ནུབ་ཕྱོགས་ཤེར་རྟོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནུབ་ཕྱོགས་ཤེར་རྟོགས་རིག་པ།
གནའ་རབས་ཀེ་རི་སེ་ནི་སྔར་ནས་བཟུང་ཡོ་རོབ་ཤེས་རིག་གི་བྱུང་ཡུལ་དུ་ངོས་འཛིན་གྱིན་ཡོད་ཅིང་། ཡོ་རོབ་ཙམ་མ་ཟད་ནུབ་ཕྱོགས་ཤེར་རྟོགས་རིག་པའི་ཕ་ས་རུ་འབོད། གནའ་རབས་ཀེ་རི་སེའི་ཤེར་རྟོགས་རིག་པའི་ཆེས་ཐོག་མའི་གྲུབ་མཐའ་སྟེ་མའེ་ལེ་ཐུ་སི(Miletus)གྲུབ་མཐའ་དེ་སྤྱི་ལོའི་སྔོན་གྱི་དུས་རབས་བདུན་པ་ནས་དུས་རབས་དྲུག་པའི་བར་བྱུང་ལ། དེའི་ཡར་སྔོན་དུའང་གནའ་རབས་ཀེ་རི་སེའི་ཤེར་རྟོགས་རིག་པར་འཕེལ་རིམ་རིང་པོ་ཞིག་བརྒྱུད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西方哲学
ཕྱི་ཡིག་གི་མིང་།
western philosophy
བྱུང་ཡུལ།
གནའ་རབས་ཀེ་རི་སེ།
བྱུང་དུས།
སྤྱི་ལོ་སྔོན་གྱི་དུས་རབས7-6བར།
1 ལོ་རྒྱུས་འཕེལ་རིམ།

སྤྱིར་བཏང་ནུབ་ཕྱོགས་ཤེར་རྟོགས་རིག་པའི་ལོ་རྒྱུས་ནི་སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པའི་གནའ་རབས་ཀེ་རི་སེའི་ཤེར་རྟོགས་རིག་པ་ནས་ནུབ་ཕྱོགས་དེང་རབས་ཀྱི་ཤེར་རྟོགས་རིག་པ་འཕེལ་རྒྱས་ཀྱི་ལོ་རྒྱུས་དེ་ལ་ཟེར། དེར་དུས་རིམ་བཞི་རུ་དབྱེ་ཆོག་པ་སྟེ། དུས་རིམ་དང་པོ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པ་ནས་སྤྱི་ལོའི་དུས་རབས་ལྔ་བའི་བར་ཏེ་དེ་ལ་གནའ་རབས་ཀེ་རི་སེའི་ཤེར་རྟོགས་རིག་པ་ཟེར། དུས་རིམ་གཉིས་པ་ནི་སྤྱི་ལོའི་དུས་རབས་ལྔ་བ་ནས་དུས་རབས་བཅོ་ལྔའི་བར་ཏེ་དེ་ལ་དུས་རབས་དཀྱིལ་མའི་ཤེར་རྟོགས་རིག་པ་ཟེར། དུས་རིམ་གསུམ་པ་ནི་དུས་རབས་བཅོ་ལྔ་བའི་དུས་དཀྱིལ་ནས་དུས་རབས་བཅུ་དགུ་བའི་ལོ་རབས་བཞི་བཅུ་པའི་བར་ཏེ་དེ་ལ་ཉེ་རབས་ཤེར་རྟོགས་རིག་པ་ཟེར། དུས་རིམ་བཞི་བ་ནི་དུས་རབས་བཅུ་དགུ་བའི་ལོ་རབས་བཞི་བཅུ་པའི་ཚུན་ཆད་ལ་དེང་རབས་ཤེར་རྟོགས་རིག་པ་ཟེར། དེང་རབས་ཤེར་རྟོགས་རིག་པའི་ལོ་རགྱུས་ཀྱི་དབྱེ་མཚམས་ཐད་དུ་རང་ལུགས་མི་འདྲ་བ་མང་པོ་ཡོད་ཀྱང་ཁ་ཤས་ཤིག་གིས་འཛམ་གླིང་འཁྲུག་ཆེན་དང་པོའི་རྗེས་ལ་ངོས་འཛིན་པ་དང་། ལ་ལས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་ངོས་འཛིན་བྱེད། ཡིན་ན་ཡང་ཤེར་རྟོགས་རིག་པའི་ལོ་རྒྱུས་སྨྲ་བ་པོ་དབྱིན་ཇིའི་རོའུ་སུའུ(Bertrand Russell)ནས་འཕེལ་རིམ་གཙོ་བོ་གསུམ་དུ་བཀར་ཡོད་པ་དང་། ཝུན་རྡར་པན(Windelband)གྱིས་འཕེལ་རིམ་བདུན་དུ་བཀར་ཡོད་པ་སྟེ།

(1) སྤྱི་ལོའི་སྔོན་གྱི་ལོ(600—322)བར་ལ་ཀེ་རི་སེའི་ཤེར་རྟོགས་རིག་པ།

(2) སྤྱི་ལོའི་སྔོན་གྱི་ལོ(322—500)བར་ལ་ཞི་ལ་ཅན་གྱི་རཱོ་མའི་ཤེར་རྟོགས་རིག་པ།

(3) དུས་རབས5བ་ནས15བའི་བར་ལ་དུས་རབས་དཀྱིལ་མའི་ཤེར་རྟོགས་རིག་པ།

(4) དུས་རབས15བ་ནས་དུས་རབས17པའི་བར་ལ་རིག་གསར་བསྐྱར་དར་སྐབས་ཀྱི་ཤེར་རྟོགས་རིག་པ།

(5) སྤྱི་ལོ1689ནས་སྤྱི་ལོ1781ལོའི་བར་ལ་རིག་པའི་སྒོ་འབྱེད་ལས་འགུལ་དུས་ཀྱི་ཤེར་རྟོགས་རིག་པ།

