ཚོད་ལྟའི་ཤེར་རྟོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚོད་ལྟའི་ཤེར་རྟོགས་རིག་པ་ནི་ཚོད་ལྟ་དང་ཕྱོགས་བསྡུས་ཐབས་ལ་བརྟེན་པའི་ཚན་རིག་གི་ཞིབ་འཇུག་བྱ་ཐབས་སྐོར་གྱི་ཤེར་རྟོགས་རིག་པའི་རིག་སྒོ་ཞིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
实验哲学
1 བྱུང་བ་མདོར་བསྟན།

དུས་རབས་བཅུ་བདུན་པའི་ནང་དུ། པ་ཁོན་གྱིས་ཨབ་རུ་སི་ཐོ་ཐོའི་གཏན་ཚིགས་ཤེར་རྟོགས་རིག་པར་རྒོལ་ལན་སློག་ཆེད«ཡོ་བྱད་གསར་མ»ཞེས་པའི་ཤེར་རྟོགས་རིག་པའི་གཞུང་ལུགས་བརྩམས་པ་དང་། ཕྱོགས་བསྡུས་ཐབས་ཀྱིས་རང་བྱུང་ཁམས་ཀྱི་ཁྲོད་དུ་མི་མངོན་པར་གནས་པའི་རྒྱུ་རྐྱེན་དང་ཆོས་ཉིད་གསལ་བོར་བཟོ་དགོས་པར་བཤད་ལ། ཆོས་ཉིད་ཤེར་རྟོགས་རིག་པའི་བྱ་ཐབས་དེར་སྣང་ཚུལ་དྲོད་བཤེར་དང་། དྲོད་བཤེར་ནི་དངོས་པོའི་རྡུལ་ཕྲན་ཆ་མེད་ཀྱི་འགུལ་སྐྱོད་ཡིན་པར་ཐག་གཅོད་བྱས།

2 འཕེལ་འགྱུར་རགས་བསྡུས།

ཚོད་ལྟའི་ཤེར་རྟོགས་རིག་པའི་ཞིབ་འཇུག་གི་བྱ་ཐབས་དང་དེང་རབས་དོན་སྙིང་སྟེང་གི་ཚན་རིག་གི་ཞིབ་འཇུག་བྱ་ཐབས་ནི་ཅུང་མི་འདྲ་སྟེ། ཚོད་བཤད་དང་རྩིས་རིག་གི་རྒྱས་བཀྲོལ་དགོས་ངེས་ལ་ཅུང་ཙམ་མཐོང་ཆུང་བྱས་ཡོད་པས་རེད། ཡིན་ན་ཡང་དེང་རབས་ཚོད་ལྟའི་ཚན་རིག་གི་སྲོལ་འབྱེད་པ་རྒ་ལེ་ལོས་ཚོད་ལྟའི་ཤེར་རྟོགས་རིག་པའི་སྐྱོན་ཆ་བསལ་ཏེ་འཐུས་ཚང་དུ་བཟོས་ཡོད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-18

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།