ཞི་སི་ཁི་ལི་ཧྥི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞི་སི་ཁི་ལི་ཧྥི།
ཞི་སི་ཁི་ལི་ཧྥི་ནི་དབྱིན་ཇིའི་བུད་མེད་རྩོམ་པ་པོ་ཨེ་མི་ལེ•པའོ་ལང་ཐིག་གིས་བརྩམས་པའི་སྒྲུང་གཏམ《འུར་གྱིས་ཁེངས་པའི་གཞིས་ཀ》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་། ཁོ་ནི“འུར་གྱིས་ཁེངས་པའི་གཞིས་ཀ”འི་བདག་པོ་ཞོ་འུན་གྱིས་གཉོར་སྐྱོང་བྱས་པའི་དྭ་ཕྲུག་ཅིག་ཡིན་ལ། ཁོ་ནར་སོན་རྗེས་རང་གི་མཛའ་མོ་ཁད་སིག་ལིན་དང་གཉེན་སྒྲིག་བྱེད་མ་ཐུབ་པས་རྐྱེན་སྙིང་ནད་རྩོད་པའི་འགོ་བརྩམས་པ་མ་ཟད། “འུར་གྱིས་ཁེངས་པའི་གཞིས་ཀ”དང“འཇོལ་མོ་གཞིས་ཀ”གཉིས་ཀྱི་བདག་པོར་གྱུར་བ་དང་། མཐར་ཁོས་ཟས་བཅད་ནས་ཤི་བ་ཡིན། ཁོ་ལ་ཧ་ཅང་ཟབ་པའི་བརྩེ་བ་དང་ཁྲོ་བ། དུང་བ་དང་སྐྱོ་བ་ལྡན་པ་མ་ཟད། དགའ་སར་དགའ་བ་དང་སྡང་སར་སྡང་བ། སྙིང་ཁོང་རུས་པའི་གཏིང་ནས་འཁོན་འཛིན་བྱེད་པ་བཅས་ཀྱི་འགལ་ཟླ་རང་བཞིན་གྱི་མི་སྣའི་གཤིས་ཀའི་ཁྱད་ཆོས་ལྡན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
希斯克利夫
རྩོམ་ཁུངས།
《འུར་གྱིས་ཁེངས་པའི་གཞིས་ཀ》
རྩོམ་པ་པོ།
ཨེ་མི་ལེ•པའོ་ལང་ཐིག
1 ངོ་སྤྲོད།

ཞི་སི་ཁི་ལི་ཧྥི་ནི་དབྱིན་ཇིའི་བུད་མེད་རྩོམ་པ་པོ་ཨེ་མི་ལེ·པའོ་ལང་ཐིག་གིས་བརྩམས་པའི་སྒྲུང་གཏམ《འུར་གྱིས་ཁེངས་པའི་གཞིས་ཀ》ནང་གི་མི་སྣ་གཙོ་བོ་ཞིག་ཡིན་ཞིང་།   ཁོ་ནི“འུར་གྱིས་ཁེངས་པའི་གཞིས་ཀ”འི་བདག་པོ་ཞོ་འུན་གྱིས་གཉོར་སྐྱོང་བྱས་པའི་དྭ་ཕྲུག་ཅིག་ཡིན་ལ།   ཁོ་ནར་སོན་རྗེས་རང་གི་མཛའ་མོ་ཁད་སིག་ལིན་དང་གཉེན་སྒྲིག་བྱེད་མ་ཐུབ་པས་རྐྱེན་སྙིང་ནད་རྩོད་པའི་འགོ་བརྩམས་པ་མ་ཟད།   “འུར་གྱིས་ཁེངས་པའི་གཞིས་ཀ”དང“འཇོལ་མོ་གཞིས་ཀ”གཉིས་ཀྱི་བདག་པོར་གྱུར་བ་དང་།  མཐར་ཁོས་ཟས་བཅད་ནས་ཤི་བ་ཡིན།   ཁོ་ལ་ཧ་ཅང་ཟབ་པའི་བརྩེ་བ་དང་ཁྲོ་བ།   དུང་བ་དང་སྐྱོ་བ་ལྡན་པ་མ་ཟད།   དགའ་སར་དགའ་བ་དང་སྡང་སར་སྡང་བ།  སྙིང་ཁོང་རུས་པའི་གཏིང་ནས་འཁོན་འཛིན་བྱེད་པ་བཅས་ཀྱི་འགལ་ཟླ་རང་བཞིན་གྱི་མི་སྣའི་གཤིས་ཀའི་ཁྱད་ཆོས་ལྡན།

