གཡོར་གྲུ
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཡོར་གྲུ
གཡོར་གྲུ་ནི་རླུང་ཤུགས་ལ་རྟེན་ནས་མདུན་སྐྱོད་བྱེད་པའི་གྲུ་ཡིན། གཡོར་གྲུ་ལུས་རྩལ་ནི་རང་བྱུང་གི་རླུང་ཤུགས་དེས་གྲུ་གཡོར་ལ་བྱེད་ནུས་བཏོན་ཏེ། མིས་གྲུ་ལ་ཁ་ལོ་སྒྱུར་བཞིན་པའི་ཆུའི་སྟེང་གི་ལུས་རྩལ་ཞིག་ཡིན། དེ་ལ་འགྲན་རྩལ་དང་རོལ་རྩེད། ལྟ་སྐོར་དང་མྱུལ་དཔྱད་ལས་གྲུབ་པས། མི་རྣམས་དེ་ལ་དགའ་མོས་ཆེན་པོ་ལྡན་པ་མ་ཟད། རྒྱལ་ཁབ་སོ་སོའི་མི་རྣམས་ཀྱིས་རྒྱ་མཚོ་རིག་གནས་བརྗེ་རེས་བྱེད་པའི་ཐབས་ལམ་ཞིག་ཀྱང་ཡིན། 1900ལོའི་ཐེངས་གཉིས་པའི་ཨོ་རྩལ་འགྲན་ཚོགས་ནས་བཟུང་འགྲན་ཞུགས་རྣམ་གྲངས་སུ་བཞག་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
帆船
ཕྱི་ཡིག་གི་མིང་།
boat
སྐྱོད་ཡུལ།
རྒྱ་མཚོ།
སྒུལ་ཤུགས་ཡོང་ཁུངས།
ཆེས་ཆེ་བའི་སྒུལ་ཤུགས་ཡོང་ཁུངས་ནི་པོ་ནུའུ་ལི་ཕན་ནུས་ཡིན།
ཁྱད་ཆོས།
ལྗང་མདོག་གི་འགྲིམ་འགྲུལ་ཡོ་ཆས་ཏེ་རང་བྱུང་རླུང་ཤུགས་ལ་རྟེན་པ།
1 ངོ་སྤྲོད།

གཡོར་གྲུ་ནི་འགྲན་བསྡུར་རྣམ་གྲངས་ཀྱི་ངོས་ནས།     ལོ 1900 ལོའི་སྔོན་གྱི་གནའ་བོའི་ཀེ་རི་སིའི་སྙན་ངག་པ་བེ་ཅེ་འར་གྱི་སྙན་རྩོམ་ཁྲོད་ཡིག་ཐོག་ཏུ་བཀོལ་ཡོད།    གཡོར་གྲུ་ཧོ་ལན་ནས་དར་བ་ཡིན།    སྤྱི་ལོ 1896 ལོར།     གཡོར་གྲུ་ཐོག་དང་པོར་ཨོ་རྩལ་འགྲན་ཚོགས་ཀྱི་གྲས་སུ་ཚུད་པ་དང་།     སྤྱི་ལོ 1900 ལོའི་སྐབས་གཉིས་པའི་ཨོ་རྩལ་ཐོག་དངོས་སུ་འགྲན་བསྡུར་བྱས་ཆོག་པའི་རྣམ་གྲངས་སུ་ཚུད།     སྤྱི་ལོ 1988 ལོའི་སྐབས་ཉེར་བཞི་པའི་ཨོ་རྩལ་ཐོག་སྐྱེས་མའི་འགྲན་བསྡུར་རྣམ་གྲངས་ཁ་སྣོན།    སྤྱི་ལོ 1907 ལོར་རྒྱལ་སྤྱིའི་གཡོར་གྲུ་མཉམ་འབྲེལ་ལྷན་ཚོགས་བཙུགས།     འགྲན་བསྡུར་གྱི་རྣམ་གྲངས་ལ་སྐྱེས་པ་དང་སྐྱེས་མ།     ཕོ་མོ་མཉམ་འབྲེལ་བཅས་གསུམ་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-11

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།