(6) སྤྱི་ལོ1781ནས་སྤྱི་ལོ1820ལོའི་བར་ལ་འཇར་མན་གྱི་ཤེར་རྟོགས་རིག་པ།

(7) དུས་རབས19བའི་ཤེར་རྟོགས་རིག་པ་ཞེས་འཕེལ་རིམ་བདུན་དུ་དབྱེ་ནས་གསལ་བོ་གསུང་ཡོད། 

2 གནའ་རབས་ཀེ་རི་སེའི་ཤེར་རྟོགས་རིག་པ།

གནའ་རབས་ཀེ་རི་སེའི་ཤེར་རྟོགས་རིག་པའི་མིང་གཞན་ལ་གནའ་རབས་ཀེ་རི་སེ་དང་རཱོ་མའི་ཤེར་རྟོགས་རིག་པའང་ཟེར། སྤྱི་ལོའི་སྔོན་གྱི་དུས་རབས6པའི་ཀེ་རི་སེའི་བྲན་གཡོག་སྤྱི་ཚོགས་ཀྱི་དཔལ་འབྱོར་ཅུང་ཙམ་དར་རྒྱས་ཡིན་པའི་ཁར་ཨེ་ཅིབ་སོགས་ཀྱི་ཤུགས་རྐྱེན་ཐེབས་པའི་འོག་རིག་གནས་ལའང་འཕེལ་རྒྱས་ཆེན་པོ་བྱུང་བ་དང་ནུབ་ཕྱོགས་ཤེར་རྟོགས་རིག་པའི་ལོ་རྒྱུས་ཀྱི་ཐོག་མའི་འཕེལ་རྒྱས་དུས་རིམ་གྱི་གཞི་བཏིང་བ་རེད། གནའ་རབས་ཀེ་རི་སེའི་ཤེར་རྟོགས་རིག་པ་དེ་ལྷ་སྒྲུང་གི་གཏམ་རྒྱུད་ལས་ཁ་བྲལ་རྗེས་དེའི་ལས་འགན་གཙོ་བོ་ནི་འཇིག་རྟེན་གྱི་ངོ་བོ་ལ་རྟོགས་འཇུག་བྱ་རྒྱུ་ཡིན་པ་ལྟར་རིམ་བཞིན་རང་བྱུང་ཤེར་རྟོགས་རིག་པ་བྱུང་བ་དང་། དང་ཐོག་ཤེར་རྟོགས་རིག་པ་བ་ཚོས་རང་བྱུང་ལ་ཞིབ་འཇུག་བྱེད་པར་དོ་སྣང་ཆེན་པོ་བྱས་ནའང་མི་དང་རང་བྱུང་། བསམ་གཞིགས་དང་གཞི་གྲུབ་སོགས་ཀྱི་ལྟ་ཚུལ་ཐད་ཆོས་ལྷ་སྒྲུང་སྨྲ་བ་པོ་དང་ཀུན་ནས་མཚུངས་བར་གཞི་གཅིག་ཏུ་གྱུར་བའི་དངོས་པོ་ཞིག་ཏུ་འདོད་པ་དང་། དེ་ལས་འགའ་ཞིག་གིས་བྱ་དངོས་ཐམས་ཅད་ཀྱང་མི་དང་འདྲ་བར་གསོན་པོར་གནས་ཡོད་པར་བཤད། དེའི་རྗེས་ཀྱི་ཤེར་རྟོགས་རིག་པ་བ་ཚོས་དངོས་པོ་ཐམས་ཅད་ཀྱི་གཞི་མ་འགྱུར་བ་མེད་པར་བཤད་ཀྱང་འགྱུར་བ་མེད་པའི་ལྟ་ཚུལ་ལ་བསྙོན་འབྱིན་ཡང་བྱས་ཡོད། དེར་བརྟེན་འགྱུར་བའི་ཆོས་ཉིད་ཀྱི་སྔ་མའི་སྒུལ་ཤུགས་གང་ནས་བྱུང་པའི་སྐོར་གྱི་གནད་དོན་བྱུང་བ་དང་། ཁ་ཅིག་གིས་སྔ་མའི་སྒུལ་ཤུགས་ནི་མི་འགྱུར་བའི་ཆོས་ཉིད་ཀྱི་ཕྱི་རོལ་ནས་ཐོན་པ་དང་། ཨ་ན་ཁེ་སི་ཀེ་རས(Anaxagoras )སྔ་མའི་སྒུལ་ཤུགས་ནི་ནེའོ་ཟི(奴斯)ལས་བྱུང་བར་བཤད། སུའུ་ཀོ་ལ་ཏེ(Socrates)ནས་བཟུང་མིའི་གནད་དོན་སྐོར་ལ་ཞིབ་འཇུག་དང་རང་བྱུང་གི་ཞིབ་འཇུག་སྐོར་ལ་དོ་སྣང་དེ་ཙམ་བྱས་མེད་པ་མ་ཟད། དཀའ་གནད་ཀྱི་མདུད་པ་དཀྲོལ་སླད་རྩོད་བསྡུར་བྱས་པས་རྩོད་སྒྲུབ་རིག་པ་འཕེལ་རྒྱས་དང་བློ་རིག་གི་རྩོད་སྒྲུབ་རིག་པའང་རྒྱ་ཆེར་དར་ཡོད། སྤྱི་ལོའི་སྔོན་གྱི་དུས་རབས་བཞི་བའི་ནང་གནའ་རབས་ཀེ་རི་སེའི་ཤེར་རྟོགས་རིག་པ་དེ་མ་ལག་ཅན་དུ་འགྱུར་འགོ་ཚུགས་པ་དང་མི་སྣ་གཙོ་བོ་ནི་པོ་ལ་ཐུ(Plato)དང་ཨབ་རུ་སི་ཐོ་ཐོ(Aristotle)གཉིས་ཏེ། ཁོ་ཚོས་སྔོན་ཆད་ཀྱི་གྲུབ་མཐའ་སོ་སོའི་ཤེར་རྟོགས་རིག་པར་སྤྱི་སྡོམ་བྱས་པ་མ་ཟད་རང་རང་གི་ཤེར་རྟོགས་རིག་པའི་མ་ལག་སྲོལ་བཏོད་གནང་ཡོད་པ་རེད། (པོ་ལ་ཐུས་རྟོག་བཅས་ལ་བརྟེན་ཏེ་ཕྱི་རོལ་སེམས་གཙོ་རིང་ལུགས་ཀྱི་རྨང་གཞི་བཏིང་ཚུལ་དང་ཨབ་རུ་སི་ཐོ་ཐོ་ཉིད་རྣམ་པ་རྐྱང་པ་དང་རྒྱུ་ཆ་རྐྱང་པར་བརྟེན་ཏེ་གཟུགས་འདས་རིག་པའི་ལམ་སྲོལ་བཏོད་ཚུལ་དང་དེའི་འཕེལ་རྒྱས་བཏང་ཚུལ།) སྤྱི་ལོའི་སྔོན་གྱི322ལོ་སྟེ་ཨབ་རུ་སི་ཐོ་ཐོ་སྐུ་གཤེགས་རྗེས་ཕལ་ཆེར་ལོ800ལྷག་ཕྱིན་ཡོད་པ་དང་དེའི་ནང་ཤེར་རྟོགས་རིག་པའི་གྲུབ་མཐའ་ཡང་རིམ་པར་བྱུང་སྟེ་མཁས་དབང་སོ་སོས་རང་རང་གི་ཤེས་པའི་ནུས་པ་རྩལ་སྤྲུགས་བྱས་ཡོད།