2 འབྲེལ་ཡོད་གཏམ་རྒྱུད།

དབྱིན་ཇིའི་བྱང་ཕྱོགས་སུ་གཞན་དང་འབྲེལ་འདྲིས་བྲལ་བའི“འུར་གྱིས་ཁེངས་པའི་གཞིས་ཀ”ཞིག་ཡོད།      དེའི་བདག་པོ་ཞོ་འུན་གྱིས་གཞན་གྱིས་སྤྱུགས་པའི་བུས་པ་ཞིག་གཉོར།         དེར་ཞི་སི་ཁི་ལི་ཧྥི་ཞེས་མིང་བཏགས་ནས་རང་གི་བྱིས་པ་རྣམས་དང་མཉམ་དུ་འཚོ་བ་རོལ་ཏུ་བཅུག        ཞི་སི་ཁི་ལི་ཧྥི་དང་བདག་པོའི་བུ་མོ་ཁད་སིག་ལིན་གཉིས་མཉམ་དུ་འཚོ་བ་རོལ་བའི་རྐྱེན་གྱིས་ནར་སོན་ནས་ཕན་ཚུན་བར་ལ་བརྩེ་དུངས་ཆགས་མོད།      འོན་ཀྱང་བདག་པོའི་བུ་ཞིན་ཏིག་ལེས་ཁོར་ཤིན་ཏུ་མི་དགའ།      བདག་པོ་ཚེ་ལས་འདས་རྗེས་ཞིན་ཏིག་ལེས་ཁོ་གཉིས་ཐུག་པར་བཀག་འགོག་བྱས་པར་མ་ཟད།    ད་དུང་ཐབས་བརྒྱ་ཇུས་སྟོང་གིས་ཞི་སི་ཁི་ལི་ཧྥི་ལ་དམའ་འབེབ་དང་བརྙས་བཅོས་བྱེད་གང་ཐུབ་བྱས་པས་ཕན་ཚུན་བར་གྱི་ཞེ་འཁོན་དེ་ཉིན་རེ་ནས་ཉིན་རེར་ཇེ་དྲག་ཏུ་གྱུར་པ་དང་བསྟུན་ཁད་སིག་ལིན་ལ་བཅངས་པའི་བརྩེ་དུངས་ཀྱང་དེར་མཐུན་དུ་ཇེ་ཟབ་ཏུ་གྱུར།

ཉིན་ཞིག་ལ་ཞི་སི་ཁི་ལི་ཧྥི་དང་ཁད་སིག་ལིན་གཉིས་གསང་སྟབས་ཀྱིས་ཕྱི་རུ་སོང་སྟེ་འཇོལ་མོ་གཞིས་ཀའི་བདག་པོ་ཆུང་བ་ཨད་ཏིག་ཅ·ལིན་ཏུན་ཞེས་པ་ངོ་ཤེས།      ངོ་ལ་བལྟས་ན་གཤིས་འཇམ་བཀུར་སེམས་ཆེ་བའི་ཉམས་མངོན་པའི་ཕྱུག་པོའི་བུ་དེས་ཁད་སིག་ལིན་གྱི་མཛེས་པར་ཆགས་ནས་མོར་གཉེན་བསླངས་པ་ན་བྱིས་བློ་མ་ཡལ་བའི་ཁད་སིག་ལིན་གྱིས་དང་ལེན་བྱས།          ཞི་སི་ཁི་ལི་ཧྥིས་གནས་ཚུལ་དེ་ཤེས་རྗེས་ཁོང་ཁྲོ་དང་སྐྱོ་བས་མནར་ཞོར་ཡུལ་གཞན་དུ་འཁྱམས།

