གྲུ་ཆུང་འགྲན་སྡུར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲུ་ཆུང་འགྲན་སྡུར།
གྲུ་ཆུང་འགྲན་སྡུར་གྱི་ལུས་རྩལ་དེ་ནི་དབྱིན་ཇི་ནས་དར་བ་རེད། དུས་རབས17པར་ཐེམ་སི་གཙང་བོའི་གྲུ་བ་རྣམས་ཀྱིས་རྒྱུན་དུ་གྲུ་ཆུང་འགྲན་སྡུར་བྱེད་ལ། སྤྱི་ལོ1715ལོར་དབྱིན་ཇིའི་རྒྱལ་པོ་ཁྲི་འདོན་མངའ་གསོལ་བའི་མཛད་སྒོར་གྲུ་ཆུང་འགྲན་སྡུར་ཐོག་མར་སྤེལ་བ་རེད། སྤྱི་ལོ1775ལོར་དབྱིན་ཇིས་གྲུ་ཆུང་འགྲན་སྡུར་གྱི་སྒྲིག་སྲོལ་གཏན་འབེབ་གནང་ཞིང་ལོ་དེར་གྲུ་ཆུང་འགྲན་སྡུར་རོལ་རྩེད་གླིང་བཙུགས། སྤྱི་ལོ1891ལོའི་ཨོ་རྩལ་འགྲན་ཚོགས་སྐབས་དང་པོར་གྲུ་ཆུང་འགྲན་སྡུར་དེ་དངོས་གཞིའི་འགྲན་སྡུར་རྣམ་གྲངས་སུ་བཞག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
赛艇
ཕྱི་ཡིག་གི་མིང་།
rowing
དར་ཡུལ།
དབྱིན་ཇི།
དར་བའི་དུས་ཚོད།
དུས་རབས17ནང་།
1 ངོ་སྤྲོད།

གྲུ་ཆུང་འགྲན་སྡུར་གྱི་ལུས་རྩལ་དེ་ནི་དབྱིན་ཇི་ནས་དར་བ་རེད། དུས་རབས17པར་ཐེམ་སི་གཙང་བོའི་གྲུ་བ་རྣམས་ཀྱིས་རྒྱུན་དུ་གྲུ་ཆུང་འགྲན་སྡུར་བྱེད་ལ། སྤྱི་ལོ1715ལོར་དབྱིན་ཇིའི་རྒྱལ་པོ་ཁྲི་འདོན་མངའ་གསོལ་བའི་མཛད་སྒོར་གྲུ་ཆུང་འགྲན་སྡུར་ཐོག་མར་སྤེལ་བ་རེད། སྤྱི་ལོ1775ལོར་དབྱིན་ཇིས་གྲུ་ཆུང་འགྲན་སྡུར་གྱི་སྒྲིག་སྲོལ་གཏན་འབེབ་གནང་ཞིང་ལོ་དེར་གྲུ་ཆུང་འགྲན་སྡུར་རོལ་རྩེད་གླིང་བཙུགས། སྤྱི་ལོ1891ལོའི་ཨོ་རྩལ་འགྲན་ཚོགས་སྐབས་དང་པོར་གྲུ་ཆུང་འགྲན་སྡུར་དེ་དངོས་གཞིའི་འགྲན་སྡུར་རྣམ་གྲངས་སུ་བཞག

2 འཕེལ་རིམ།

སྤྱི་ལོ1891ལོའི་ཨོ་རྩལ་འགྲན་ཚོགས་སྐབས་དང་པོར་གྲུ་ཆུང་འགྲན་སྡུར་དེ་དངོས་གཞིའི་འགྲན་སྡུར་རྣམ་གྲངས་སུ་བཞག ཡིན་ཡང་གནམ་གཤིས་འགྱུར་ལྡོག་གིས་རེ་ཞིག་བསྐྱུར་བ་རེད།  སྤྱི་ལོ1900ལོའི་ཨོ་རྩལ་འགྲན་ཚོགས་སྐབས་གཉིས་པར་གྲུ་ཆུང་འགྲན་སྡུར་སྤེལ་ཅིང་རྣམ་གྲངས་དྲུག་ཏུ་བཀར། ཡིན་ཡང་སྐབས་དེར་འགྲན་སྡུར་གྱི་སྒྲིག་སྲོལ་འཐུས་ཚང་མིན་ལ། འགྲན་སྡུར་གྱི་བར་ཐག་དང་གྲུ་ལམ། འགྲན་སྡུར་གྱི་ཞིབ་ཕྲའི་སྒྲིག་སྲོལ་སོགས་གསལ་པོ་མིན། སྤྱི་ལོ1934ལོར། རྒྱལ་སྤྱིའི་གྲུ་ཆུང་འགྲན་སྡུར་མཉམ་འབྲེལ་ལྷན་ཚོགས་ཀྱིས། འགྲན་སྡུར་དེ་སྨི2000ཅན་གྱི་དྲང་ལམ་དང་ཞེང་ལ་གྲུ་ཆུང་གསུམ་མཉམ་པོར་འགྲན་ཐུབ་པའི་ཚད་ལ་གཏན་འབེབ་གནང་།