མདོར་ན། ནུབ་ཕྱོགས་ཤེར་རྟོགས་རིག་པའི་འབྱུང་ཡུལ་དང་ནུབ་ཕྱོགས་ཤེར་རྟོགས་རིག་པའི་ལོ་རྒྱུས་ཁྲོད་ཀྱི་བསམ་བློ་རྣམ་པ་སྣ་ཚོགས་འབྱུང་ཁུངས་ཐམས་ཅད་ཀེ་རི་སེའི་ཤེར་རྟོགས་རིག་པའི་ལོ་རྒྱུས་ནང་བཙལ་ཆོག་པ་དང་། ནུབ་ཕྱོགས་ཤེར་རྟོགས་རིག་པའི་ལོ་རྒྱུས་འཕེལ་རྒྱས་ལ་བརྟེན་ནས་གནའ་རབས་ཀེ་རི་སེའི་ཤེར་རྟོགས་རིག་པའི་བསམ་བློ་སྣ་ཚོགས་ལའང་འཕེལ་རྒྱས་དང་འགྱུར་བ་གསལ་བོ་བྱུང་ཡོད།

3 དུས་རབས་དཀྱིལ་མའི་ཤེར་རྟོགས་རིག་པ།

དུས་རབས་དཀྱིལ་མའི་ཤེར་རྟོགས་རིག་པའི་གནད་དོན་གཙོ་བོ་ནི་ལྷ་དང་མི། ལྷ་ཡུལ་དང་འཇིག་རྟེན་པའི་འབྲེལ་བའི་གནད་དོན་དེ་ཡིན་ལ། དེ་དུས་གནམ་བདག་ཆོས་ཚོགས་ནི་བཀས་བཀོད་རྒྱུན་འཛིན་གྱི་དབང་སྒྱུར་བ་ཆེན་པོ་ཞིག་དང་དུས་རབས་དཀྱིལ་མའི་འཇིག་རྟེན་པའི་དབང་ཆ་དང་སེམས་ཀྱི་འཚོ་བར་ཁོ་ལོ་བསྒྱུར་གྱིན་ཡོད་ཅིང་། ཤེར་རྟོགས་རིག་པ་ནི་རྗེས་དཔག་སྤྱད་དེ་དད་པ་ལ་འགྲེལ་བཤད་བྱ་བྱེད་དུ་གྱུར་ཡོད་པ་རེད། དུས་རབས་དཀྱིལ་མའི་ཤེར་རྟོགས་རིག་པ་ནི་གནའ་རབས་ཀེ་རི་སེ་དང་རཱོ་མའི་ཤེར་རྟོགས་རིག་པ་དང་། ཁྱད་པར་དུ་པོ་ལ་ཐུའི་ཤེར་རྟོགས་རིག་པ་དང་། ཨབ་རུ་སི་ཐོ་ཐོའི་ཤེར་རྟོགས་རིག་པ། པོ་ལ་ཐུ་གསར་མའི་རིང་ལུགས་ནི་ཡེ་ཤུའི་ཆོས་ལུགས་དང་སྦྲེལ་ཏེ་འཕེལ་རྒྱས་བྱུང་བ་ཞིག་ཡིན་ལ། གཙོ་བོར་འཕེལ་རིམ་གསུམ་ཡོད་དེ།

(1) དུས་རབས་དཀྱིལ་མའི་དུས་སྟོད་ཀྱི་ཤེར་རྟོགས་རིག་པ།

སྤྱི་ལོའི་དུས་རབས5བ་ནས11པའི་དུས་འགོ་ནི་དུས་རབས་དཀྱིལ་མའི་ཤེར་རྟོགས་རིག་པའི་དུས་སྟོད་རེད། དེ་དུས་མི་རྣམས་ཀྱིས་གནའ་རབས་ཤེར་རྟོགས་རིག་པ་ལས་གཞན་ཨབ་རུ་སི་ཐོ་ཐོའི་གཏན་ཚིགས་རིག་པའི་ལེ་ཚན་འགའ་རེ་དང་པོ་ལ་ཐུ་གསར་མ་ལས་གཞན་གསལ་རྟོགས་བྱེད་ཐུབ་ཀྱི་མེད། པོ་ལ་ཐུ་གསར་མའི་རིང་ལུགས་ནི་ཡེ་ཤུའི་ཆོས་ལུགས་ཀྱང་དར་ཁྱབ་བྱུང་སྟེ་ཕྱོགས་གང་སར་ཁྱབ་གདལ་དུ་འགྱུར་བའི་འགོ་ཚུགས་ཡོད་པ་རེད།