ལོ་དུ་མ་ཞིག་འགོར་རྗེས་རྒྱུ་ཐོག་ལ་བརྒྱབ་ཡོད་པའི་ཞི་སི་ཁི་ལི་ཧྥི་ཕྱིར་བསླེབས་ཏེ་ཞིན་ཏིག་ལེ་དང་ལིན་ཏུན་གཉིས་ལ་སྙིང་ནད་རྩོད་དགོས་སྙམ།       ཞིན་ཏིག་ལེ་ནི་ཐོག་མ་ནས་ཕྱུག་པོ་ཚང་གི་རྐྱལ་སྟོང་དེ་ཡིན་པས་རྒྱུ་ནོར་ཡོད་ཚད་སྔར་ནས་རྩམ་པ་རླུང་སྐུར་བྱས་ཟིན་ཞིང་།         ཁང་སྟོང་འགའ་ཡོད་པ་ཡང་ཞི་སི་ཁི་ལི་ཧྥིར་གཏའ་མར་བཞག་ནས་མཐར་དེའི་གཡོག་པོར་གྱུར།          ཞི་སི་ཁི་ལི་ཧྥི་དུས་རྒྱུན་འཇོལ་མོ་གཞིས་ཀར་སོང་ཞིང་།    ལིན་ཏུན་གྱི་སྲིང་མོ་དབྱི་ཧྲ་པེ་ལས་ཁོར་སེམས་ཆགས་ཏེ་རྗེས་འབྲངས་ནས་གནས་ལ་བྲོས་ཡོང་མོད།   འོན་ཀྱང་ཁོས་མོ་ཉིད་རང་གི་གཞིས་ཀ་རུ་བཙོན་དུ་བཀག་ནས་མནར་གང་ཐུབ་བྱས་ཏེ་རང་སེམས་ཀྱི་ན་ཟུག་ཞི་སྤྱད་བྱས།

ཁད་སིག་ལིན་ཉིད་ལིན་ཏུན་གྱི་ཆུང་མ་བྱས་རྗེས་ད་གཟོད་རང་གི་ཁྱོ་ཀའི་ཚུལ་འཆོས་ཀྱི་རང་གཤིས་དེ་ཤེས་ནས་ཡིད་སེམས་འགྱོད་གདུང་གིས་མནར།       ཞི་སི་ཁི་ལི་ཧྥི་དེ་ལྟར་ཕྱུག་མདོག་སྟོན་ཞོར་ཕྱིར་བསླེབས་པ་དེས་ལྷག་དོན་མོའི་སེམས་སུ་སྡུག་གི་ཤྭ་འོད་བརྡོལ་བས་མལ་སར་ལྷུང་།     ཅང་མ་འགོར་བར་བུ་མོ་ཁད་ཏེ་བསྐྱུར་ནས་ལྔ་ལམ་དུ་ཆས།

