ཕ་ལི་སི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕ་ལི་སི།
ཕ་ལི་སི་ནི་ཕུའུ་ལི་ཨ་མོ་སི་དང་ཧོ་ཁ་པོ་གཉིས་ཀྱི་བུ་ཡིན་ཞིང་། ཕ་ལི་སི་མ་སྐྱེས་པའི་སྔོན་ལ། ཧོ་ཁ་པོས་རྨི་ལམ་ཞིག་རྨིས་ཤིང་། རྨི་ལམ་ནང་དུ་བྱིས་པ་དེ་མེ་ཕུང་ཞིག་ཏུ་སྤྲུལ་ནས་ཕོ་བྲང་ཡོངས་བསྲེགས་ཚར་བ་རེད། ཧོ་ཁ་པོས་རྨི་ལམ་འདི་ལུང་སྟོན་མཁན་ལ་བཤད་པ་དང་། ལུང་སྟོན་མཁན་གྱིས་བྱིས་པ་འདིས་རྒྱལ་ཁབ་འདི་ལ་གོད་ཆགས་དང་ཆགས་འཇིག་བསྐྱལ་ཡོང་ངེས་ཟེར། ཧོ་ཁ་པོ་སྐྲག་ནས་སྐྱེས་མ་ཐག་པའི་བྱིས་པ་དེ་གཡོག་པ་ཞིག་ལ་གནང་ནས། རང་གི་བྱིས་པ་དེ་གསོད་དུ་བཅུག གཡོག་པོས་བྱིས་པ་དེ་སྙིང་རྗེ་ནས་དངོས་སུ་གསོད་མ་ནུས་པར་ཨའེ་ཏ་རི་བོའི་ནགས་ཚལ་ཁྲོད་དུ་དབྱུག རྗེས་སུ་དོམ་ཞིག་གིས་བྱིས་པ་དེ་རང་གི་བྱིས་པ་ལྟར་གསོས། ཆེས་མཐར་འཇུག་ཕྱུགས་རྫི་ཞིག་གིས་ཕ་ལི་སི་རྙེད་ནས། ཕྱིར་ཁྲིད་ཡོང་སྟེ་གཉོར་སྐྱོང་བྱས། ཕ་ལི་སི་ཆུང་དུས་སུ་སྟོབས་དང་ལྡན་པར་གྱུར་ལ། སྔོན་ནས་བཟུང་མི་གཞན་ལས་ཁྱད་འཕགས་ཀྱི་སྙིང་སྟོབས་དང་སྟོབས་ཤུགས་མངོན་ཞིང་། གཞན་ལས་སྔོན་ཐོན་གྱི་ཁྱད་འཕགས་དེ་དག་དོམ་གྱི་འོ་མ་འཐུང་བ་ལས་རྒྱུད་འཛིན་བྱས་པ་དང་འདྲ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
帕里斯
ཕྱི་ཡིག་གི་མིང་།
Paris
མིང་གཞན།
ཡ་ལི་ཁོ་ཧྲན་ཏེ་ལུའོ་སི།
རྩོམ་ཁུངས།
《ཡེ་ལི་ཡ་ཐིག》
རྩོམ་པ་པོ།
ཧོ་མ།
1 ངོ་སྤྲོད།

ཕ་ལི་སི་ནི་ཕུའུ་ལི་ཨ་མོ་སི་དང་ཧོ་ཁ་པོ་གཉིས་ཀྱི་བུ་ཡིན་ཞིང་།   ཕ་ལི་སི་མ་སྐྱེས་པའི་སྔོན་ལ།   ཧོ་ཁ་པོས་རྨི་ལམ་ཞིག་རྨིས་ཤིང་།   རྨི་ལམ་ནང་དུ་བྱིས་པ་དེ་མེ་ཕུང་ཞིག་ཏུ་སྤྲུལ་ནས་ཕོ་བྲང་ཡོངས་བསྲེགས་ཚར་བ་རེད།   ཧོ་ཁ་པོས་རྨི་ལམ་འདི་ལུང་སྟོན་མཁན་ལ་བཤད་པ་དང་།   ལུང་སྟོན་མཁན་གྱིས་བྱིས་པ་འདིས་རྒྱལ་ཁབ་འདི་ལ་གོད་ཆགས་དང་ཆགས་འཇིག་བསྐྱལ་ཡོང་ངེས་ཟེར།   ཧོ་ཁ་པོ་སྐྲག་ནས་སྐྱེས་མ་ཐག་པའི་བྱིས་པ་དེ་གཡོག་པ་ཞིག་ལ་གནང་ནས།    རང་གི་བྱིས་པ་དེ་གསོད་དུ་བཅུག   གཡོག་པོས་བྱིས་པ་དེ་སྙིང་རྗེ་ནས་དངོས་སུ་གསོད་མ་ནུས་པར་ཨའེ་ཏ་རི་བོའི་ནགས་ཚལ་ཁྲོད་དུ་དབྱུག   རྗེས་སུ་དོམ་ཞིག་གིས་བྱིས་པ་དེ་རང་གི་བྱིས་པ་ལྟར་གསོས།   ཆེས་མཐར་འཇུག་ཕྱུགས་རྫི་ཞིག་གིས་ཕ་ལི་སི་རྙེད་ནས།   ཕྱིར་ཁྲིད་ཡོང་སྟེ་གཉོར་སྐྱོང་བྱས།   ཕ་ལི་སི་ཆུང་དུས་སུ་སྟོབས་དང་ལྡན་པར་གྱུར་ལ།   སྔོན་ནས་བཟུང་མི་གཞན་ལས་ཁྱད་འཕགས་ཀྱི་སྙིང་སྟོབས་དང་སྟོབས་ཤུགས་མངོན་ཞིང་།   གཞན་ལས་སྔོན་ཐོན་གྱི་ཁྱད་འཕགས་དེ་དག་དོམ་གྱི་འོ་མ་འཐུང་བ་ལས་རྒྱུད་འཛིན་བྱས་པ་དང་འདྲ།