(2) དུས་རབས་དཀྱིལ་མའི་དུས་དཀྱིལ་གྱི་ཤེར་རྟོགས་རིག་པ།

སྤྱི་ལོའི་དུས་རབས11པ་ནས་དུས་རབས14བའི་དུས་འགོ་དེར་དུས་རབས་དཀྱིལ་མའི་ཤེར་རྟོགས་རིག་པའི་དུས་དཀྱིལ་དང་དགོན་སྡེ་ཤེར་རྟོགས་རིག་པ་ཕྱོགས་ཀུན་ནས་དར་བའི་དུས་རབས་ཀྱང་རེད། སྐབས་དེ་དུས་ཡེ་ཤུའི་ཆོས་ལུགས་ཀྱི་སྟོབས་ཤུགས་ཤིན་ཏུ་ཆེ་བས་དགོན་པའི་ཤེར་རྟོགས་རིག་པར་ཡེ་ཤུའི་ཆོས་ལུགས་ཀྱི་བསམ་བློས་མཛུབ་སྟོན་བྱེད་ཀྱི་ཡོད། དེ་དང་ལྷན་དུ་ཨབ་རུ་སི་ཐོ་ཐོར་གྱི་ཤེར་རྟོགས་རིག་པ་དང་གསུངས་རྩོམ་སྐོར་ཨ་རབ་ཤེར་རྟོགས་རིག་པ་བས་ཡོ་རོབ་ནུབ་མར་རྒྱ་ཆེར་དར་སྤེལ་དུ་བཏང་བ་རེད། དེ་ལྟར་དགོན་སྡེ་ཤེར་རྟོགས་རིག་པར་པོ་ལ་ཐུའི་ཤེར་རྟོགས་རིག་པ་དང་པོ་ལ་ཐུ་གསར་མའི་རིང་ལུགས་ཀྱི་རྒྱུ་རྐྱེན་ཚང་བ་དང་ཨབ་རུ་སི་ཐོ་ཐོར་གྱི་ཤེར་རྟོགས་རིག་པའི་རྒྱུ་རྐྱེན་ཡང་ལྡན་ཕྱིར་དུས་སྐབས་དེའི་ནང་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

(3) དུས་རབས་དཀྱིལ་མའི་དུས་སྨད་ཀྱི་ཤེར་རྟོགས་རིག་པ།

སྤྱི་ལོའི་དུས་རབས14བ་ནས་དུས་རབས15བའི་བར་ལ་དུས་རབས་དཀྱིལ་མའི་ཤེར་རྟོགས་རིག་པའི་དུས་སྨད་ཟེར། རཱོ་མའི་ཆོས་ཚོགས་ཉམས་རྒུད་དུ་གྱུར་བ་དང་རང་བྱུང་ཚན་རིག་དར་སྤེལ་བྱུང་བས་ཨབ་རུ་སི་ཐོ་ཐོར་གྱི་ཤེར་རྟོགས་རིག་པའི་ཁྲོད་ཀྱི་ཉམས་མྱོང་བདེན་དོན་གཙོ་བོར་འཛིན་པའི་ངོ་བོར་གཞི་ནས་ངོས་འཛིན་བྱུང་ཞིང་། མི་རྣམས་ཀྱང་ཆོས་ཚོགས་ཀྱིས་ཨབ་རུ་སི་ཐོ་ཐོ་ཡི་བསམ་བློར་འཁྱོག་བཤད་བྱས་པའི་རྣམ་འགྱུར་ལ་ཡི་ཐང་ཆད་པ་མ་ཟད། དགོན་སྡེའི་ཤེར་རྟོགས་རིག་པ་རིམ་བཞིན་ཉམས་ཤིང་འཇིག་རྟེན་ཤེར་རྟོགས་རིག་པ་རིམ་བཞིན་ལྷ་སྒྲུང་ལས་བཅིངས་འགྲོལ་ཐོབ་སྟེ་དར་འཕེལ་བྱུང་བ་རེད། གཞན་ཡང་དུས་རབས་དེའི་ནང་རབ་བྱེད་སྨྲ་བ་དང་པོ་ལ་ཐུ་གསར་མའི་རིང་ལུགས་ལ་གཏོགས་པའི་ཟབ་མོ་ལྟ་བའི་ལོག་ལྟའི་བསམ་བློ་ཡང་བསྐྱར་དར་རྒྱས་སུ་བྱུང་བ་དང་མི་སྒེར་གྱི་རང་དབང་གི་བསམ་བློའི་དབུ་ཡང་བརྩམས་ཡོད།

མདོར་ན་དུས་རབས་དཀྱིལ་མའི་ཤེར་རྟོགས་རིག་པ་ནི་དགོན་སྡེའི་ཤེར་རྟོགས་རིག་པ་དང་གནམ་བདག་ཆོས་ལུགས་ཀྱིས་དབང་བསྒྱུར་བྱས་པའི་དུས་རབས་ཤིག་ཡིན་ཕྱིར་དབྱིན་ཇིའི་ཤེར་རྟོགས་རིག་པ་བ་རོའུ་སུའུ་ནས་གནམ་བདག་ཆོས་ལུགས་ཀྱི་ཤེར་རྟོགས་རིག་པའི་དུས་རབས་ཞེས་བཏགས་ཡོད་ལ། དེའང་པོ་ལ་ཐུས་ཤུགས་རྐྱེན་ཐེབས་པའི་ཨོ་ཀོལ་སི་ཐེན་དང་ཨབ་རུ་སི་ཐོ་ཐོར་ལ་དག་སྣང་སྦྱངས་མཁན་པ་ཨ་ཆུ་ན་གཉིས་ནི་གནམ་བདག་ཆོས་ལུགས་ཀྱི་ཤེར་རྟོགས་རིག་པ་འཕེལ་རྒྱས་གཏོང་མཁན་གཙོ་བོ་གཉིས་ཡིན།

