དྲ་གྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲ་གྲུག
དྲ་གྲུག་ནི་ཡིད་དུ་འོང་ཡང་ཛ་དྲག་ཅན་གྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན། དྲ་གྲུག་ལུས་རྩལ་གྱི་བྱུང་བ་དང་འཕེལ་རྒྱས་དེ་ཚིག་ཕྲེང་བཞི་ལ་བསྡུས་ཆོག དེ་ནི་ཧྥ་རན་སེ་ནས་གསོ་སྐྱོང་བྱས་ལ། དབྱིན་ཇི་ནས་མཚར་ལོངས་བྱུང་། ཨ་རི་ནས་མགོ་བརྩམས་ཏེ་ཁྱབ་གདལ་དང་དེའི་རྣམ་པ་ཡང་རྩེར་སོན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
网球
རྒྱ་ཡིག་གི་མིང་།
Tennis
བྱུང་དུས།
དུས་རབས་བཅུ་དགུ་བའི་ཧྥ་རན་སེ།
ཆེས་མཐོའི་དོ་དམ་ལས་ཁུངས།
རྒྱལ་སྤྱིའི་དྲ་གྲུག་ལྷན་ཚོགས།
འགྲན་ཚོགས་གཙོ་བོ།
ཨོ་སི་ཁྲུ་ལི་ཡའི་དྲ་གྲུག་འགྲན་བསྡུར། ཧྥ་རན་སེའི་དྲ་གྲུག་འགྲན་བསྡུར། ཝུན་པུའུ་ཨེར་དྲ་གྲུག་འགྲན་བསྡུར། ཨ་རིའི་དྲ་གྲུག་འགྲན་བསྡུར།
འབོད་ལུགས།
སྐུ་དྲག་གི་ལུས་རྩལ།
1 ངོ་སྤྲོད།

དྲ་གྲུག་ལ་འཛམ་གླིང་སྟེང་གི་སྤོ་ལོའི་རིགས་ཀྱི་ལུས་རྩལ་ཨང་གཉིས་པ་ཡང་ཟེར།    དེང་རབས་དྲ་གྲུག་ནི་དུས་རབས་བཅུ་དགུ་པའི་ནང་དབྱིན་ཇི་ནས་དར་བ་ཡིན།     སྤྱི་ལོ 1878 ལོར།     ཐོག་དང་པོའི་སྐྱེས་པའི་ཆ་རྒྱག་སྐྱེས་འབུལ་འགྲན་བསྡུར་དབྱིན་ཀི་ལན་ནས་སྤེལ་བ་དང་།     དེའི་ཕྱི་ལོར།    ཐོག་དང་པོའི་སྐྱེས་མའི་རྐྱང་རྒྱག་དང་ཕོ་མོ་མཉམ་འབྲེལ་ཆ་རྒྱག་ཨིར་ལན་ནས་སྤེལ།     སྤྱི་ལོ 1884 ལོར།    བཱན་པོ་འར་ཏན་གྱིས་སྐྱེས་མའི་རྐྱང་རྒྱག་དང་སྐྱེས་པའི་ཆ་རྒྱག་སྐྱེས་འབུལ་འགྲན་བསྡུར་ཁ་སྣོན་པ་དང་།     སྤྱི་ལོ 1913 ལོར་ཡང་བསྐྱར་སྐྱེས་མའི་ཆ་རྒྱག་དང་ཕོ་མོ་མཉམ་འབྲེལ་ཆ་རྒྱག་སྐྱེས་འབུལ་འགྲན་བསྡུར་ཁ་སྣོན་པ་ཡིན།    སྤྱི་ལོ 1896 ལོའི་སྐབས་དང་པོའི་ཡ་ཏེན་ཨོ་རྩལ་ཐོག    དྲ་གྲུག་གི་སྐྱེས་པའི་རྐྱང་རྒྱག་དང་ཆ་རྒྱག་དངོས་སུ་འགྲན་བསྡུར་བྱས་ཆོག་པའི་རྣམ་གྲངས་སུ་འགྱུར་ལ།    རྗེས་སུ་དོན་རྐྱེན་གང་མང་ཞིག་གི་དབང་ནས་དྲ་གྲུག་ཨོ་རྩལ་ཐོག་ནས་ཕྱིར་འཐེན་བྱས་པ་དང་།     སྤྱི་ལོ 1988 ལོའི་ཧན་ཁྲེན་ཨོ་རྩལ་ཐོག     དྲ་གྲུག་ཡང་བསྐྱར་དངོས་སུ་འགྲན་བསྡུར་བྱེད་ཆོག་པའི་རྣམ་གྲངས་སུ་བཞག     

A、 སྐྱེས་པ།            རྐྱང་རྒྱག          ཆ་རྒྱག

B、 སྐྱེས་མ།                 རྐྱང་རྒྱག          ཆ་རྒྱག


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-16

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།