རྩལ་ཅན་གྱི་རྣམ་གྲངས་གསུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྩལ་ཅན་གྱི་རྣམ་གྲངས་གསུམ།
རྩལ་ཅན་གྱི་རྣམ་གྲངས་གསུམ་ནི་ལུས་རྩལ་རྣམ་གྲངས་ཤིག་ཡིན། དེ་ནི་གསར་དར་སྣ་འཛོམས་རང་བཞིན་གྱི་ལུས་རྩལ་རྣམ་གྲངས་ཁོངས་སུ་གཏོགས། འགྲན་སྡུར་དེ་ནི་རང་བྱུང་ཆུ་ཁོངས་སུ་ཆུར་རྐྱལ་བ་དང་། གཞུང་ལམ་ལྕགས་རྟ་འགྲན་བསྡུར་དང་གཞུང་ལམ་རྒྱང་རྒྱུག་བཅས་རྣམ་གྲངས་གསུམ་པོ་རིམ་པ་ལྟར་གྲུབ་པ་ཡིན། ལུས་རྩལ་པས་དབུགས་གཏོང་ཐེངས་གཅིག་གི་འགྲན་སྡུར་མཇུག་རྫོགས་དགོས། སྤྱི་ལོ2000ལོར་ཨོ་རྩལ་འགྲན་སྡུར་རྣམ་གྲངས་སུ་ཚུད། སྤྱི་ལོ2006ལོར་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་རྣམ་གྲངས་སུ་བཞག་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
铁人三项
ཕྱི་ཡིག་གི་མིང་།
Ironman Triathlon
ནང་དོན།
ཆུ་རྐྱལ། ལྕགས་རྟ། མ་ལ་སུང་།
1 ངོ་སྤྲོད།

རྩལ་ཅན་གྱི་རྣམ་གྲངས་གསུམ་གྱི་དར་ཡུལ་ནི་ཨ་རི་ཡིན་པ་དང་།     རྗེས་སུ་ཨོ་སི་ཁྲུ་ལི་ཡ་དང་།    སི་ཕན།    ནེའུ་ཙི་ལན།    ཧྥ་རན་སི།    དབྱིན་ཇི།    འཇར་པན་དང་ཀྲུང་གོ་སོགས་རྒྱལ་ཁབ་བཅས་སུ་ཕྱོགས་ཡོངས་ནས་དར་ཁྱབ་བྱུང་།     རྩལ་ཅན་གྱི་རྣམ་གྲངས་གསུམ་ནི་ལུས་རྩལ་འགུལ་སྐྱོད་ཀྱི་རྣམ་གྲངས་ཤིག་ཡིན་པ་དང་།    སྣ་འཛོམས་རང་བཞིན་གྱི་ལུས་རྩལ་འགྲན་སྡུར་གྱི་རྣམ་གྲངས་ཁོངས་སུ་འདུ།     ལུས་རྩལ་འདི་ལ་ཆུར་རྐྱལ་རྩལ།    ལྕགས་རྟ་འགྲན་རྒྱུག    བང་རྒྱུག་བཅས་སྣ་གསུམ་ཡོད་ལ།     ལུས་རྩལ་པས་དབུགས་གཏོང་ཐེངས་གཅིག་གིས་འགྲན་སྡུར་བྱེད་ཚར་དགོས།     སྤྱི་ལོ2000ལོར་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་རྣམ་གྲངས་སུ་ཚུད་ལ།     སྤྱི་ལོ2006ལོར་ཨེ་ཤ་ཡ་འགྲན་ཚོགས་སྟེང་གི་འགྲན་སྡུར་རྣམ་གྲངས་སུ་ཚུད།     རྒྱལ་སྤྱིའི་རྩལ་ཅན་གྱི་རྣམ་གྲངས་གསུམ་གྱི་མནའ་འབྲེལ་ཚོགས་པས་ལོ་རེར་འདིའི་སྐོར་གྱི་འགྲན་སྡུར་མང་པོ་སྤེལ་གྱིན་ཡོད།    རྩལ་ཅན་གྱི་རྣམ་གྲངས་གསུམ་ལ་སྐྱེས་པའི་མི་སྒེར་གྱི་འགྲན་སྡུར་དང་སྐྱེས་མའི་མི་སྒེར་གྱི་འགྲན་སྡུར་གཉིས་ཡོད།   


 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།