4 ཉེ་རབས་ཤེར་རྟོགས་རིག་པ།

ཉེ་རབས་ཤེར་རྟོགས་རིག་པ་ནི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ནས་མ་རྩ་རིང་ལུགས་ཀྱི་བར་བརྒལ་དུས་རིམ་དང་རང་དབང་མ་རྩ་རིང་ལུགས་དུས་སྐབས་ཀྱི་ཤེར་རྟོགས་རིག་པ་ལ་ཟེར། དེས་ན་ཉེ་རབས་ཤེར་རྟོགས་རིག་པ་ནི་དུས་སྐབས་གསུམ་དུ་དབྱེ་ཆོག་སྟེ།

དུས་སྐབས་དང་པོ་ནི། རིག་རྩལ་བསྐྱར་དར་དུས་ཀྱི་ཤེར་རྟོགས་རིག་པ། དུས་རབས་དཀྱིལ་མ་ནས་ཉེ་རབས་བར་བརྒལ་གྱི་དུས་སྐབས་ཏེ་དུས་རབས15—16པའི་བར་ལ་རིག་རྩལ་བསྐྱར་དར་གྱི་དུས་སྐབས་ལ་ཟེར། འཇིག་རྟེན་པའི་མི་རྣམས་ཀྱི་བསམ་བློ་སྟོང་བསམ་དུ་ཞུགས་པ་ལས་དངོས་ཡོད་ཀྱི་འཇིག་རྟེན་དུ་སླར་ལོག་པ་དང་། དགོན་པའི་ཤེར་རྟོགས་རིག་པ་དང་ཁ་གྱེས་ཏེ་རང་བྱུང་ཁམས་འཕེལ་རྒྱས་སུ་བཏང་བ་དང་། མི་རང་ཉིད་ཀྱི་རིན་ཐང་ཡང་ཤེས་རྟོགས་བྱུང་བ་རེད། མི་རྣམས་ཀྱིས་ཚན་རིག་ཤེས་བྱར་སློབ་གཉེར་དང་རང་གཤིས་བཅིང་འགྲོལ་ལ་རེ་ལྟོས། ཆོས་ལུགས་ཀྱི་བཀག་རྒྱ་ལ་ངོ་རྒོལ་བྱེད་པ་ནི་དེ་དུས་ལ་ཆ་མཚོན་ན་མི་རྣམས་ཀྱི་འདུ་ཤེས་ཀྱི་ངོ་བོ་ཞིག་རེད། རང་བྱུང་དང་མི་གཉིས་ནི་བསམ་བློ་བ་ཚོས་ཞིབ་འཇུག་གི་བརྗོད་བྱའི་སྙིང་བོར་གྱུར་བ་དང་། ཞིབ་འཇུག་གི་གོ་རིམ་ཁྲོད་དུ་མིའི་རིགས་རིག་གནས་སྨྲ་བ་དང་རང་བྱུང་ཤེར་རྟོགས་རིགས་པ་ཞེས་རིག་པ་ཞེས་ཕྱོགས་གཉིས་སུ་མཆེད་པ་ལ་འབྲེལ་བ་དམ་པོ་ཡོད་ཅིང་འགལ་བའང་ཆེན་པོ་ཡོད་པ་རེད། མིའི་རིགས་རིག་གནས་སྨྲ་བ་ཚོས་མི་གཙོ་བོར་འཛིན་ཞིང་ཐམས་ཅད་མིའི་ཁེ་ཕན་ལ་བསྟུན་ཏེ་བཤད། ཁོ་ཚོས་གནའ་རབས་ཀྱི་རིག་གནས་དང་ཤེར་རྟོགས་རིག་པའི་གྲུབ་མཐའ་སྣ་ཚོགས་ལ་ཞིབ་འཇུག་བྱས་མྱོང་། རང་བྱུང་ཤེར་རྟོགས་རིག་པ་བ་ཚོས་དངོས་གཙོ་རིང་ལུགས་ཀྱི་ལྟ་ཚུལ་སྤྱད་དེ་དགོན་སྡེའི་ཤེར་རྟོགས་རིག་པའི་སེམས་གཙོ་རིང་ལུགས་ཀྱི་ལྟ་ཚུལ་ལ་ངོ་རྒོལ་དང་། མྱོང་རྟོག་གི་ཚན་རིག་བྱ་ཐབས་སྤྱད་དེ་དགོན་སྡེ་ཤེར་རྟོགས་རིག་པའི་རིགས་འདེད་ཀྱི་བྱ་ཐབས་ལ་ངོ་རྒོལ། རྩོད་སྒྲུབ་རིག་པའི་བསམ་བློ་སྤྱད་དེ་དགོན་སྡེའི་ཤེར་རྟོགས་རིག་པའི་གཟུགས་འདས་རིག་པའི་ལྟ་ཚུལ་ལ་ངོ་རྒོལ་བྱེད། འོན་ཏེ། རང་བྱུང་ཚན་རིག་གི་འཕེལ་རྒྱས་དེ་མགོ་བརྩམས་མ་ཐག་ཡིན་པས་ཆུ་ཐིག་བསགས་པའི་ངང་ཚུལ་ལས་རྒྱ་ཆེར་ཞིབ་འཇུག་བྱེད་ཐུབ་ཀྱི་མེད་པ་དང་ཚན་རིག་གསར་བ་རང་རྐྱ་ཐུབ་པ་ཞིག་ཏུ་དར་འཕེལ་བྱུང་ཐུབ་མེད།

