རིན་ཐང་ཤེར་རྟོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རིན་ཐང་ཤེར་རྟོགས་རིག་པ་ནི་རིན་ཐང་གི་གནད་དོན་སྐོར་གླེང་བའི་ཤེར་རྟོགས་རིག་པའི་གཞུང་ལུགས་ཤིག་རེད་ལ། དེང་རབས་སེམས་གཙོ་སྨྲ་བའི་ཤེར་རྟོགས་རིག་པའི་གཞུང་ལུགས་གཙོ་བོ་ཞིག་ཀྱང་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
价值哲学
1 བྱུང་བ།

རིན་ཐང་ཤེར་རྟོགས་རིག་པ་ནི་དུས་རབས་ཉི་ཤུ་བར་ནུབ་ཕྱོགས་སུ་དར་མགོ་ཚུགས་ཤིང་། ཉེ་རབས་སུ་རྒྱ་ཆེར་དར་སྤེལ་བྱས་པ་ཞིག་རེད། ཐོག་མར་རིན་ཐང་ཤེར་རྟོགས་རིག་པ་ཞེས་པའི་ཐ་སྙད་སྤྱོད་མཁན་ནི་ཧྥ་རན་སིའི་ཤེར་རྟོགས་རིག་པ་བP.ལའ་པེ་དང་འཇར་མན་གྱི་ཤེར་རྟོགས་རིག་པ་བE.ཧ་ཐ་མན་རེད།

2 ཁྱད་ཆོས།

གཞུང་འདིའི་རྩ་བའི་ཁྱད་ཆོས་ནི་སེམས་གཙོ་སྨྲ་བའི་ལྟ་ཚུལ་གྱིས་སྤྱི་ཚོགས་ཀྱི་སྣང་ཚུལ་ལ་ཤེས་རྟོགས་བྱེད་པ་དང་། སྤྱི་ཚོགས་ཀྱི་ཤེས་བྱ་ནི་སྤྱི་ཚོགས་ཀྱི་གཞི་གྲུབ་དང་སྤྱི་ཚོགས་ཀྱི་འདུ་ཤེས་འཕེལ་རྒྱས་སུ་ཕྱིན་པའི་ཕྱི་དོན་ཆོས་ཉིད་རང་བཞིན་གྱི་ཚན་རིག་ཅིག་ཡིན་པར་བཤད།

3 ཞིབ་འཇུག་བྱ་ཡུལ།

ལོ་རྒྱུས་དང་རིག་གནས་ཀྱི་ཚད་ལྡན་སྨྲ་བ་དང་དམིགས་ཡུལ་སྨྲ་བས་འགྲེལ་བཤད་ལ་བརྟེན་ལོ་རྒྱུས་དང་རིག་གནས་ཀྱི་ཕྱི་རོལ་ངོས་འཛིན་ལ་རྩོད་སྤོངས་བྱེད། རིན་ཐང་གི་གོ་དོན་ནི་རིན་ཐང་ཤེར་རྟོགས་རིག་པའི་ཞིབ་འཇུག་གི་ཁ་གཏད་སའི་ལྟེ་གནས་གོ་དོན་ཞིག་དང་། རིན་ཐང་ཤེར་རྟོགས་རིག་པའི་ལས་འགན་ནི་རིན་ཐང་ཡོད་ཚད་ལ་རྟོགས་འཇུག་དང་ཁོ་ཚོའི་དབར་གྱི་འབྲེལ་བ་དང་རིན་ཐང་གི་ངོ་བོ་སོགས་རེད།

4 རིགས་དབྱེ།

ཡང་རིན་ཐང་ཤེར་རྟོགས་རིག་པ་ཉིད་ལ། རང་སེམས་གཙོ་བོར་སྨྲ་བ་དང་ཕྱི་དོན་སེམས་གཙོ་སྨྲ་བ་གཉིས་ཡོད་ལ། སྔ་མའི་ཁྱད་ཆོས་ནི་རིན་ཐང་ལ་ལྟོས་བཅོས་སྨྲ་བའི་འདུ་ཤེས་ཀྱིས་རྟོགས་པར་བྱ་བ་དང་། ཕྱི་དོན་སེམས་གཙོ་སྨྲ་བས་རིན་ཐང་གི་གྲུབ་ཆ་གཙོ་བོ་དེ་རིན་ཐང་གི་བརྡར་ཤ་གཅོད་པ་ལ་བརྟེན་མེད་པར་འདོད་པ་མ་ཟད། རིན་ཐང་ནི་གདེང་འཇོག་པར་མཚོན་ན་ཨང་དང་པོ་ཡིན་པར་བཤད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-18

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།