སྤྱི་ལོ1976ལོ་ནས།  ཨོ་རྩལ་འགྲན་ཚོགས་སུ་སྐྱེས་མའི་གྲུ་ཆུང་འགྲན་སྡུར་གྱི་རྣམ་གྲངས་ཚུད་ཅིང་། སྐྱེས་ཕོ་མོའི་ལྕི་ཡང་གི་རིམ་པ་ལས་འགྲན་སྡུར་རྣམ་གྲངས14བཀར།

འགྲན་སྡུར་དེ་ངེས་པར་མཚོ་འཁྱིལ་དུ་སྤེལ་ཅིང་། མགོ་རྔ་ཞེང་ཚད་དོ་མཉམ་ལ་གྲུ་ལམ་ལ་སྨི2000ཡོད། ཞེང་ཚད་ལ་སྨི13.5ཡོད་ལ། སྤྱིར་བཏང་དུ་གྲུ་ཆུང་དྲུག་མཉམ་པོར་རྒྱུག་ཐུབ། ཆེས་མང་ན་གྲུ་ཆུང་བརྒྱད་མཉམ་གཤིབ་ཀྱི་ཚད་ཡིན། འགྲན་རྒྱུག་རིང་ཚད་སྨི2000ཡོད་པ་ལས་གཞན་སྟ་གོན་བྱེད་སའི་གནས་ཡོད་པ་མ་ཟད།  རྒྱུགས་རའི་མཐར་བདེ་འཇགས་ཉེན་ཟོན་ཐིག་བརྒྱབ་ཡོད་པ་རེད།

3 འགྲན་ཞུགས་རྣམ་གྲངས།
3_1 སྐྱེས་པའི་འགྲན་ཞུགས་རྣམ་གྲངས།

མི་གཅིག་གྲུ་ཁེམ་གཉིས་ཅན་གྱི་འགྲན་སྡུར། མི་གཉིས་ཁེམ་བཞི་ཅན་གྱི་འགྲན་སྡུར། མི་གཉིས་ཁེམ་གཉིས་དེད་དཔོན་མེད་པའི་འགྲན་སྡུར། མི་གཉིས་ཁེམ་གཉིས་དེད་དཔོན་ཡོད་པའི་འགྲན་སྡུར། མི་བཞི་ཁེམ་བརྒྱད་དེད་དཔོན་མེད་པའི་འགྲན་སྡུར། མི་བཞི་ཁེམ་བཞི་དེད་དཔོན་མེད་པའི་འགྲན་སྡུར། མི་བཞི་ཁེམ་བཞི་དེད་དཔོན་ཡོད་པའི་འགྲན་སྡུར།  མི་བརྒྱད་ཁེམ་བརྒྱད་དེད་དཔོན་ཡོད་པའི་འགྲན་སྡུར།

3_2 སྐྱེས་མའི་འགྲན་ཞུགས་རྣམ་གྲངས།

མི་གཅིག་གྲུ་ཁེམ་གཉིས་ཅན་གྱི་འགྲན་སྡུར། མི་གཉིས་ཁེམ་བཞི་ཅན་གྱི་འགྲན་སྡུར། མི་གཉིས་ཁེམ་གཉིས་དེད་དཔོན་མེད་པའི་འགྲན་སྡུར།  མི་བཞི་ཁེམ་བརྒྱད་དེད་དཔོན་ཡོད་པའི་འགྲན་སྡུར། མི་བཞི་ཁེམ་བཞི་དེད་དཔོན་ཡོད་པའི་འགྲན་སྡུར།  མི་བརྒྱད་ཁེམ་བརྒྱད་དེད་དཔོན་ཡོད་པའི་འགྲན་སྡུར།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-13

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།