(1) དུས་རབས་དཀྱིལ་མའི་ཤེར་རྟོགས་རིག་པ།

དུས་རབས་བཅུ་བདུན་པ་དང་བཅོ་བརྒྱད་པའི་མཇུག་ལ་ཉེ་རབས་ཤེར་རྟོགས་རིག་པ་དར་བ་དེར་ཟེར། དུས་སྐབས་དེའི་ནང་མ་རྩ་རིང་ལུགས་འཕེལ་རྒྱས་བྱུང་བ་དང་རང་བྱུང་ཚན་རིག་ཀྱང་རིགས་སྒོ་མང་པོར་གྱེས་ཏེ་ཞིབ་འཇུག་བྱེད་པ། དངོས་ཡོད་འཇིག་རྟེན་ཉིད་མིའི་རིགས་ཀྱི་ཁ་ལོ་སྒྱུར་ཡུལ་དུ་ངོས་འཛིན་བྱུང་བ་དང་། ཤེར་རྟོགས་རིག་པའི་ཞིབ་འཇུག་གི་དོན་གནད་ཀྱང་ཕྱིའི་གཟུགས་དང་ནང་གཟུགས་ཀྱི་འབྲེལ་བ། འདུ་ཤེས་དང་གཞི་གྲུབ་ཀྱི་གཅིག་གྱུར་གནད་དོན་སྟེང་བཞག་ཡོད་པའི་རྒྱུ་མཚན་དེ་དག་ལ་བརྟེན། ཤེར་རྟོགས་རིག་པར་ཞིབ་འཇུག་པ་ཚོས་དངོས་དོན་གྱི་ཉེ་རབས་ཤེར་རྟོགས་རིག་པའི་མགོ་ཡང་འདི་ནས་བརྩམས་པར་བརྗོད། དུས་རབས་དེའི་ནང་ཚན་རིག་གི་གཞི་འཛིན་ས་ཡང་རྟོག་ཞིབ་དང་ཉམས་མྱོང་གཙོ་བོར་བྱས་པའི་སྟེང་ཕྱོགས་བསྡུས་བྱ་ཐབས་དང་ཨང་རྩིས་རིག་པའི་རྣམ་འབྱེད་བྱ་ཐབས་དེ་རེད། དེར་བརྟེན་ཤེར་རྟོགས་རིག་པའི་ཁྲོད་དུ། སྔོན་ཆད་ལྷ་ཡིས་དབང་བསྒྱུར་བྱས་པའི་འཇིག་རྟེན་དེ་ཉིད་ད་ལྟ་རྒྱུ་འབྲས་ཀྱིས་ཁ་ལོ་བསྒྱུར་བའི་འཇིག་རྟེན་དུ་གྱུར་བ་དང་། གཟུགས་འདས་རིག་པའི་འགྱུར་མེད་ཀྱི་འཇིག་རྟེན་ལྟ་ཚུལ་གྱིས་སྐབས་ཤིག་ལ་དབང་བསྒྱུར་གྱི་གནས་བབས་ཟིན་པ་དང་། གནས་ཚུལ་དེ་ནི་དུས་རབས18པའི་སྨད་ཀྱི་འཇར་མན་པ་ཁང་ཐའི་དུས་སྐབས་བར་དུ་གནས་ཡོད་པ་རེད། ལོ་རྒྱུས་ཀྱི་དུས་རིམ་དེའི་ཁྲོད་དུ་ཉམས་མྱོང་སྨྲ་བ་པོ་ལོའོ་ཁེ(John Locke)། རྦག་ཁེ་ལད(George Berkeley)དང་ཧུ་མོ(David Hume)སོགས་བྱུང་བ་དང་། རྗེས་དཔག་ཙམ་སྨྲ་བ་རྟ་ཁ་ཚི(René Descartes)དང་སི་པེན་ནའོ་རྫ(Baruch de Spinoza)། ལད་བུ་ནེ་ཚེ(Gottfried Wilhelm Leibniz)སོགས་བྱུང་ཡོད། པ་ཁོན(Francis Bacon)ནི་ཉེ་རབས་དངོས་གཙོ་རིང་ལུགས་ཀྱི་ཉམས་མྱོང་སྨྲ་བའི་འཐུས་མི་ཨང་དང་པོ་དང་། རྡད་ཁ་ཚི(Thales )ནི་ཉེ་རབས་རྗེས་དཔག་སྨྲ་བའི་འཐུས་མི་ཨང་དང་པོ། སི་ཕེན་ནོའོ་རྫ་ནི་དངོས་གཙོ་རིང་ལུགས་དང་རྗེས་དཔག་ཙམ་སྨྲ་བ། ལད་བུ་ནེ་ཚེ་ནི་སེམས་གཙོ་རིང་ལུགས་ཀྱི་རྗེས་དཔག་ཙམ་སྨྲ་བ། རྦག་ཁེ་ལད་དང་ཧུ་མོ་ནི་སེམས་གཙོ་རིང་ལུགས་ཀྱི་ཉམས་མྱོང་སྨྲ་བ་པོ་ཡིན་ལ། ཉམས་མྱོང་སྨྲ་བ་པོ་ཚོས་ཤེར་རྟོགས་རིག་པའི་ཞིབ་འཇུག་གི་བྱ་ཐབས་ནི་ཚོད་ལྟ་དང་རྟོག་ཞིབ་གཙོ་བོར་བྱས་པའི་ཕྱོགས་བསྡུས་བྱ་ཐབས་དང་ཤེས་བྱ་ནི་དབང་ཤེས་ཀྱིས་མྱངས་པའི་ཁྲོད་ཀྱི་དངོས་པོ་དེ་ལ་ཟེར། དེ་བཞིན་རྗེས་དཔག་ཙམ་སྨྲ་བ་ཚོས་ཨང་རྩིས་ཀྱི་རྣམ་འབྱེད་བྱ་ཐབས་ལ་བརྟེན་ཏེ་འདུ་ཤེས་ཉིད་དབང་ཤེས་ཀྱི་མྱོང་བ་ལས་ཚུགས་ཐུབ་ཏུ་འདོད་པ་དང་། འདུ་ཤེས་ཀྱིས་ཉམས་མྱོང་ལས་བརྒལ་བའི་དངོས་པོའི་རིགས་རྟོགས་ཐུབ་པར་བརྗོད། གཞན་ཡང། ཉམས་མྱོང་སྨྲ་བ་ཚོས་ཚོར་བའི་ཁྲོད་ཀྱི་དངོས་པོ་རང་འགའ་བ་དང་སྣ་མང་རང་བཞིན་ལ་དོ་སྣང་གཙིགས་ཆེན་བྱེད་ཅིང་རྗེས་དཔག་ཙམ་སྨྲ་བ་ཚོས། བསམ་བློའི་ཁྲོད་ཀྱི་ཁྱབ་གདལ་གྱི་གོ་དོན་དང་གཅིག་གྱུར་རང་བཞིན་ལ་དོ་སྣང་དང་གཙིགས་ཆེན་བྱེད་དོ། །

