ཧོ་ཕི་ཟིའི་རིང་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོ་ཕི་སིའི་རང་བྱུང་བསམ་བློའི་འཛུགས་སྐྲུན་དེ་གཤིས་ངན་སྨྲ་བའི་རྨང་གཞིའི་སྟེང་བཙུགས་ཡོད་ལ། རང་བྱུང་ཆོས་ཉིད་དེ་རྗེས་དཔག་གི་གོང་ན་མངའ་བའི་ཡོངས་ཁྱབ་ཀྱི་སྲོལ་ལུགས་ཡིན་ཞིང་། ཧོ་ཕི་སི་ཁོང་གིས་རིག་པ་དེ་སྤྱད་ནས་མི་རྣམས་ཀྱིས་རང་ལུས་བརླག་པའམ་ཡང་ན་ཚེ་སྲོག་ལ་གཅེས་སྤྲས་མི་བྱེད་པའི་བྱེད་ཐབས་བཀག་ཡོད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
霍布斯主义
1 བསྡུས་དོན།  

ཧོ་ཕི་ཟི་ནི་དུས་རབས་བཅུ་བདུན་པའི་ནང་དབྱིན་ཇིའི་སྐད་གྲགས་ཅན་གྱི་ཤེར་རྟོགས་རིག་པ་བ་དང་དེང་རབས་འགྱུར་མེད་དངོས་གཙོ་སྨྲ་བའི་མེས་པོ་རུ་འདོད་ཅིང་། ཁོང་གི་ལྟ་ཚུལ་ལྟར་ན་འཇིག་རྟེན་ནི་དངོས་པོས་གྲུབ་པ་དང་དངོས་པོ་ནི་མི་ལས་ཕྱི་རོལ་གྱི་གཞི་གྲུབ་ཡིན་པ་དང་དེའི་རྩ་བའི་ཁྱད་ཆོས་ནི་རྒྱ་སྐྱེད་ཀྱི་རང་བཞིན་ཞིག་རེད་འདུག དངོས་པོ་ཡིན་པ་ཐམས་ཅད་ལ་གཟུགས་ཡོད་ཅིང་། གཟུགས་མེད་ཀྱི་དངོས་པོ་གང་ཞིག་ཡིན་རུང་དངོས་པོ་མིན་པར་བཤད། གཞན་ཧོ་ཕི་ཟིས་ལྷའི་རིག་པ་དང་དགོན་སྡེ་ཤེར་རྟོགས་རིག་པ་སོགས་ལ་དགག་བཞག་བྱས་པས་སྐབས་དེར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། དེ་དུས་མི་རྣམས་ཀྱིས་ཆོས་ལུགས་ལ་དད་པ་མི་བྱེད་མཁན་རྣམས་ལ་ཧོ་ཕི་ཟི་རིང་ལུགས་ཟེར་རོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-12

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།