དབྱི་ཧྲ་པེ་ལ་གཞིས་ཀར་ཟང་ཟིང་ལང་ལོང་བྱེད་པའི་དུས་ཤིག་དང་བསྟུན་ནས་ཕྱིར་བྲོས་ཏེ་ལོན་ཏོན་གྱི་གྲོང་འདབས་སུ་སྐུང་ནས་འཚོ་བ་རོལ།        ཅང་མ་འགོར་བར་བུ་ཞིག་སྐྱེས།        དེར་ལིན་ཏུན·ཞི་སི་ཁི་ལི་ཧྥི་ཞེས་མིང་བཏགས།         རྐྱལ་སྟོང་ཞིན་ཏིག་ལིན་ཉིད་སྲིང་རྒན་མ་ཁད་སིག་ལིན་ཤི་ནས་ལོ་ཕྱེད་ཙམ་མ་འགོར་བར་རང་སྲོག་ཆང་ལ་བརྗེས་ཤིང་བུ་ཆུང་ཧ་ལི་ཏུན་ཡང་མི་ངན་ཞི་སི་ཁི་ལི་ཧྥིའི་ལག་ཏུ་ཤོར།         ཞི་སི་ཁི་ལི་ཧྥིས་མུ་མཐུད་དུ་བྱིས་པ་དེར་སྙིང་ནད་བརྩད།        ལོ་ངོ་བཅུ་གཉིས་ཀྱི་རྗེས་སུ་དབྱི་ཧྲ་པེ་ལ་གཞན་ཡུལ་ནས་རང་སྲོག་བསྡུས།        ཞི་སི་ཁི་ལི་ཧྥིས་རང་གི་བུ་ཆུང་གམ་དུ་བླངས་ཀྱང་རིག་ས་གཏན་ནས་མེད།

ཞི་སི་ཁི་ལི་ཧྥི་ལིན་ཏུན་ནད་ཀྱིས་འཆི་ལ་ཁད་དང་བསྟུན་ནས་དེ་དང་ཁད་སིག་ལིན་གཉིས་ཀྱི་བུ་མོ་སྟེ་ཁད་ཏེ་ཕྱིར་ཁྲིད་ཡོང་ནས་བཙན་ཚུགས་སྒོས་རང་གི་བུ་དང་གཉེན་སྒྲིག་ཏུ་བཅུག            ཉིན་འགའ་འགོར་བ་ན་ལིན་ཏུན་ཚེ་ལས་འདས།         ཞི་སི་ཁི་ལི་ཧྥི་ཡང་འཇོལ་མོ་གཞིས་ཀའི་བདག་པོ་གསར་བར་གྱུར།       ཁོའི་བུ་དེ་གཉེན་བསྒྲིགས་ནས་ཅང་མ་འགོར་བར་འགུལ་མེད་གྲགས་མེད་ངང་ཕྱི་མར་ཆས།      

སྐབས་དེར་ཧ་ལི་ཏིན་ལོ་ཉེར་གཉིས་ལ་སོན་ཞིང་།       སློབ་གསོ་མྱོང་བའི་སྐལ་བ་ཕྲོགས་ཀྱང་ཁོ་ནི་གཞུང་དྲང་ཕོ་སྒོ་ཅན་ཞིག་ཡོད།      ཁད་ཏེས་ཁོར་སེམས་པ་ཤོར་བ་ན་ཞི་སི་ཁི་ལི་ཧྥིས་ཤེས་ཏེ་ཁོང་ཁྲོ་ཆེན་པོ་ལངས་ཞོར་དེ་གཉིས་ཁ་ཁར་གཏོང་བསམ་སྐབས།       རྐྱེན་གཞན་པས་དེ་གཉིས་ལ་ཞིབ་ཏུ་བརྟགས་པ་ན་སྔར་ཁད་སིག་ལིན་དང་ཁོ་གཉིས་བར་བྱུང་བའི་ཕན་ཚུན་འབྲལ་མི་ཕོད་པའི་སྣང་བརྙན་དེ་མིག་མདུན་དུ་ཤར་བས།        སྡིག་སེམས་ཡོད་ཚད་ཞི་ཞིང་བརྩེ་སེམས་སྙིང་ནས་འཕྱུར་པས་འཁོན་ལན་སློག་པའི་སེམས་པ་ཞི།       ཁོས་ཁད་སིག་ལིན་དྲན་བྱུང་།        སྙིང་ཁོང་རུས་པའི་སྟེང་ནས་དྲན་བྱུང་།      ཁ་བ་རླུང་གིས་བདས་པའི་མཚན་མོ་ཞིག་ལ་ཁོས་མོའི་མིང་ནས་འབོད་ཞོར་འཇིག་རྟེན་འདི་དང་གྱེས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།