གཟེབ་གྲུག་འགྲན་སྡུར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཟེབ་གྲུག་འགྲན་སྡུར།
གཟེབ་གྲུག་ལུས་རྩལ་ནི་ཨ་རི་ནས་དར་བ་ཡིན། སྤྱི་ལོ1891ལོའི་ཟླ12ཚེས21ཉིན། ཨ་རིའི་མ་ས་ཀྲུའུ་སའེ་ཁུལ་གྱི་སི་ཕུའུ་ལིན་ཧྥེ་ཨེར་ཏི་ཡེ་ཤུའི་ཆོས་ལུགས་གཞོན་ནུ་སྦྱོང་བརྡར་སློབ་གྲྭའི་ལུས་སྦྱོང་དགེ་རྒན་ཇེམ་སི་ནིས་སྨི་སིས་གསར་གཏོད་གནང་བ་ཡིན། སྤྱི་ལོ1896ལོར། གཟེབ་གྲུག་ཀྲུང་གོ་ལ་དར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
篮球
ཕྱི་ཡིག་གི་མིང་།
basketball
གསར་གཏོད་མཁན།
ཇེམ་སི་ནིས་སྨི་སི།
གསར་གཏོད་ཀྱི་ལོ།
སྤྱི་ལོ1891ལོའི་ཟླ12ཚེས21ཉིན།
དར་ཡུལ།
ཨ་རིའི་མཱ་ས་ཀྲུའུ་སའེ་ཁུལ།
འགྲན་བསྡུར་གཙོ་བོ།
NBAདང་གཟེབ་གྲུག་འཛམ་གླིང་བུམ་པ་རྟགས་ཅན།
རྒྱལ་སྤྱིའི་རྩ་འཛུགས།
རྒྱལ་སྤྱིའི་གཟེབ་གྲུག་མཉམ་འབྲེལ་ལྷན་ཚོགས།(FIBA)
1 ངོ་སྤྲོད།

གཟེབ་གྲུག་ལུས་རྩལ་ནི་ཨ་རི་ནས་དར་བ་ཡིན། སྤྱི་ལོ1891ལོའི་ཟླ12ཚེས21ཉིན། ཨ་རིའི་མ་ས་ཀྲུའུ་སའེ་ཁུལ་གྱི་སི་ཕུའུ་ལིན་ཧྥེ་ཨེར་ཏི་ཡེ་ཤུའི་ཆོས་ལུགས་གཞོན་ནུ་སྦྱོང་བརྡར་སློབ་གྲྭའི་ལུས་སྦྱོང་དགེ་རྒན་ཇེམ་སི་ནིས་སྨི་སིས་གསར་གཏོད་གནང་བ་ཡིན། སྐྱེས་པའི་གཟེབ་གྲུག་འགྲན་སྡུར་དེ་སྤྱི་ལོ1904ལོར་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་རྣམ་གྲངས་ཚུད་ཅིང་། སྤྱི་ལོ1936ལོའི་པེར་ལིན་ནས་བསྡུས་པའི་ཨོ་རྩལ་འགྲན་ཚོགས་སུ་རྣམ་གྲངས་དངོས་མར་གྱུར། སྐྱེས་མའི་གཟེབ་གྲུག་འགྲན་སྡུར་དེ་སྤྱི་ལོ1976ལོར་ཁ་ན་ཏའི་མོང་ཐེ་ལིར་བསྡུས་པའི་ཨོ་རྩལ་འགྲན་ཚོགས་སུ་དངོས་གཞིའི་རྣམ་གྲངས་སུ་ཚུད་པ་རེད། གཟེབ་གྲུག་རུ་མིའི་གནས་ལྟར་གདོང་ལེན་པ་དང་གདོང་ལེན་བར་མ། རྒྱབ་སྲུང་བཅས་གསུམ་དུ་བཀར་ཡོད། གཟེབ་གྲུག་འགྲན་སྡུར་དེ་སྲིད་ལ་སྨི28དང་ཞེང་ལ་སྨི15ཡོད་པའི་གྲུ་བཞི་ནར་དབྱིབས་ཀྱི་ར་བར་སྤེལ་གྱི་ཡོད་པ་རེད། གཟེབ་གྲུག་ལུས་རྩལ་དེ་སྤྱི་ལོ1896ལོའི་སྔ་གཞུག་ཏུ་ཐེན་ཅིན་ཀྲུང་ཧྭ་ཡེ་ཤུའི་ཆོས་ལུགས་ན་གཞོན་ཚོགས་པས་ཀྲུང་གོར་སྤེལ་བ་ཡིན་ལ། དེའི་རྗེས་ནས་པེ་ཅིང་དང་ཧྲང་ཧེའི་ཡེ་ཤུའི་ཆོས་ལུགས་ཀྱི་ན་གཞོན་ཚོགས་པས་བྱ་འགུལ་འདི་སྤེལ་གྱི་ཡོད་པ་རེད། སྤྱི་ལོ1910ལོར་ཀྲུང་གོ་རྙིང་བས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་དང་པོར་སྐྱེས་པའི་གཟེབ་གྲུག་འཁྲབ་སྟོན་འགྲན་སྡུར་སྤེལ་བ་ནས་རིམ་བཞིན་རང་རྒྱལ་གྱི་ཡུལ་གྲུ་ཀུན་ལ་དར་བ་རེད།

སྤོ་ལོའི་ཐང་གི་ཆེ་ཆུང་སྟེ། སྲིད་ལ་སྨི28དང་ཞེང་ལ་སྨི15 པང་ལེབ་ཀྱི་སྲིད་ལ་སྨི1.80དང་ཞེང་ལ་སྨི1.20   པང་ལེབ་ཀྱི་ཞབས་ནས་ས་ངོས་ཀྱི་བར་ཐག་ལ་སྨི2.75བཅས་ཡོད་པ་རེད། གཟེབ་གྲུག་གི་ལྗིད་ཚད་ལ་ཁེ600-650 འགྲན་སྡུར་ལ་དུས་ཚོད་སྐར་མ40ཡིན། དེར་སྐྱེས་པ་དང་སྐྱེས་མའི་འགྲན་སྡུར་གཉིས་སུ་བཀར་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-13

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།