རྒྱུན་སྤྱོད་བརྡ་བྱེད་ཤེར་རྟོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱུན་སྤྱོད་བརྡ་བྱེད་ཤེར་རྟོགས་རིག་པ་ནི་རྣམ་འབྱེད་ཤེར་རྟོགས་རིག་པའི་ཡ་གྱལ་ཞིག་རེད། མིང་གཞན་ལ་བརྡ་བྱེད་རྣམ་འབྱེད་ཤེར་རྟོགས་རིག་པ་ཡང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
日常语言哲学
ཕྱི་ཡིག་གི་མིང་།
Daily language philosophy
1 ཞིབ་འཇུག་བྱ་ཡུལ།

རྒྱུན་སྤྱོད་བརྡ་བྱེད་ཤེར་རྟོགས་རིག་པས་གཙོ་བོར་ཞིབ་འཇུག་བྱེད་པ་ནི་ཇི་ལྟར་རྒྱུན་སྤྱོད་བརྡ་བྱེད་ལ་རྣམ་འབྱེད་བྱས་པ་བརྒྱུད་ཟེར་རྟོགས་རིག་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད།

2 བྱུང་བ་མདོར་བསྡུས།

རྒྱུན་སྤྱོད་བརྡ་བྱེད་ཤེར་རྟོགས་རིག་པ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་བའི་ནང་དབྱིན་ཇི་རུ་དར་ཞིང་ལོ་རབས་ལྔ་བཅུ་བའི་ནང་རྒྱལ་ཁབ་མང་པོར་རྒྱ་ཆེར་དར་སྤེལ་བྱས་འདུག གཙོ་བོརG.Eམོར་དང་། ཝེ་ཐི་ཀིན་སི་ཐེན་གྱི་ཚེ་མཇུག་གི་བསམ་བློའི་ཤུགས་རྐྱེན་ཐེབས་ཡོད་ལ། ཝེ་ཐི་ཀིན་སི་ཐེན་ནི་གཙོ་བོ་ཡིན་པས་ལ་ལས་ཝེ་ཐི་ཀིན་སི་ཐེན་ནི་རྒྱུན་སྤྱོད་བརྡ་བྱེད་ཤེར་རྟོགས་རིག་པའི་སྲོལ་འབྱེད་པ་དང་མི་སྣ་གཙོ་བོ་ཡིན་པར་བཤད།

3 ཁྱད་ཆོས་གཙོ་བོ།

གཏན་ཚིགས་ཉམས་མྱོང་སྨྲ་བ་དང་རྒྱུན་སྤྱོད་བརྡ་བྱེད་ཤེར་རྟོགས་རིག་པ་དབར་གྱི་མི་མཐུན་པའི་ཁྱད་ཆོས་འགའ་ཡོད་དེ།

(1) རྒྱུན་སྤྱོད་བརྡ་བྱེད་ཀྱི་བེད་སྤྱོད་སྟངས་དེས་ཤེར་རྟོགས་རིག་པའི་གནད་དོན་ཐག་གཅོད་ཐུབ་མིན།

(2) གཟུགས་འདུས་རིག་པའི་ཆོས་ཅན་ལ་དོན་སྙིང་ཡོད་མེད།

(3) རྒྱུན་སྤྱོད་བརྡ་བྱེད་ལ་ཞིབ་འཇུག་བྱེད་པའི་དམིགས་ཡུལ་བཅས་རེད། 

(4) མི་སྣ་གཙོ་བོ་ནི། G.T.Dཝེ་ས་རྡེམ་དང་། G རླར། J .ཨོ་སེ་ཕྲིན། P.སེ་ཁྲོའུ་སན། F.ཝེ་སི་མན་སོགས་ཡོད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-18

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།