(2) འཇར་མན་གནའ་རྩོམ་ཤེར་རྟོགས་རིག་པ།

དུས་རབས་བཅོ་བརྒྱད་པའི་དུས་མཇུག་ནས་ཁང་ཐའི(Immanuel Kant)ཤེར་རྟོགས་རིག་པའི་བར་ལ་ཉེ་རབས་ཤེར་རྟོགས་རིག་པ་ཉིད་རང་གི་དུས་སྨད་སྐྱེལ་བའི་ལས་ལ་ཞུགས་ཡོད། དུས་རབས་བཅོ་བརྒྱད་པའི་དུས་མཇུག་གི་ཧྥ་རན་སེའི་གསར་བརྗེ་ཆེན་མོའི་དུས་སྐབས་ཀྱི་ལོ་རྒྱུས་རྩོད་སྒྲུབ་སྨྲ་བ་དང་། དུས་རབས་བཅོ་བརྒྱད་པའི་དུས་མཇུག་དང་དུས་རབས་བཅུ་དགུ་བའི་དུས་མགོའི་རང་བྱུང་ཚན་རིག་གི་ལག་རྗེས་དེས་ནུབ་ཕྱོགས་ཉེ་རབས་ཀྱི་ཤེར་རྟོགས་རིག་པ་དར་འཕེལ་ལ་སྐུལ་ལྕག་ཐེབས་ཏེ་འཕེལ་རྒྱས་ཀྱི་ཡང་རྩེར་སླེབས་ཡོད་པ་རེད། དུས་སྐབས་དེའི་ཁྲོད་དུ་འཇར་མན་སེམས་གཙོ་སྨྲ་བའི་ཤེར་རྟོགས་རིག་པ་བ་ཚོས་ཆུ་ཚད་མི་འདྲ་བ་དང་རྣམ་པ་མི་འདྲ་བའི་རྩོད་སྒྲུབ་ཀྱི་རིག་པ་སྤྱད་དེ་སྔོན་བྱོན་མཁས་པའི་བསམ་བློར་སྤྱི་བསྡོམས་བྱས་པ་མ་ཟད་རྗེས་དཔག་ཙམ་སྨྲ་བ་དང་ཉམས་མྱོང་སྨྲ་བའི་རྩོད་པ་ལ་སྡོམ་ཚིག་བཟོས་ཤིང་ཁང་ཐ་དང་ཧེ་ཀེར་གཙོ་བྱས་པའི་འཇར་མན་གནའ་རྩོམ་གྱི་སེམས་གཙོ་རིང་ལུགས་ཀྱི་སྲོལ་ཡང་བཏོད་པ་རེད། ལོ་རྒྱུས་ཀྱི་དུས་རིམ་དེའི་ཁྲོད་དུ་ཁང་ཐའི་མདུན་དུ་དཔྱངས་ཡོད་པ་ནི་ངོས་འཛིན་སྨྲ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན་པ་དང་། ཧྥེ་ཆི་ཐ་སི་པེན་ནོའོ་རྫའི(Johann Gottlieb Fichte)འགྱུར་མེད་རྒྱུ་འབྲས་ཐག་གཅོད་སྨྲ་བ་ལས་ལྡོག་སྟེ་ཁང་ཐའི་རྗེས་སུ་འབྲངས་པ་དང་། ཁོའི་འདོད་ཚུལ་ལྟར་ན། རྒྱུ་འབྲས་ཀྱི་ལྡོག་མེད་རང་བཞིན་རྟོགས་པ་ནི་སྣང་ཚུལ་ཞིག་ཡིན་ལ། བདག་ཉིད་ནི་ལྡོག་མེད་རང་བཞིན་གྱི་བྲན་གཡོག་ཅིག་མིན་པར་ཚུགས་ཐུབ་རང་དབང་གི་རང་གཟུགས་ཤིག་ལ་ངོས་འཛིན་བྱེད། རྡད་ཁ་ཚི་ནས་ནུབ་ཕྱོགས་ཤེར་རྟོགས་རིག་པའི་ལོ་རྒྱུས་ཁྲོད་དུ་ཕྱི་དོན་སེམས་གཙོ་རིང་ལུགས་ཀྱི་མ་ལག་རྒྱ་ཆེ་བ་ཞིག་ཡོད། ཞེ་ལེན་ནས་ཤེར་རྟོགས་རིག་པ་བརྩམས་ཏེ་རང་གི་གཅིག་གྱུར་ཤེར་རྟོགས་རིག་པའི་སྲོལ་བཏོད་པ་དང་ཧྥེ་ཆི་ཐའི་རང་རིག་སེམས་གཙོ་རིང་ལུགས་ཀྱི་ལྟ་བ་དེ་ཕྱི་དོན་སེམས་གཙོ་རིང་ལུགས་སུ་བསྒྱུར་ཡོད། ཧྥེར་པཱ་ཁེ(Ludwig Andreas Feuerbac)ནི་འཇར་མན་རྩོམ་ཤེར་རྟོགས་རིག་པའི་མཇུག་མཐའི་འཐུས་མི་དང་དངོས་གཙོ་རིང་ལུགས་ཀྱི་ཤེར་རྟོགས་རིག་པ་སྟེ། རང་བྱུང་ཁམས་ནི་གཞི་གྲུབ་ཉག་གཅིག་དང་མི་ནི་རང་བྱུང་གི་ཐོན་རྫས་དང་ཤ་རུས་གདོས་གཟུགས་དང་བླ་སྲོག་གི་གཅིག་གྱུར་དུ་བཞེད་དོ། །

