མདའ་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མདའ་རྩལ།
མདའ་རྩལ་ལ་ལོ་རྒྱུས་ཀྱི་རྒྱུན་རིང་བ་དང་། དང་ཐོག་རྔོན་ལས་དང་དམག་འཁྲུག་སོགས་སུ་སྤྱོད་པ་ཡིན། སྔར་མདའ་བ་ཚང་མ་རྔོན་པ་ཡིན་པ་དང་། རྗེས་སུ་མདའ་རྩལ་དམག་འཁྲུག་ཏུ་སྤྱོད་པའི་མཚོན་ཆའི་རིགས་སུ་གྱུར། དེང་རབས་མདའ་རྩལ་ནི་ཆེས་ཐོག་མར་དབྱིན་ཇི་ནས་བྱུང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
射箭
ཕྱི་ཡིག་གི་མིང་།
Archery
ཁོངས་གཏོགས།
ལུས་རྩལ་རྣམ་གྲངས་ཁྲོད་ཀྱི་མདའ་རྩལ།
འགྲན་ལུགས།
མི་སྒེར་གྱི་འགྲན་སྡུར་དང་ཚོགས་པའི་འགྲན་སྡུར།
1 ངོ་སྤྲོད།

མདའ་རྩལ་ལ་ལོ་རྒྱུས་ཀྱི་རྒྱུན་རིང་བ་དང་། དང་ཐོག་རྔོན་ལས་དང་དམག་འཁྲུག་སོགས་སུ་སྤྱོད་པ་ཡིན། སྔར་མདའ་བ་ཚང་མ་རྔོན་པ་ཡིན་པ་དང་། ཁོ་ཚོས་རི་དྭགས་རྔོན་ནས་འཚོ་བ་སྐྱེལ་བ་ཡིན། རྗེས་སུ་མདའ་རྩལ་དམག་འཁྲུག་ཏུ་བཀོལ་སྤྱོད་བྱེད་པའི་མཚོན་ཆའི་རིགས་སུ་གྱུར། དེང་རབས་མདའ་རྩལ་ནི་ཆེས་ཐོག་མར་དབྱིན་ཇི་ནས་བྱུང་བ་ཡིན་ལ། མུ་མཐུད་དུ་ཨ་རི་དང་ཧྥ་རན་སི་རྒྱལ་ཁབ་སོགས་སུ་དར། སྤྱི་ལོ1931ལོར། དབྱིན་ཇི་དང་ཧྥ་རན་སི་རྒྱལ་ཁབ་གཙོ་བྱས་ནས་རྒྱལ་སྤྱིའི་མདའ་འཕེན་མཉམ་འབྲེལ་ལྷན་ཚོགས་བཙུགས་པ་དང་། དེ་ལོ་ཕོ་ལན་རྒྱལ་ཁབ་ནས་སྐབས་དང་པོའི་འཛམ་གླིང་མདའ་རྩལ་སྐྱེས་འབུལ་འགྲན་སྡུར་ཚོགས། སྤྱི་ལོ1908ལོར་མདའ་རྩལ་ཨོ་རྩལ་འགྲན་ཚོགས་འགྲན་སྡུར་ཀྱི་རྣམ་གྲངས་སུ་ཚུད་པ་དང་། སྤྱི་ལོ1920ལོར་ཨོ་རྩལ་འགྲན་ཚོགས་ནས་ཕྱིར་འཐེན་བྱས་པ་དང་། སྤྱི་ལོ1972ལོའི་ཨོ་རྩལ་ཐོག་ད་གཟོད་སླར་གསོ་བྱས།   

2 འགྲན་ཞུགས་རྣམ་གྲངས།
2_1 སྐྱེས་པ།       

ཨོ་ལིན་ཕིག་མི་སྒེར་གྱི་མིང་རིམ་འགྲན་སྡུར་དང་ཕམ་འདོར་འགྲན་སྡུར། རྩེ་འགྲན།(སྨི70)    

ཨོ་ལིན་ཕིག་ཚོགས་པའི་མིང་རིམ་འགྲན་སྡུར་དང་ཕམ་འདོར་འགྲན་སྡུར། རྩེ་འགྲན།(སྨི70)

2_2 སྐྱེས་མ།         

ཨོ་ལིན་ཕིག་མི་སྒེར་གྱི་མིང་རིམ་འགྲན་སྡུར་དང་ཕམ་འདོར་འགྲན་སྡུར། རྩེ་འགྲན།(སྨི70)    

ཨོ་ལིན་ཕིག་ཚོགས་པའི་མིང་རིམ་འགྲན་སྡུར་དང་ཕམ་འདོར་འགྲན་སྡུར། རྩེ་འགྲན།(སྨི70)


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།