2 འབྲེལ་ཡོད་གཏམ་རྒྱུད།

ཕ་ལི་སི་ནར་སོན་རྗེས།   ཨོ་ལིན་ཕིག་སི་རི་བོའི་སྟེང་གི་ལྷ་མོ་དག་གི་འཁྲུག་རྩོད་དུ་ཚུད་ཅིང་།   ཁོར་ཧོ་ལ་དང་ཡ་ཏིང་ན།  ཨ་ཧྥོ་ལུའོ་ཏི་ཉེ་བཅས་ལྷ་མོ་འདི་གསུམ་གྱི་ཁྲོད་ཆེས་མཛེས་པའི་ལྷ་མོ་བདམས་པའི་དབང་ཆ་ཐོབ་པ་དང་།  ཆེས་མཛེས་པའི་ལྷ་མོ་ལ་གསེར་གྱི་ཀུ་ཤུ་ཐོབ་ཐུབ་པ་ཡིན།      ཧོ་ལས་ཕ་ལི་སི་ལ་བཤད་རྒྱུར།   གལ་ཏེ་གསེར་གྱི་ཀུ་ཤུ་དེ་མོར་གནང་ན།   མོས་ཕ་ལི་སི་ལ་དབང་ཆ་གནང་ནས་ཁོ་རང་དབང་མངའ་ཐང་ཆེ་བའི་རྒྱལ་བོ་ཞིག་ཏུ་འགྱུར་རུ་འཇུག་ངེས་པ་དང་།   ཡ་ཏེང་ན་ཡིས་ཕ་ལི་སི་ལ་གལ་ཏེ་གསེར་གྱི་ཀུ་ཤུ་དེ་མོར་ཐོབ་ཚེ་མོས་ཕ་ལི་སི་ནི་ཤེས་རབ་དང་ནུས་པ་ཡིས་ཁེངས་པའི་མི་ཞིག་ཏུ་འགྱུར་རུ་འཇུག་ཚུལ་བཤད།   ཨ་ཧྥོ་ལུའོ་ཏི་ཉེ་ཡིས་ཕ་ལི་སི་ལ་བཤད་རྒྱུར།   གལ་ཏེ་གསེར་གྱི་ཀུ་ཤུ་དེ་མོར་ཐོབ་ཚེ།   མོས་མིའི་རིགས་ཀྱི་ཆེས་མཛེས་བའི་བུ་མོ་ཧའེ་ལུན་ཁྱོད་རང་གི་ཆུང་མ་བྱེད་དུ་འཇུག་ཅེས་ཟེར།   གཏམ་དེ་ཐོས་རྗེས་འདོད་ཆགས་ཀྱིས་མྱོས་པའི་ཕ་ལི་སི་ཡིས་གསེར་གྱི་ཀུ་ཤུ་དེ་ཨ་ཧྥོ་ལུའོ་ཏི་ཉེ་ལ་གནང་བ་དང་།   རང་ཉིད་ཀྱིས་མིའི་རིགས་ཀྱི་ཆེས་མཛེས་བའི་བུ་མོ་ཧའེ་ལུན་ཆུང་མར་བླངས་པས་ཐའེ་ལོ་ཡེ་དམག་འཁྲུག་གི་འགོ་བསླངས།   མཐར་འཇུག་ཁོ་རང་ཐའེ་ལོ་ཡེ་དམག་འཁྲུག་ཁྲོད་ཧྥེ་ལུའོ་ཁོ་ཐེ་ཐེ་སི་ཡི་ལག་ཏུ་རང་སྲོག་ཤོར།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-01-11

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།