བརྡ་བྱེད་ཤེར་རྟོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརྡ་བྱེད་ཤེར་རྟོགས་རིག་པ་ནི་འདོད་བློའི་རང་བཞིན་སོགས་བརྡ་བྱེད་ཤེར་རྟོགས་རིག་པའི་དམིགས་ཡུལ་གཙོ་བོར་བཟུང་སྟེ་ཞིབ་འཇུག་བྱེད་པ་ཞིག་དང་། ཚན་རིག་ཤེར་རྟོགས་རིག་པ་དང་། གཏན་ཚིགས་ཤེར་རྟོགས་རིག་པ། ཡིད་ཀྱི་ཤེར་རྟོགས་རིག་པ། རིན་ཐང་ཤེར་རྟོགས་རིག་པ་སོགས་དང་གོ་གནས་འདྲ་བོ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
语言哲学
ཕྱི་ཡིག་གི་མིང་།
linguistic philosophy
1 དར་ཚུལ།

བརྡ་བྱེད་ཤེར་རྟོགས་རིག་པ་ནི་གནའ་རབས་ཀེ་རི་སེ་རུ་ཐོག་མར་ཞིབ་འཇུག་བྱས་པ་བརྒྱུད། དུས་རབས19བའི་ནང་ཞིབ་འཇུག་གི་འབྲས་བུ་ཆེན་པོ་ཐོབ་པ་དང་དུས་རབས20བའི་ལོ་རབས20བའི་ནང་དར་ཁྱབ་ཧ་ཅང་ཆེ་བ་ཞིག་རེད། བརྡ་བྱེད་ཤེར་རྟོགས་རིག་པས་སྤྱིར་བཏང་གི་ངོ་བོ་དང་སྤྱིར་བཏང་གི་ཁྱད་ཆོས་ལ་ཞིབ་འཇུག་བྱེད་པ་མ་ཟད་མིང་དང་ཆོས་ཅན། གདགས་གཞི། བརྗོད་བྱའི་སྙིང་བོ། གནས་ལུགས། བརྡ་བྱེད་ཀྱི་སྤྱོད་སྟངས། འདོད་བློའི་རང་བཞིན་སོགས་བརྡ་བྱེད་ཤེར་རྟོགས་རིག་པའི་དམིགས་ཡུལ་གཙོ་བོར་བཟུང་སྟེ་ཞིབ་འཇུག་བྱེད་པ་དང་ཚན་རིག་ཤེར་རྟོགས་རིག་པ་དང་། གཏན་ཚིགས་ཤེར་རྟོགས་རིག་པ། ཡིད་ཀྱི་ཤེར་རྟོགས་རིག་པ། རིན་ཐང་ཤེར་རྟོགས་རིག་པ་སོགས་དང་གོ་གནས་འདྲ་བོ་ཡོད།

2 གོ་དོན།

ནུབ་ཕྱོགས་སུ་སྐབས་འགར་བརྡ་བྱེད་ཤེར་རྟོགས་རིག་པ་དང་བརྡ་བྱེད་རིག་པའི་ཤེར་རྟོགས་རིག་པ་། བརྡ་བྱེད་ཀྱི་རྣམ་འབྱེད་སོགས་དོན་གཅིག་ཏུ་བརྗོད་བཞིན་ཡོད་ནའང་དོན་དམ་པར་ཁོ་ཚོའི་དབར་དུ་ཁྱད་པར་ཆེན་པོ་བྱུང་འདུག བརྡ་བྱེད་ཤེར་རྟོགས་རིག་པ་ནི་ཤེར་རྟོགས་རིག་པའི་ཁྱབ་ཁོངས་ཤིག་དང་དེའི་ཡ་གྱལ་ཡིན་ལ། བརྡ་བྱེད་རང་སྟེང་ནས་གནད་དོན་གླེང་བའི་ཤེར་རྟོགས་རིག་པའི་གཞུང་ལུགས་ཤིག་ཀྱང་རེད། བརྡ་བྱེད་རིག་པའི་ཤེར་རྟོགས་རིག་པའམ་བརྡ་བྱེད་ཀྱི་རྣམ་འབྱེད་ནི་དེ་ལས་ལྡོག་སྟེ་ཤེར་རྟོགས་རིག་པའི་བྱེད་ཐབས་ཤིག་ལ་ངོས་འཛིན་ཞིང་། གསུངས་རྩོམ་གྲགས་ཆེན་ནི་ཝེ་ཐི་ཀིན་སི་ཐེན་གྱི«ཤེར་རྟོགས་རིག་པའི་ཞིབ་འཇུག»ཅེས་པའི་དཔེ་དེབ་དེ་རེད། བྱེད་ཐབས་དེ་བརྡ་ལ་བརྟེན་ཏེ་མངོན་འགྱུར་བྱེད་ཀྱི་ཡོད་པས། བརྡ་བྱེད་ཤེར་རྟོགས་རིག་པར་ཞིབ་འཇུག་གཏིང་ཟབ་བྱེད་པའི་རྩ་བའང་དེར་རག་ལས་ཡོད་པ་རེད།

3 བརྗོད་གཞི།

དེར་བརྟེན་ཤེར་རྟོགས་རིག་པ་ནི་གཞུང་ལུགས་ཤིག་མ་ཡིན་པར་འགུལ་བསྐྱོད་ཅིག་དང་། ཤེར་རྟོགས་རིག་པའི་ལས་འགན་ནི་གསལ་འབྱེད་དང་། སྡོམ་ཚིག་ནི་ཆོས་མ་ཡིན་པར་ཆོས་ཅན་གསལ་བོར་བཟོ་རྒྱུ་དེ་རེད། དེའི་ཕྱིར་ཤེར་རྟོགས་རིག་པས་ངེས་པར་དུ་རྟོགས་དཀའ་བ་དང་ཁ་དམ་པ། གསལ་བོ་མིན་པའི་བསམ་བློའི་རིགས་ལ་དབྱེ་ཞིབ་བྱས་ཏེ་གསལ་བོར་བཟོ་རྒྱུ་དེ་རེད། ལུགས་དེའི་ལྟ་བ་འཛིན་མཁན་གྱི་མི་སྣ་གཙོ་བོ་ནི་རོའུ་སུའུ་དང་ཧྥུ་རད་ཀེ། ཝེ་ཐོ་ཀིན་སི་ཐེན། རླར་སོགས་ཡོད་ལ་རྣམ་འབྱེད་ཤེར་རྟོགས་རིག་པ་དང་ཕལ་ཆེར་འདྲ་མཚུངས་ཆགས་ཡོད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-18

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།