དངོས་ལུགས་ཤེར་རྟོགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དངོས་ལུགས་ཤེར་རྟོགས་རིག་པ་ནི་དངོས་ལུགས་རིག་པའི་ཁྲོད་ཀྱི་ཤེར་རྟོགས་རིག་པའི་གནད་དོན་ལ་ཞིབ་འཇུག་བྱེད་པའི་ཤེར་རྟོགས་རིག་པའི་རིག་སྒོ་ཞིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
物理哲学
1 བྱུང་བ།

དངོས་ལུགས་ཤེར་རྟོགས་རིག་པའི་མྱུ་གུ་དེ་དངོས་ལུགས་རིག་པ་དར་བ་ཇི་བཞིན་ལོ་རྒྱུས་སྔ་བ་དང་གནའ་རབས་ཀེ་རི་སེའི་དངོས་ལུགས་ཤེས་བྱ་ནས་དེང་རབས་དངོས་ལུགས་རིག་པ་དར་རྒྱས་བྱུང་པའི་བར། ཤེར་རྟོགས་རིག་པའི་བསམ་བློ་འདྲ་མིན་སྣ་ཚོགས་ཤིག་བྱུང་ཡོད་པ་རེད། དུས་རབས་བཅུ་དགུ་བའི་དུས་མཇུག་ཏུ་དངོས་ལུགས་རིག་པར་གསར་བརྗེ་བྱས་པ་དེས་ཤེར་རྟོགས་རིག་པའི་གནད་དོན་མང་པོ་བྱུང་ཡོད་པ་དང་དངོས་ལུགས་ཤེར་རྟོགས་རིག་པར་ཞིབ་འཇུག་གི་རྟིང་སྐུལ་བྱུང་བ་མ་ཟད། དངོས་ལུགས་རིག་པའི་ཁྲོད་ཀྱི་ཤེར་རྟོགས་རིག་པའི་ཐ་སྙད་དང་ཁྱབ་ཁོངས། རྒྱུ་རྐྱེན་བཅས་ལ་གཏིང་ཟབ་ཀྱི་སྒོ་ནས་ངོས་འཛིན་གནངས་ཡོད་དོ། །

2 ངོ་བོ།

དངོས་ལུགས་རིག་པ་ཉིད་ཤེར་རྟོགས་རིག་པའི་ཁྲོད་ཀྱི་དོན་སྤྱི་དང་། བྱེ་བྲག་གི་ལྟ་ཚུལ་དང་བྱ་ཐབས། རྒྱུ་རྐྱེན་དང་ཆོས་ཉིད་སོགས་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན་པ་མ་མ་ཟད། དངོས་ལུགས་རིག་པའི་ནང་ཤེར་རྟོགས་རིག་པའི་གནད་དོན་ཡང་ཤིན་ཏུ་མང་པོ་ཡོད། གནད་དོན་དེ་དག་ལ་ཞིབ་འཇུག་བྱས་པས་ཤེར་རྟོགས་རིག་པའི་བསམ་བློ་གསར་བ་བྱུང་བ་དང་། དེ་སྔོན་གྱི་ཤེར་རྟོགས་རིག་པའི་བསམ་བློའི་བརྗོད་སྙིང་དང་ངོ་བོ་ཉིད་འཕེལ་རྒྱས་དང་། ཤེར་རྟོགས་རིག་པའི་གཞུང་ལུགས་ཉིད་ཇེ་ལེགས་སུ་འགྲོ་བའི་གཙོ་བོའི་ཐབས་ལམ་དུ་གྱུར་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-18

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།