རང་བྱུང་ཤེར་རྟོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རང་བྱུང་ཤེར་རྟོགས་རིག་པ་ནི་རང་བྱུང་ཁམས་ཀྱི་གནས་ཚུལ་གླེང་བའི་ཤེར་རྟོགས་རིག་པའི་གཞུང་ལུགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
自然哲学
ཕྱི་ཡིག་གི་མིང་།
philosophy of nature
1 བྱུང་ཚུལ།

དུས་རབས་བཅུ་བདུན་པའི་ནང་དར་མགོ་ཚུགས་ཤིང་། དུས་རབས་བཅུ་དགུ་བའི་མགོར་དར་ཁྱབ་ཆེ་བའི་རིག་སྒོ་གསར་བ་ཞིག་རེད། དང་ཐོག་རང་བྱུང་ཚན་རིག་དར་ཁྱབ་བྱུང་བས་ཚན་རིག་གི་སྒོ་ནས་རང་བྱུང་ཁམས་ཀྱི་སྣང་ཚུལ་མང་པོ་དང་རྟེན་འབྲེལ་གྱི་འབྲེལ་བར་འགྲེལ་བཤད་བྱེད་ཐུབ་ཀྱི་མེད། དེ་བས་ཤེར་རྟོགས་པ་བ་འགའ་རེས་ཚན་རིག་ཚོད་ལྟ་ཡི་རྒྱུ་ཆ་ལ་ཁས་མི་ལེན་པར་རྟོགས་དཀའ་བའི་བསམ་གཞིགས་ཀྱི་གཏན་ཚིགས་ལ་བརྟེན་ནས་རང་བྱུང་ཚན་རིག་ལས་མཐོ་བའི་མ་ལག་ཅིག་བཙུགས་པ་དེ་ནི་རང་བྱུང་ཚན་རིག་གི་ཚབ་བྱེད་ཐུབ་པའི་རང་བྱུང་སྐོར་གྱི་བསམ་བློའི་གཞུང་ལུགས་ཀྱི་མ་ལག་དེ་རེད།

2 ལྟ་གྲུབ།

རང་བྱུང་ཤེར་རྟོགས་རིག་པའི་མདོར་བསྡུས་ཀྱི་ལྟ་ཚུལ་ནི་འཇར་མན་གྱི་ཞེ་ལེན་དང་ཧར་ཀེར་གྱི་སེམས་གཙོ་སྨྲ་བའི་ཤེར་རྟོགས་རིག་པའི་མ་ལག་ལས་མཐོང་ཐུབ། ཞེ་ལེན་ལྟར་ན། རང་བྱུང་ཤེར་རྟོགས་རིག་པའི་ལས་འགན་ནི་དངོས་པོ་བཟོ་བསྐྲུན་དང་རང་བྱུང་ཁམས་ཀྱི་ཡོད་ཚད་དངོས་པོ་ནས་མིའི་རིགས་ཀྱི་བར་ཐམས་ཅད་འཇིག་རྟེན་བླ་སྲོག་གིས་དམིགས་ཡུལ་དང་ལྡན་པའི་སྒོ་ནས་བཟོས་པར་འདོད་དོ། །

ཧེ་ཀེར་ལྟར་ན། རང་བྱུང་ཁམས་ནི་ལྟོས་མེད་ཤེས་པ་མཚོན་བྱེད་ཀྱི་རྣམ་པ་དང་རང་བྱུང་གི་སྣང་ཚུལ་ནི་ཐར་ཐོར་དུ་གནས་ཤིང་དེ་དག་ཕན་ཚུལ་དབར་འབྲེལ་བ་ཡོད་པས་ལྟོས་མེད་འདུ་ཤེས་འཕེལ་རྒྱས་ཀྱི་རྨང་གཞིར་གྱུར་ཡོད་པ་རེད། ད་ལྟ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་སོ་སོས་རང་བྱུང་ཤེར་རྟོགས་རིག་པ་ནི་རང་བྱུང་ཚན་རིག་དང་དངོས་ལུགས་རིག་པར་ངོས་འཛིན་བཞིན་ཡོད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-18

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།