5 དེང་རབས་ཤེར་རྟོགས་རིག་པ།

དུས་རབས་བཅུ་དགུ་བའི་ལོ་རབས་བཞི་བ་ནས་བཟུང་ནུབ་ཕྱོགས་ཤེར་རྟོགས་རིག་པའི་ལོ་རྒྱུས་དེ་དེང་རབས་ཤེར་རྟོགས་པའི་དུས་སྐབས་སུ་ཞུགས་པ་རེད། དེའང་དུས་རབས་བཅུ་དགུ་བའི་དུས་དཀྱིལ་དུ་ཡོ་རོབ་གླིང་གི་བཟོ་ལས་གསར་བརྗེའི་ལས་འགན་འགྲུབ་ཚར་བ་དང་རྒྱལ་ཁབ་མང་པོ་ཞིག་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དེ་མ་རྩ་རིང་ལུགས་འཕེལ་རྒྱས་མགྱོགས་དྲགས་པའི་དུས་རབས་སུ་སླེབས་པ་དང་། དུས་རབས་ཉི་ཤུ་བའི་དུས་སྟོད་ལ་ཨུ་རུ་སུའི་ཟླ་བཅུ་བའི་གསར་བརྗེར་རྒྱལ་ཁ་ཐོབ་རྗེས་མིའི་རིགས་ཀྱི་ལོ་རྒྱུས་དེ་སྤྱི་ཚོགས་གསར་བ་ཞིག་ཏུ་འཕེལ་རྒྱས་འགྲོ་བའི་འགོ་ཚུགས་པ་རེད། དེ་བས་དུས་རབས་དེའི་ནང་དུ་རང་བྱུང་ཚན་རིག་དང་ལག་རྩལ་གྱི་ཚན་རིག་རླབས་ཆེ་བའི་འཕེལ་རྒྱས་བྱུང་ཡོད་པ་མ་ཟད། ཤེར་རྟོགས་རིག་པའི་ཐད་དུའང་མི་སྒེར་གྱི་འདོད་ཚུལ་ལྟར་གྲུབ་པའི་གྲུབ་མཐའ་སྣ་ཚོགས་བྱུང་ཡོད། ཀུན་གཞི་ཁོ་ན་སྨྲ་བ་ཞོལ་པེན་ཧོར(Arthur Schopenhauer)དང་ནེར་ཁྲེ(Friedrich Wilhelm Nietzsche)ནས་རྟོགས་ཤེས་ཉིད་བྱ་བའི་ཡུལ་དུ་འདོད་ལ། བདག་ཉིད་ནི་སྣང་ཚུལ་དང་ཀུན་གཞིས་མཚོན་པའི་བདག་ཉིད་ནི་ངོ་བོར་བཤད། ནེ་ཁྲེ་ནི་ཞོལ་པེན་ཧོར་གྱི་རྗེས་སུ་འབྲངས་ཏེ་ཚེ་སྲོག་ནི་ཤེར་རྟོགས་རིག་པའི་རྩ་གནད་དུ་འཛིན། རྡེའུ་རྡལ་དང་པོ་ཀོ་སེང་གཉིས་ཀྱིས་ཚེ་སྲོག་ཤེར་རྟོགས་རིག་པ་དང་ཐད་རྟོགས་རིང་ལུགས་གླེང་སློང་དང་རང་ལུགས་ཧྥ་རན་སེ་རུ་དར་སྤེལ་བཏང་། དུས་རབས་བཅུ་དགུ་བའི་ལོ་རབས་བདུན་ཅུ་བའི་ནང་ལང་ཀེས(Friedrich Albert Lange)ཁང་ཐ་གསར་མའི་ལམ་ལུགས་སྤེལ་བ་དང་། མོར(George Edward Moore)དང་རོའུ་སུའུ། ཝེ་ཐུ་ཧད(Alfred North Whitehead)། ཝེ་ཐི་ཀིན་སི་ཐེན(Ludwig Wittgenstein)། ཨེ་ཡེར(Ayer)སོགས་ཀྱིས་སོ་སོར་རྣམ་བདེན་སྨྲ་བ་གསར་མ་དང་། གཏན་ཚིགས་རྣམ་བདེན་སྨྲ་བ་དང་གཏན་ཚིགས་རྡུལ་ཕྲན་སྨྲ་བའི་སྲོལ་ཕྱེས་པ་དང་ཁྱབ་བསྒྲགས་བྱས། ཧུ་སེར(Edmund Gustav Albrecht Husserl)དང་ཧད་ཐ་རྒར(Martin Heidegger)། རྗ་སེ་པར་སེ(Karl Jaspers)། ས་ཁྲར(Jean-Paul Sartre)བཅས་ཀྱིས་སྣང་ཚུལ་རིག་པ་དང་གཞི་གྲུབ་སྨྲ་བའི་སྲོལ་བཏོད་པ་མ་ཟད་སྣང་དང་མི་སྣང་དབར་གྱི་གསང་བ་བརྟོལ་བར་སེམས། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་ཁོར་འོན(Thomas Sammual Kuhn)དང་ཕོ་བུ་འར(Karl Popper)། རླར(Gilbert Ryle)། ཧྥེ་རད་ཀེ་བཅས་ཀྱི་སོ་སོར་དངོས་སྤྱོད་སྨྲ་བ་ཚན་རིག་ཤེར་རྟོགས་རིག་པ། རྣམ་འབྱེད་ཤེར་རྟོགས་རིག་པ་དང་བརྡ་བྱེད་ཤེར་རྟོགས་རིགས་པའི་སྲོལ་ཕྱེས་པ་མ་ཟད་མི་དང་རང་བྱུང་། བརྡ་བྱེད་དང་དོན་སྙིང་བར་གྱི་མདུད་པ་དཀྲོལ་བར་སྨྲའོ། །མདོར་ན་དེང་རབས་ཤེར་རྟོགས་རིག་པའི་བསྒྲུབ་བྱའམ་རྩོད་གཞི་ནི་ཤེས་བྱ་དང་གནས་ལུགས། དྲང་བདེན། མི་དང་རང་བྱུང་། བརྡ་བྱེད་དང་དོན་སྙིང་བཅས་གཙོ་བོ་གསུམ་དུ་བཤད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-27

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།