སྣ་གཙོ་བོ་ནི་དབྱིན་ཇིའི་སི་པན་སཱ་དང་། མོར་ལ་སོགས་ཡོད། ཉམས་མྱོང་རྩོད་སྤོངས་སྨྲ་བ་དང་གཏན་ཚིགས་སྨྲ་བ་ནི་རྣམ་བདེན་ཤེར་རྟོགས་རིག་པ་འཕེལ་རྒྱས་ཀྱི་སྐབས་རིམ་གཉིས་པ་དང་གསུམ་པ་ཞིག་ཏུ་འདོད་ཀྱང་།

2 ཞིབ་འཇུག་གི་ཁ་ཕྱོགས།

རྣམ་བདེན་སྨྲ་བས་ཞིག་འཇུག་བྱེད་པ་རྣམ་བདེན་གྱི་དོན་དངོས་ཡིན་ལ། ཉམས་མྱོང་གི་དོན་དངོས་དང་སྣང་ཚུལ་ནི་མིའི་རང་རིག་གི་ཚོར་བས་གྲུབ་པར་འདོད། དེར་བརྟེན་ཁོ་ཚོས་དངོས་སུ་ཁས་བླངས་པ་ནི་རང་རིག་གི་ཉམས་མྱོང་དེ་རེད། མི་རྣམས་ཀྱི་བློས་སྤྱོད་ཡུལ་གྱི་འཇིག་རྟེན་ཡང་མིའི་ཉམས་མྱོང་ལ་བརྟེན་ཏེ་གནས་ཡོད་ལ། དེ་ནི་མིའི་རིགས་ཀྱི་ཤེས་བྱའི་ཉམས་མྱོང་གི་ཕྱི་རོལ་གྱི་འཇིག་རྟེན་ངོས་འཛིན་མི་ཐུབ་པ་ར་འཕྲོད་བྱུང་བ་རེད། ཚན་རིག་ནི་རང་རིག་མྱོང་བའི་རྣམ་པ་ཇི་བཞིན་འབྲི་བའི་རིག་པ་ཞིག་ཡིན་པས། ཕྱི་དོན་གྱི་ཆོས་ཉིད་གང་ཡིན་རུང་མཚོན་ཐབས་མེད།

3 ལྟ་ཚུལ་གཞན།

ཡང་རྣམ་བདེན་སྨྲ་བ་ཚོས་རང་ཉིད་ནི་ཚན་རིག་ཤེར་རྟོགས་རིག་པ་བར་འབོད་ལ། དངོས་གཙོ་དང་སེམས་གཙོ་སྨྲ་བའི་ཉམས་མྱོང་ཕྱི་རོལ་གྱི་དངོས་པོ་དེ་རང་གི་ཞིབ་འཇུག་གི་ཡུལ་དུ་སེམས་ཤིང་ཐམས་ཅད་ཡང་དག་མིན་པ་དང་གཟུགས་འདས་རིག་པའི་ལྟ་ཚུལ་དུ་བཤད། དེར་ཐལ་གཟུགས་འདས་རིག་པ་ཉིད་དགོས་པར་སྒྲོག་ལ་རང་གི་ལྟ་ཚུལ་ནི་དངོས་གཙོ་དང་སེམས་གཙོ་གང་ཡང་མིན་པའི་དབུ་མའི་ལམ་ཞིག་ཏུ་འཁུམས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-18

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།